དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-05-12 19:14:34   |   119

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

a3fdb26ab023262a70815b9c4f27efd.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། ནང་ཆེན་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁངས་དྲག་པོ(སྨི་སྟོང་ཤས5.5~11.0)ཡོད་ལ། ཡུལ་ཤུལ་གྲོང་ཁྱེར་དང་རྫ་སྟོད། པདྨ། གཅིག་སྒྲིལ་གྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན(སྨི་སྟོང་ཤས2.5~9.5)འབབ་ཅིང་། ཁྲི་འདུ་དང་འབྲི་སྟོད། དར་ལག ཐེམ་ཆེན། མདོ་ལའི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཆར(ཁངས)ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1~2.0)འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།  

སང་ཉིན་ཉིན་མོར། ན་གོར་མོ་དང་འཇུ་ལག འབྲི་སྟོད་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན(སྨི་སྟོང་ཤས2.5~6.0)འབབ་ཅིང་། ཟི་ལིང་བྱང་རྒྱུད་དང་མཚོ་ཤར་བྱང་རྒྱུད། མཚོ་བྱང་། ཡུལ་ཤུལ་གྱི་ས་ཁུལ་མང་ཆེ་བ། མགོ་ལོག་གི་ས་ཁུལ་མང་ཆེ་བ། རྨ་ལྷོའི་ལྷོ་རྒྱུད་དང་ཐེམ་ཆེན། བྲག་དཀར། འབའ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་བཅས་སུ་ཆར(ཁངས)ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1~2.4)འབབ་པ་དང་།  ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། 

6214a329b82606e1fdfd9ce56d3eb83.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། མེད།
མཉམ་སྤྱོད།