དེ་རིང་ནི2025ལོའི་ཟླ07པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-05-20 14:32:27   |   527

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

12.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། གཏེར་ལེན་ཁ་གྲོང་ཁྱེར་དང་འབྲི་སྟོད། ཆུ་དམར་ལེབ། རྨ་སྟོད་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་ཧ་ཅང་ཆེན་པོ(སྨི་སྟོང་ཤས 5.0~13.0)འབབ་རྒྱུ་ཡིན་ཞིང་། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་ཡུལ་ཤུལ། མགོ་ལོག མཚོ་ལྷོའི་ས་ཁུལ་མང་བ་ཆེ་བ་བཅས་སུ་ཆར(ཁངས)ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས 0.1~8.0)འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བའམ་གནམ་ཐང་རྒྱུ་རེད།  

སང་ཉིན་ཉིན་མོར། སྟོང་སྐོར་དང་སྐུ་འབུམ། རྟ་ཐང་། མདོ་ལ། འཇུ་ལག ཐེམ་ཆེན། ཁྲི་ཀ གཅན་ཚ། རེབ་གོང་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་སུ་ཆར་ཆེན(སྨི་སྟོང་ཤས25.0~34.0)འབབ་རྒྱུ་ཡིན་ཞིང་། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ནུབ་ཤར་རྒྱུད། ཡུལ་ཤུལ་ཤར་རྒྱུད། མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་སུ་ཆར(ཁངས)ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ(སྨི་སྟོང་ཤས 0.1~16.0)འབབ་རྒྱུ་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།  

fe4553bba8eb59f199ff25f7f11a649.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།