དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-05-26 17:43:33   |   430

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250403180712.jpg

སང་ཉིན་གྱི་གནམ་གཤིས།

སྔོན་དཔག་ལྟར་ན། དེ་རིང་དགོང་མོར། ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད། འབྲི་སྟོད། དར་ལག  པད་མ། གཅིག་སྒྲིལ་བཅས་ལ་ཆར་འབྲིང་(སྨི་སྟོང་ཤས10.0ནས15.0བར)འབབ་རྒྱུ་ཡིན་པ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་ལ་ཁངས་ཆེན་ནས་ཁངས་ཤལ་ (སྨི་སྟོང་ཤས5.0ནས12.0བར)འབབ་རྒྱུ་རེད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་དང་། མགོ་ལོག་གི་དབུས་བྱང་རྒྱུད། རྨ་ལྷོའི་ལྷོ་རྒྱུད་དང་། བྲག་དཀར་དང་། འབའ་རྫོང་བཅས་ལ་ཆར་ཆུང་(ཁངས་ཆུང)ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས9.0བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་དང་། མགོ་ལོག་གི་ས་ཆ་མང་ཆེ་བར་ཆར་ཆུང་(ཁངས་ཆུང་)ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས1.0བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

微信图片_20250526222635.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།