སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།
སང་ཉིན་གྱི་ཚེས་ཆ།
སང་ཉིན་གྱི་གནམ་གཤིས།
དེ་རིང་དགོང་མོར། ན་གོར་མོ་གྲོང་ཁྱེར་དང་། འབྲི་སྟོད་ལ་ཆར་ཆུང་(ཁངས་ཆུང་)ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས2.2བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།
སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ཤར་རྒྱུད་དང་། མཚོ་ལྷོའི་ལྷོ་རྒྱུད། མཚོ་བྱང་། ཡུལ་ཤུལ། མགོ་ལོག རྨ་ལྷོའི་ས་ཆ་མང་ཆེ་བ། རྟ་ཐང་། ན་གོར་མོ་གྲོང་ཁྱེར་བཅས་ལ་ཆར་ཆུང་(ཁངས་ཆུང་)ངམ་ཁངས་ཆར་འདྲེས་མ(སྨི་སྟོང་ཤས0.1ནས་8.0བར)འབབ་རྒྱུ་རེད། དེའི་ནང་། ཆུ་དམར་ལེབ་དང་། འབྲི་སྟོད། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་མཚོ་འཕགས་མཐོ་བའི་ས་ཁུལ་ལ་ཁངས་འབྲིང་ཙམ་(སྨི་སྟོང་ཤས2.5ནས་3.6བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།