དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-06-22 19:32:02   |   788

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

82be37f55c0ef2e988a842775b4b6b1.jpg

སང་ཉིན་གྱི་གནམ་གཤིས། 

དེ་རིང་དགོང་མོར། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་དང་གུང་ཧོ། ཐེམ་ཆེན། རྐང་ཚ། མདོ་ལ། འཇུ་ལག རྨ་སྟོད། དར་ལག ན་གོར་མོ་གྲོང་ཁྱེར། གཏེར་ལམ་བཅས་སུ་ཆར་ཆུང་ཆུང་ངམ་ཡང་ན་ཐོལ་ཆར(སྨི་སྟོང་ཤས0.1~14)འབབ་པ་དང་། དེའི་ཁྲོད་ཆུ་དམར་ལེབ་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང(སྨི་སྟོང་ཤས10~14)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད། 

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་བའམ་ཡང་ན་གནམ་ཐང་རྒྱུ་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་ངམ་ཡང་ན་ཐོལ་ཆར(སྨི་སྟོང་ཤས0.1~20)འབབ་པ་དང་། དེའི་ཁྲོད་མཚོ་བྱང་བྱང་རྒྱུད་དང་མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོའི་ས་ཆ་མང་ཆེ་བ། སྟོང་སྐོར། རྟ་ཐང་། དགོན་ལུང་། དམར་གཙང་། བ་ཡན། ཐེམ་ཆེན། ཁྲི་ཀ། མང་རྫོང་། འབའ་རྫོང་གི་ས་ཁུལ་ཁག་གཅིག་བཅས་སུ་ཆར་འབྲིང(སྨི་སྟོང་ཤས10~20)འབབ་རྒྱུ་རེད།

0287bd58b6dd9d54f91017947a68dd0.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།