དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-03 19:57:30   |   50

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250803192915.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཚྭ་འདམ་གཞུང་དང་། ནང་ཆེན། པད་མ་བཅས་ཀྱི་ས་ཁུལ་ལ་ལར་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་དང་དེའི་ཡན་གྱི་ཆར་ཆུ(སྨི་སྟོང་ཤས1ནས80བར)འབབ་རྒྱུ་རེད། དེའི་ནང་། ཟི་ལིང་དང་། མཚོ་ཤར། མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་ལྷོའི་བྱང་རྒྱུད། མཚོ་བྱང་གི་མང་ཆེ་བ། རྨ་ལྷོའི་བྱང་རྒྱུད་བཅས་ལ་ཆར་འབྲིང་ནས་ཆར་ཆེན(སྨི་སྟོང་ཤས10ནས་49བར)འབབ་རྒྱུ་རེད། རྟ་ཐང་དང་། སྐུ་འབུམ། སྟོང་སྐོར། དགོན་ལུང་། དམར་གཙང་། གྲོ་ཚང་། གཞུང་ཐང་། ཡ་རྫི། གསེར་ཆེན། ཁྲི་ཀ། གཙན་ཚ་བཅས་ཀྱི་ས་ཆ་ལ་ལར་དྲག་ཆར(སྨི་སྟོང་ཤས50ནས80བར)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། ཞིང་ཆེན་ཡོངས་ཀྱི་མང་ཆེ་བར་ཆར་ཆུང་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(སྨི་སྟོང་ཤས་1ནས18བར)འབབ་རྒྱུ་རེད། དེའི་ནང་། མཚོ་ལྷོའི་མང་ཆེ་བ་དང་། རྨ་ལྷོའི་ལྷོ་རྒྱུད། རྨ་ཆེན་གྱི་ས་ཆ་ལ་ལར་བཅས་ལ་ཆར་འབྲིང(སྨི་སྟོང་ཤས10ནས18བར)འབབ་རྒྱུ་རེད།

微信图片_20250803195917.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། མེད།
མཉམ་སྤྱོད།