དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-09 20:06:21   |   419

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250809200434.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་མང་ཆེ་བར་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(སྨི་སྟོང་ཤས1ནས45བར)འབབ་རྒྱུ་རེད། དེའི་ནང་། ཟི་ལིང་གི་མང་ཆེ་བ་དང་། མཚོ་ཤར་གྱི་མང་ཆེ་བ། རྨ་ལྷོའི་མང་ཆེ་བ། མགོ་ལོག་གི་དབུས་ལྷོ་རྒྱུད་དང་། འཇུ་ལག གསེར་ཆེན། ཁྲི་ཀ། མང་རྫོང་། འབའ་རྫོང་། རྫ་སྟོད། ཡུལ་ཤུལ། ནང་ཆེན་བཅས་ལ་ཆར་འབྲིང་(སྨི་སྟོང་ཤས10ནས24བར)འབབ་རྒྱུ་རེད། རྟ་ཐང་དང་། དགོན་ལུང་། སྐུ་འབུམ། སྟོང་སྐོར། དཔའ་ལུང་། གཙན་ཚ། གསེར་ཆེན། སོག་རྫོང་། གཅིག་སྒྲིལ་བཅས་ཀྱི་ས་ཆ་ལ་ལར་ཆར་ཆེན་(སྨི་སྟོང་ཤས25ནས45བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་ནུབ་ཀྱི་མང་ཆེ་བར་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཐོལ་ཆར་རམ་ཐོག་ཆར་(སྨི་སྟོང་ཤས1ནས20བར)འབབ་རྒྱུ་རེད། དེའི་ནང་། རྟ་ཐང་དང་། དགོན་ལུང་། སྐུ་འབུམ། དཔའ་ལུང་། ཡ་རྫི། གཞུང་ཐང་། ཁྲི་ཀ། རྩེ་ཁོག ནང་ཆེན། པད་མ་བཅས་ཀྱི་ས་ཆ་ལ་ལར་ཆར་འབྲིང་(སྨི་སྟོང་ཤས10ནས20་བར)འབབ་རྒྱུ་རེད།

微信图片_20250809200510.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།