དེ་རིང་ནི2025ལོའི་ཟླ08པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-08-17 17:49:33   |   306

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

817.5.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཟི་ལིང་དང་མཚོ་ནུབ་ཀྱི་ཤར་རྒྱུད། མཚོ་བྱང་གི་ས་ཆ་མང་ཆེ་བ། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། དེ་བཞིན་དགོན་ལུང་དང་གྲོ་ཚང་། གསེར་ཆེན། ཁྲི་ཀ། མང་རྗོང་། འབའ་རྗོང་། བྲག་དཀར་རྗོང་། རྨ་སྟོད་བཅས་ལ་ཆར་ཆུང་ངམ་ཐོལ་ཆར(ཧའོ་སྨི1ནས52བར)འབབ་རྒྱུ་དང་། དེའི་ནང་རྟ་ཐང་དང་སྐུ་འབུམ། མདོ་ལ། ཐེམ་ཆེན་བཅས་ལ་ཆར་འབྲིང་ནས་དྲག་ཆར(ཧའོ་སྨི10ནས49བར)འབབ་རྒྱུ་རེད། སྟོང་སྐོར་དང་དུར་ལམ་གྱི་ས་ཆ་ཁག་ཅིག་ལ་དྲག་ཆར(ཧའོ་སྨི50ནས52བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི1ནས52བར)འབབ་རྒྱུ་དང་། ཟི་ལིང་གི་ས་ཆ་མང་ཆེ་བ། མཚོ་ཤར་གྱི་ས་ཆ་མང་ཆེ་བ། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། ཡུལ་ཤུལ་གྲོང་ཁྱེར་བཅས་ལ་ཆར་འབྲིང(ཧའོ་སྨི10ནས24བར)འབབ་རྒྱུ་རེད། རྟ་ཐང་། གཅན་ཚ། རྩེ་ཁོག དགའ་བདེ། གཅིག་སྒྲིལ་བཅས་ལ་ཆར་ཆེན(ཧའོ་སྨི25ནས49བར)འབབ་རྒྱུ་དང་། དཔའ་ལུང་དང་ཞོན་ཧྭ། ཐུན་རིན་གྱི་ས་ཆ་ཁ་ཤས་བཅས་ལ་དྲག་ཆར(ཧའོ་སྨི50ནས52བར་)འབབ་རྒྱུ་རེད།

99999.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།