དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-01 19:34:56   |   381

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

1.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་སྤྲིན་མང་བའམ་གནམ་རུབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་དེའི་ཡན་གྱི་ཆར(ཧའོ་སྨི1ནས78བར)འབབ་རྒྱུ་རེད། དེའི་ཁྲོད་ཟི་ལིང་དང་། མཚོ་ཤར། མཚོ་བྱང་གི་ས་ཆ་མང་ཆེ་བ། མཚོ་ལྷོའི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད། ཐེམ་ཆེན། དབུས་ལམ། ཁྲི་འདུ། ཡུལ་ཤུལ་གྲོང་ཁྱེར་བཅས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་འབྲིང་ནས་ཆར་ཆེན(ཧའོ་སྨི10ནས49བར)འབབ་རྒྱུ་དང་། སྐུ་འབུམ། སྟོང་སྐོར། ཧོར་གྲོང་། དམར་གཙང་། གྲོ་ཚང་། དཔའ་ལུང་། ཡ་རྫི། གཞོང་ཐང་། གཅན་ཚ། རེབ་གོང་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར(ཧའོ་སྨི50ནས78བར)འབབ་རྒྱུ་རེད། མདོ་ལ་རིང་མོ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན(ཧའོ་སྨི3ནས8བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། ཟི་ལིང་གི་ས་ཆ་མང་ཆེ་བ། མཚོ་ཤར། རྨ་ལྷོ། མགོ་ལོག་གི་ལྷོ་རྒྱུད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། འཇུ་ལག ཁྲི་ཀ མང་རྫོང་བཅས་ཀྱི་ས་ཁུལ་དུ་ཆར་ཆུང་ངམ་ཐོལ་ཆར(ཧའོ་སྨི1ནས9བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཤར་རྒྱུད་ས་ཁུལ་གྱི་ཉིན་གྱི་ཆེས་མཐོ་བའི་དྲོད་ཚད་མར་ཆག་རྒྱུ་རེད།

2.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།