དེ་རིང་ནི2025ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-26 17:44:38   |   168

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250926174251_305_2.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཟི་ལིང་དང་། མཚོ་ཤར། མཚོ་ལྷོ། མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད། རྨ་ལྷོ་བཅས་དང་། ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད། ནང་ཆེན་བཅས་ཀྱི་ས་ཁུལ་ཁ་ཤས་བཅས་སུ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1ནས19བར) འབབ་རྒྱུ་རེད། དེའི་ནང་སྟོང་སྐོར་དང་། སྐུ་འབུམ། གཞོང་ཐང་། ཡ་རྫི། མང་རྫོང་། གསེར་ཆེན། གཅན་ཚ། སོག་རྫོང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང(ཧའོ་སྨི10ནས19བར) འབབ་རྒྱུ་རེད། མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་ཆུང(ཧའོ་སྨི0.1ནས2བར) འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། ཟི་ལིང་གི་ས་ཆ་མང་ཆེ་བ་དང་། མཚོ་ཤར་གྱི་ས་ཆ་མང་ཆེ་བ། མཚོ་བྱང་གི་བྱང་རྒྱུད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ་བཅས་སུ་ཆར་ཆུང་ངམ་ཡང་ན་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1ནས9བར) འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

微信图片_20250926174332_307_2.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།