དེ་རིང་ནི2025ལོའི་ཟླ10པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-09-30 19:47:59   |   176

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20250930194607_8_3.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ནས་ཆར་འབྲིང་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1ནས59བར)འབབ་རྒྱུ་རེད། དེའི་ནང་། ཟི་ལིང་གི་ནུབ་རྒྱུད་དང་། མཚོ་ཤར་གྱི་ས་ཆ་མང་ཆེ་བ། རྨ་ལྷོའི་ས་ཆ་མང་ཆེ་བ་བཅས་དང་། རྟ་ཐང་དང་། ཁྲི་ཀ། མང་རྫོང་བཅས་ལ་ཆར་ཆེན(ཧའོ་སྨི25ནས45བར)འབབ་རྒྱུ་རེད། གཞོང་ཐང་དང་། དཔའ་ལུང་། ཡ་རྫི། གཅན་ཚ། རེབ་གོང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར(ཧའོ་སྨི50ནས59བར)འབབ་རྒྱུ་རེད། མདོ་ལ་རི་ཁུལ་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན་ནམ་ཡང་ན་ཁངས་ཆར་འདྲེས་མ(ཧའོ་སྨི1ནས8བར)འབབ་རྒྱུ་རེད།

སང་ཉིན་ཉིན་མོར། ཟི་ལིང་དང་། མཚོ་ཤར། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་གི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོ་བཅས་དང་། ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད། ནང་ཆེན་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ངམ་ཐོལ་ཆར(ཧའོ་སྨི0.1ནས8)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

微信图片_20250930194630_9_3.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།