དེ་རིང་ནི2025ལོའི་ཟླ10པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-10-10 20:08:03   |   233

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20251010200703_38_3.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ནུབ་རྒྱུད་དང་། མཚོ་བྱང་གི་བྱང་རྒྱུད། ཡུལ་ཤུལ་གྱི་ཤར་རྒྱུད་བཅས་སུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1ནས14བར)འབབ་རྒྱུ་རེད། དེའི་ནང་། བྲག་དཀར་དང་། རེབ་གོང་། རྩེ་ཁོག སོག་རྫོང་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་(ཧའོ་སྨི10ནས14བར)འབབ་རྒྱུ་རེད། ས་བབ་མཐོ་བའི་ས་ཁུལ་དུ་ཆར་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ(ཧའོ་སྨི0.1ནས2བར)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ནུབ་ཀྱི་ནུབ་རྒྱུད་དང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་ལྷོ་རྒྱུད་བཅས་སུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ངམ་ཐོལ་ཆར་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི0.1ནས20བར)འབབ་རྒྱུ་རེད། དེའི་ནང་། མཚོ་ནུབ་ཀྱི་ཤར་རྒྱུད་དང་། མཚོ་བྱང་གི་བྱང་རྒྱུད། རྟ་ཐང་། དགོན་ལུང་བཅས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་འབྲིང་(ཧའོ་སྨི10ནས20བར)འབབ་རྒྱུ་རེད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་དང་། མགོ་ལོག་གི་ས་ཆ་མང་ཆེ་བར་རིམ་པ5ནས6གི་ནུབ་ཡོའི་རླུང་གཡུག་པ་དང་། ཐོལ་རླུང་རིམ་པ7ལ་ཐོན་རྒྱུ་རེད།

微信图片_20251010200640_37_3.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།