དེ་རིང་ནི2025ལོའི་ཟླ10པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-10-22 17:10:50   |   62

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

111.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་ཡུལ་ཤུལ་གྱི་ས་ཁུལ་མང་ཆེ་བ། མགོ་ལོག་གི་ལྷོ་རྒྱུད་བཅས་སུ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང(ཁངས)ངམ་ཁངས་ཆར་འདྲེས་མ་དང་དེའི་ཡན་གྱི་ཆར་ཆུ(ཧའོ་སྨི1ནས16)འབབ་རྒྱུ་རེད། དེའི་ཁྲོད་སྐུ་འབུམ་དང་གྲོ་ཚང་། གཞོང་ཐང་། དཔའ་ལུང་། གཅན་ཚ། རེབ་ཀོང་གི་ས་ཁུལ་ཁ་ཤས་བཅས་ལ་ཁངས་ཆར་འདྲེས་མའམ་ཆར་འབྲིང(ཧའོ་སྨི2ནས16)འབབ་རྒྱུ་རེད། ས་ཁུལ་ལ་ལར་ཁངས་འབྲིང་ནས་ཁངས་ཆེན(ཧའོ་སྨི3ནས8)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། མཚོ་ནུབ་ཀྱི་ས་ཁུལ་མང་ཆེ་བ་དང་མགོ་ལོག་གི་བྱང་རྒྱུད་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང(ཁངས)ངམ་ཁངས་ཆར་འདྲེས་མ(ཧའོ་སྨི1ནས9)འབབ་རྒྱུ་རེད། ས་བབ་མཐོ་བའི་ས་ཁུལ་དུ་ཁངས་ཆུང་ནས་ཁངས་འབྲིང(ཧའོ་སྨི1ནས3)འབབ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་ཉིན་གྱི་དྲོད་ཚད་མཐོ་ཤོས6~8℃མར་ཆག་རྒྱུ་རེད།

1022.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།