དེ་རིང་ནི2025ལོའི་ཟླ11པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2025-11-05 19:50:40   |   173

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

微信图片_20251105195036_459_2.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ན་གོར་མོ་གྲོང་ཁྱེར་དང་། གཏེར་ལམ། ཐེམ་ཆེན། མདོ་ལ། ཆུ་དམར་ལེབ། འབྲི་སྟོད། རྫ་སྟོད། ཁྲི་འདུ། རྨ་སྟོད། རྨ་ཆེན། བྲག་དཀར་བཅས་ཀྱི་ས་ཆ་ལ་ལར་ཁངས་ཆུང་ངམ་ཐོལ་ཁངས་(ཧའོ་སྨི0.1ནས2བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་དཀར། ཟི་ལིང་གི་ས་ཆ་མང་ཆེ་བ་དང་། མཚོ་ཤར་གྱི་ས་ཆ་མང་ཆེ་བ། མཚོ་བྱང་གི་ས་ཆ་མང་ཆེ་བ་བཅས་དང་། གཏེར་ལེན་ཁ་གྲོང་ཁྱེར། ཐེམ་ཆེན། མང་ནེ། ན་གོར་མོ་གྲོང་ཁྱེར། གཏེར་ལམ། བྲག་དཀར། ཆུ་དམར་ལེབ། རྨ་སྟོད་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ(ཧའོ་སྨི0.1ནས9བར)འབབ་རྒྱུ་རེད། མདོ་ལའི་ས་ཁུལ་དུ་ཁངས་འབྲིང(ཧའོ་སྨི3ནས5བར)འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད། བྱང་རྒྱུད་ས་ཁུལ་གྱི་ཉིན་མོའི་ཆེས་མཐོ་བའི་དྲོད་ཚད་ཏུའུ4ནས6བར་མར་ཆག་རྒྱུ་ཡིན་པ་དང་། ས་ཆ་ལ་ལའི་དྲོད་ཚད་ཏུའུ8ཡན་མར་ཆག་རྒྱུ་རེད། ཟི་ལིང་དང་། མཚོ་ཤར་དུ་རིམ་པ4ནས5བར་གྱི་ནུབ་ཡོའི་རླུང་གཡུག་པ་དང་། ཚྭ་འདམ་གཤོང་དང་། ཡུལ་ཤུལ། མགོ་ལོག་བཅས་སུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་རེད། ཐོལ་རླུང་རིམ་པ8ཡན་ལ་སླེབས་རྒྱུ་རེད།

微信图片_20251105195006_458_2.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།