དེ་རིང་ནི2026ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2026-04-18 19:42:55   |   173

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

19.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། མཚོ་བྱང་གི་ས་ཆ་མང་ཆེ་བ་དང་། ཐེམ་ཆེན། གཏེར་ལེན་ཁ་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས(ཆར)ཆུང་ངམ་ཁངས་ཆར་འདྲེས་མ(ཧའོ་སྨི0.1ནས1བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་རྒྱུ་རེད།

སང་ཉིན་ཉིན་མོར། མཚོ་བྱང་དང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། རྟ་ཐང་། ཐེམ་ཆེན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར(ཁངས)ཆུང་ངམ་ཁངས་ཆར་འདྲེས་མ(ཧའོ་སྨི0.1ནས5བར)འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། མཚོ་སྔོན་པོའི་འབབ་རྒྱུད་དུ་རིམ་པ6ནས7བར་གྱི་ནུབ་ཡོའི་རླུང་གཡུག་རྒྱུ་དང་། ཤར་རྒྱུད་ཀྱི་ལུང་གཞུང་དུ་རིམ་པ5ནས6བར་གྱི་ཤར་ཡོའི་རླུང་གཡུག་རྒྱུ་རེད། ས་ཁུལ་ཁ་ཤས་སུ་བྱེ་རྡུལ་འཚུབ་རྒྱུ་རེད།

19.png


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།