དེ་རིང་ནི2026ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས་ཆ་དང་གནམ་གཤིས།

2026-04-27 16:46:34   |   400

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་གནམ་གཤིས་ལས་ཁུངས།  བཤེར་འབེབས། རིན་ཆེན་ཚེ་རིང་།


སང་ཉིན་གྱི་ཚེས་ཆ།

84dbc20117dfd59fc689b1857e10c1c6.jpg

སང་ཉིན་གྱི་གནམ་གཤིས།

དེ་རིང་དགོང་མོར། ཟི་ལིང་དང་མཚོ་ཤར། མཚོ་ལྷོའི་ས་ཆ་མང་ཆེ་བ། མཚོ་བྱང་། མགོ་ལོག་གི་དབུས་ལྷོ་རྒྱུད། རྨ་ལྷོ། ཐེམ་ཆེན། དབུས་ལམ། ཡུལ་ཤུལ་གྲོང་ཁྱེར། ནང་ཆེན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར(ཁངས)ཆུང་ཆུང་ནས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་དང་དེའི་ཡན་གྱི་ཆར་ཆུ (ཧའོ་སྨི0.1~14)འབབ་པ་དང་། དེའི་ནང་མགོ་ལོག་གི་ལྷོ་རྒྱུད་དང་རྟ་ཐང་། དགོན་ལུང་། བ་ཡན། འཇུ་ལག མདའ་བཞིའི་ས་ཁུལ་ཁ་ཤས་བཅས་སུ་ཁངས་འབྲིང་ནས་ཁངས་ཆེན (ཧའོ་སྨི2.5~9)འབབ་ཅིང་། སྐུ་འབུམ་དང་སྟོང་སྐོར། དམར་གཙང་། གྲོ་ཚང་གི་ས་ཁུལ་ཁ་ཤས་བཅས་སུ་ཆར་འབྲིང(ཧའོ་སྨི10~14)འབབ་རྒྱུ་རེད།

སང་ཉིན་ཉིན་དཀར། ཟི་ལིང་དང་མཚོ་ཤར། མཚོ་བྱང་། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་རྒྱུད། རྨ་ལྷོ། ཐེམ་ཆེན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཐོལ་ཆར(ཁངས)རམ་ཡང་ན་ཁངས་ཆར་འདྲེས་མ (ཧའོ་སྨི0.1~13)འབབ་པ་དང་། དེའི་ནང་རྟ་ཐང་དང་དགོན་ལུང་། འཇུ་ལག་གི་ས་ཁུལ་ཁ་ཤས་བཅས་སུ་ཁངས་འབྲིང (ཧའོ་སྨི10~13)འབབ་ཅིང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་ཡང་ན་སྤྲིན་མང་རྒྱུ་རེད།

a1d10b2f1d9d51404afa3dfd21161656.jpg


སྐབས་སྔོན་མ། ཚེས་ཆ་དང་གནམ་གཤིས།
སྐབས་རྗེས་མ། ཚེས་ཆ་དང་གནམ་གཤིས།
མཉམ་སྤྱོད།