དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་གྱི་དུས་རབས་གསར་པའི་རྒྱ་གྲམ་དམར་པོའི་བྱ་བར་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར།

2022-10-10 08:37   |   2606

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། སངས་རྒྱས་སྐྱིད།


《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་བསམ་འཆར》རྒྱལ་སྤེལ〔2012〕ཨང25པདང《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ལག་བསྟར་བསམ་འཆར》མཚོ་སྔོན་སྲིད་སྤེལ〔2014〕ཨང11པ《མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞིའི2023-2025ལོ་བར》མཚོ་སྔོན་རྒྱ་གྲམ་དམར་པོ〔2023〕ཨང8པཡིག་ཆའི་དགོངས་དོན་གཞིར་བཟུང་ནས་ཁུལ་གྱི་རྒྱ་གྲམ་དམར་པོ་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དང་། ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་ལས་དོན་གྱི་བདེ་ཐང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་བྱང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། གཤམ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

དང་པོ། སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གིས་རྒྱ་གྲམ་དམར་པོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཆང་བ། “མི་ཆོས་དང་སྙིང་བརྗེ། གཅེས་འབུལ”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་ཏང་དང་སྲིད་གཞུང་གི་མི་ཆོས་ལས་རིགས་མངའ་ཁོངས་ཀྱི་རམ་འདེགས་ནུས་པ་འདོན་སྤེལ་གང་ལེགས་དང་། འཕེལ་རྒྱས་གསར་བའི་ངེས་གནས་ལ་རྐང་བཙུགས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་དང་དེའི་ནང་དུ་ཞུགས་པ། ཁྲིམས་ལྟར་འགན་ནུས་ལག་བསྟར་དང་བཅོས་སྒྱུར་གསར་སྤེལ་གཏིང་ཟབ་བྱེད་པ། རང་སྟེང་གི་འཇོན་ནུས་ཇེ་མཐོར་གཏོང་བ། སྔར་ལས་བཟང་བའི་སྒོ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་ཞབས་ཞུ་བྱེད་པ་དང་། ཤུགས་ཆེན་པོས་ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། མགྱོགས་མྱུར་ངང“243”འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་ནུས་ཤུགས་ཡོད་རྒུས་“མཚོ་བྱང་ལྔ”བསྐྲུན་པར་རྒྱ་གྲམ་དམར་པོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

གཉིས་པ། ལས་འགན་གཙོ་བོ།

གཅིག  རྒྱ་གྲམ་དམར་པོའི་ཚོགས་པའི་ཆབ་སྲིད་རང་བཞིན་སྔར་ལས་ཆེ་རུ་གཏོང་བ།

1.ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་རིགས་པའི་གཞུང་ལུགས། སྲིད་ཇུས། བྱེད་ཕྱོགས། ཞིང་ཆེན་དང་ཁུལ་ཨུ། ཁུལ་སྲིད་གཞུང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དང་། གཏིང་ཟབ་པའི་སྒོ་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”བརྟན་པོར་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། “ཏང་གི་རྒྱ་གྲམ་དམར་པོའི་ཚོགས་པ་ཡིན་པ་དང་རྒྱ་གྲམ་དམར་པོ་ཚོགས་པ་ཏང་ལ་དགའ་བ། རྒྱ་གྲམ་དམར་པོ་ཚོགས་པས་ཏང་གི་ཆེད་དུ་ལས་དོན་སྒྲུབ་པ”ཞེས་པའི་ཆབ་སྲིད་ཀྱི་བླང་བྱ་ལག་ལེན་ཧུར་ཐག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་རྒྱུན་འཛིན་དང་ཇེ་དྲག་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། “མི་ཆོས་དང་སྙིང་རྗེ། གཅེས་འབུལ”གྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”དང་“སྐལ་བཟང་གི་ལྷག་སེམས”སོགས་སྙིང་སྟོབས་དང་ཟུང་འབྲེལ་བྱས་ཏེ། གཙོ་གནད་ལས་དོན་གཙིགས་སུ་བཟུང་ནས་ནུས་པ་ལྡན་པ་དང་། གོ་རིམ་ཡོད་པའི་སྒོ་ནས་སྣ་སོ་སོའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

གཉིས། རྒྱ་གྲམ་དམར་པོ་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།

2. རྩ་འཛུགས་འཛུགས་སྐྲུན་གྱི་ཐད་དུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱ་གྲམ་དམར་པོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། གཅིག་ནི་རྩ་འཛུགས་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྫོང་ཨུ་དང་རྫོང་སྲིད་གཞུང་ཁག་གིས་རྫོང་རིམ་པའི་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་གཞིའི་འཕེལ་རིམ་མགྱོགས་མྱུར་མཐུན་སྦྱོར་བྱས་ཏེ། ཆེད་བསྐོས་མགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་གཏན་འཁེལ་དང་རྒྱ་གྲམ་དམར་པོའི་ཆེད་བསྐོས་ཚོགས་གཙོ་གཞོན་པ་བཀོད་སྒྲིག་བྱེད་པ་དང་འབྲེལ་རྣམ་པ་སྣ་ཚོགས་སྤྱད་དེ་ཆེད་བསྐོས་ལས་དོན་མི་སྣ2-3བཀོད་སྒྲིག་བྱེད་པ་དང་། ལས་བགོས་འགན་གཉེར་རྫོང་དཔོན་གྱིས་ཚོགས་གཙོའི་འགན་འཁུར་བ་དང་། རྫོང་འཕྲོད་བསྟེན་དང་བདེ་ཐང་ཅུའི་ཏང་ཙུའི་ཧྲུའུ་ཅི་དང་ཅུ་ཀྲང་གིས་རྒྱུན་ལས་ཚོགས་གཙོ་གཞོན་པའི་འགན་གཅིག་ལྕོགས་འཁུར་བ། ཆེད་བསྐོས་ཁོའོ་རིམ་པའི་ཚོགས་གཙོ་གཞོན་པ་གཅིག་དང་ཆེད་འགན་འཁུར་བའི་ལས་དོན་མི་སྣའི་རྣམ་པ་བཅས་རིམ་བཞིན་ཆགས་པ་བྱས་ཏེ། རྫོང་ཁག་གི་འཕྲོད་བསྟེན་དང་བདེ་ཐང་ཅུས་རྒྱ་གྲམ་དམར་པོ་ཚོགས་པའི་ཆེད་གཏོགས་གཞུང་ལས་ཁང་མཁོ་འདོན་བྱེད་པ་དང་འབྲེལ་སྒོ་བྱང་ཡང་འགེལ་རྒྱུ། ཡུལ་ཚོགྲོང་རྡལརྒྱ་གྲམ་དམར་པོ་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་འཐུས་ཚང་དུ་བཏང་ནས་ཡུལ་ཚོགྲོང་རྡལསྲིད་གཞུང་གི་ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་ཚོགས་གཙོ་བྱས་པའི་རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་རྩ་འཛུགས་འཛུགས་པ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་ཆེད་དོན་ལས་བྱེདགཅིག་ལྕོགསབཀོད་སྒྲིག་བྱས་ཏེ། ཡུལ་ཚོགྲོང་རྡལསྲིད་གཞུང་གི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་ཀར་དོ་དམ་བྱེད་མཁན་ཡོད་པ་དང་། དམ་འཛིན་བྱེད་མཁན་ཡོད་པ། ལས་ཀ་བྱེད་མཁན་ཡོད་པ་བཅས་བྱེད་དགོས། གྲོང་གསེབ་དང་སྡེ་ཁུལ་དུ་རྒྱ་གྲམ་དམར་པོའི་ཚོགས་པའི་གཞི་རིམ་རྩ་འཛུགས་འཛུགས་པ་དང་། གྲོང་ཚོའི་ཨུ་ཡོན་ལྷན་ཁངསྡེ་ཁུལགི་གུང་གཞོན་རྩ་འཛུགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་རྒྱ་གྲམ་དམར་པོའི་ལས་དོན་གཅིག་ལྕོགས་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ཧུར་ཐག་གིས་གཏོད་དགོས། སྨན་བཅོས་དང་སློབ་གྲྭ། ཁེ་ལས། དམིགས་བསལ་ལས་རིགས་སོགས་ཁྱབ་ཁོངས་ཀྱི་རྒྱ་གྲམ་དམར་པོའི་རྩ་འཛུགས་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་ནས་རྒྱ་གྲམ་དམར་པོའི་གཞི་རིམ་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་དང་གོང་བུར་འགྲིལ་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། གཉིས་ནི་གྲོན་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་རིམ་པ་ཁག་གིས་བཅའ་ཁྲིམས་ལྟར་རྒྱ་གྲམ་དམར་པོ་ཚོགས་པས་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་རོགས་དངུལ་སྤྲད་དེ་རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་བྱ་དགོས། རྒྱ་གྲམ་དམར་པོ་ཚོགས་པའི་ཁྲིམས་བཀོད་འགན་ནུས་ལ་གཞིགས་ཏེ། རྫོང་ཁག་གི་ནོར་སྲིད་ཀྱིས་རྒྱ་གྲམ་དམར་པོའི་ལས་ཀའི་འགྲོ་གྲོན་དེ་ལོ་མགོའི་ནོར་སྲིད་སྔོན་རྩིས་ནང་འགོད་དགོས། རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་ལས་སྒོའི་ལས་ཀ་དེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་གྲམ་དམར་པོའི་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམ། རྒྱ་གྲམ་དམར་པོ་ཚོགས་པའི་ལྟེ་བའི་ལས་སྒོའི་མ་ལག་སྔར་ལས་ལེགས་སུ་གཏོང་བ།

3.འཕྲལ་བསྟུན་མྱུར་སྐྱོབ་ཀྱི་ཐད། གཅིག་ནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་སྡེ་ཚན་གྱིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་ཐད་ཀྱི་བསམ་འཆར》དང《བདེ་ཐང་ཀྲུང་གོའི་བྱ་སྤྱོད(2019-2030ལོ་བར)》སོགས་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཕྲལ་སྡོམ་སྲོག་སྐྱོབ་གསོ་སྦྱོང་ཁྲོད་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་སྒོས་ཚོགས་སྤྱི་སྣ་ཚོགས་ཀྱི་འཕྲལ་སྡོམ་མྱུར་སྐྱོབ་ཤེས་བྱའི་གསོ་སྦྱོང་བྱེད་ཤུགས་དང་སྤུས་ཚད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་གྲམ་དམར་པོའི་མྱུར་སྐྱོབ་སྲུང་སྐྱོང་གསོ་སྦྱོང་དེ་ལོ་འཁོར་གྱི་གསོ་སྦྱོང་འཆར་གཞི་དང་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དམིགས་ཚད་དཔྱད་ཞིབ་ནང་འཇུག་དགོས། སློབ་གསོ་དང་འགྲིམ་འགྲུལ།   ལུས་རྩལ། གནས་སྐོར་སོགས་གཙོ་གནད་ལས་རིགས་སུ་མྱུར་སྐྱོབ་སྲུང་སྐྱོང་གི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དང་ཉེན་ཆེའི་ལས་རིགས་ཀྱི་མི་ཚོགས་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་ནུས་ཆེ་རུ་གཏོང་དགོས། གཉིས་ནས་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་དང་ཁུལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ཀྱི་སྒྲིག་བཀོད་སོགས་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས་དགོས་ངེས་མྱུར་སྐྱོབ་སྲུང་སྐྱོང་གི་གསོ་སྦྱོང་ལྟེ་གནས་བཙུགས་ཏེ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་དང་སློབ་གྲྭ་སོགས་ཁྱབ་ཁོངས་སུ་མྱུར་སྐྱོབ་སྲུང་སྐྱོང་གི་གསོ་སྦྱོང་རྟེན་གཞི་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས་མྱུར་སྐྱོབ་གསོ་སྦྱོང་གི་ཁྱབ་རྒྱ་དང་ཁྱབ་ཚད་སྔར་བས་མཐོ་རུ་གཏོང་དགོས།

4.མི་ཆོས་རོགས་སྐྱོབ་ཀྱི་ཕྱོགས་ནས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རྒྱ་གྲམ་དམར་པོ་ཚོགས་པས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཕྱོགས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”ཅེས་པའི་ལག་ལེན་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་། སློབ་གསོ། གྲོང་གསེབ་དར་རྒྱས་སོགས་འགན་ནུས་སྡེ་ཚན་དང་མཉམ་འདྲེས་ནུས་ལྡན་བྱས་ཏེ། “རྒྱ་གྲམ་དམར་པོའི་བྱམས་སེམས་ཁྱིམ་ཚང་ལ་སྐྱེལ་བ”དང“ཉི་འོད་ཕོ་ཉ”སོགས་མི་ཆོས་རོགས་སྐྱོབ་ཀྱི་སྤུས་རྟགས་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱ་གྲམ་དམར་པོའི་མི་ཆོས་རོགས་སྐྱོབ་སྤུས་རྟགས་གཏོད་དགོས།

5.དངུལ་དང་དངོས་པོ་བསྡུ་བའི་ཐད། གཅིག་ནི་རིམ་པ་ཁག་གི་སྲིད་གཞུང་གིས“གཅེས་སེམས་ཆེན་པོས་ཉིན་གཅིག་གི་ཞལ་འདེབས་འབུལ་བའི”བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དམིགས་ཚད་ནང་བཅུག་ནས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞལ་འདེབས་འདིང་ངེས་སྤྲོད་པ་དང་ཞལ་འདེབས་འབུལ་དགོས་རིགས་ཚང་མ་ཞལ་འདེབས་རྒྱག་ཐུབ་པ་བྱེད་པ་དང་དུས་མཚུངས་སུ་ལས་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཕན་ཞལ་འདེབས་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ནས་མ་དངུལ་གྲབས་གསོག་གི་ཐབས་ལམ་བརྟན་པོ་ཡོང་བ་བྱས་ཏེ། ལོ་རེ་བཞིན་ཚད་བརྒལ་ཡོང་བ་བྱེད་དགོས། གཉིས་ནི་ཁུལ་རྒྱ་གྲམ་དམར་པོ་ཚོགས་པ་དང་སློབ་གསོ་དང་འཕྲོད་བསྟེན་སོགས་སྡེ་ཚན་དབར་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི“གཅེས་སེམས་ཆེན་པོས་ཉིན་གཅིག་གི་ཞལ་འདེབས་ཕུལ”བའི་མ་དངུལ་དང་། གཅེས་སེམས་ཁེ་ལས་ཀྱི་ཞལ་འདེབས། རོགས་སྐྲུན་ཞིང་ཆེན་གྱི་གནས་གཏན་འཁེལ་གྱི་ཞལ་འདེབས་མ་དངུལ་བཅས་སྤྱི་འདོམས་བྱས་ཏེ། “རྒྱ་གྲམ་དམར་པོ་ཚོགས་པའི་གཅེས་སེམས་སློབ་རོགས”དང“རྒྱ་གྲམ་དམར་པོའི་སྨན་བཅོས་ལ་དགའ་ཞེན་དང་རོགས་རམ་བྱེད་པའི”ཆེད་དོན་མ་དངུལ་རྣམ་གྲངས་བཙུགས་ནས་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་སོགས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས།

6.གེགས་འགོག་གེགས་སེལ་གྱི་ཐད། རྒྱ་གྲམ་དམར་པོ་དེ་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ནང་ཞུགས་རྒྱུ་དེ་སྲིད་གཞུང་གི་གནོད་འཚེ་འཕྲལ་སྡོམ་དང་ལེན་མ་ལག་ནང་འཇུག་པ་དང་། རིམ་པ་ཁག་གི་རྒྱ་གྲམ་དམར་པོ་ཚོགས་པས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་གྲམ་དམར་པོའི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་རྒྱ་གྲམ་དམར་པོ་ཚོགས་པའི་གེགས་སེལ་དངོས་རྫས་གསོག་འཇོག་ལ་རྒྱབ་སྐྱོར་བྱས་ནས་དངོས་ཟོག་གྲབས་གསོག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། རྒྱ་གྲམ་དམར་པོ་ཚོགས་པའི་གེགས་སེལ་གྲབས་གསོག་དངོས་རྫས་དེ་ཁུལ་དང་རྫོང་གི་འཕྲལ་སྡོམ་དོ་དམ་མ་ལག་ནང་བཅུག་ནས་དངོས་ཟོག་ཚབ་གསོག་དང་། གཅིག་གྱུར་དོ་དམ། གྲོས་མོལ་བཀོད་སྒྲིག་བཅས་བྱེད་དགོས། ས་གནས་ཁག་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས“གཅེས་སེམས་ཆེན་པོས་ཉིན་གཅིག་གི་ཞལ་འདེབས་འབུལ”བའི་བསྡུར་ཚད་ངེས་ཅན་གྱི་མ་དངུལ་གེགས་སེལ་གྱི་གྲ་སྒྲིག་དངོས་ཟོག་གྲབས་གསོག་བྱེད་པར་སྤྱོད་དགོས། དུས་རྒྱུན་རང་བཞིན་གྱི་ནང་སྦྱོང་བྱེད་པ་དང་ཆབས་ཅིག་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དམིགས་ཚད་འགན་འཁྲིའི་ནང་བཅུག་ནས་ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོའི་གེགས་སེལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

7. གཅེས་འབུལ་གསུམ་གྱི་ཐད་ནས། རིན་མེད་ཁྲག་འབུལ་དང་ཁྲག་སྐྱེད་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་བ། མི་ལུས་དབང་པོ་ཞལ་འདེབས་འབུལ་བའི་དྲིལ་བསྒྲགས་སྐུལ་སློང་དང་མི་ཆོས་ཐུགས་ཁུར། གཟེངས་བསྟོད་བྱ་དགའ་སྤྲོད་པ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་སྣེ་ཁྲིད་ལ་སྣང་ཆེན་བྱས་ནས“གཅེས་འབུལ་གསུམ”གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་བྱེད་སྒོ་དང་དཔེ་མཚོན་དྲིལ་བསྒྲགས། “གཅེས་འབུལ་གསུམ”གྱི་ལས་སྒོའི་ཤེས་བྱ་བརྒྱུད་སྤེལ་བཅས་བྱས་པ་བརྒྱུད་སྟོབས་ཤུགས་དེ་བས་མང་བ“གཅེས་འབུལ་གསུམ”གྱི་ལས་དོན་ནང་ཞུགས་རྒྱུར་མུ་མཐུད་དུ་སྐུལ་ལྕག་བྱེད་དགོས། ཁྲག་སྦྱིན་འབུལ་བའི་དྲིལ་བསྒྲགས་སྐུལ་སློང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཁྲག་གསོའི་ཕྲ་ཕུང་གཙོ་བོའི་དང་བླངས་པའི་མཛོད་འཇུག་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ། མིའི་ལུས་པོའི་དབང་པོསྐུ་ཕུངཞལ་འདེབས་འབུལ་བའི་ཐོ་འགོད་གྲངས་འབོར་ཇེ་མང་དུ་བཏང་ནས“གཅེས་འབུལ་གསུམ”གྱི་ལས་དོན་ཐོ་བརྒལ་གསར་པ་མངོན་འགྱུར་བྱེད་དགོས།

བཞི། རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་གཏོང་བ།

8.ཡིད་ཆེས་བྱེད་ཚད་འཛུགས་སྐྲུན་གྱི་ཐད། གཅིག་ནི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས་དང་ཁུལ་གྱི་ལག་བསྟར་བྱ་ཐབས་དེ་ཁྲིམས་འཛིན་ཞིབ་བཤེར་དང་བརྟག་ཞིབ་ཀྱི་ནང་དོན་ནང་བཅུག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཁྲིམས་ལྟར་ཚོགས་པ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནི་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ལྟ་ཞིབ་ལྷན་ཚོགས་ཀྱི་ལྟ་སྐུལ་འགན་ནུས་ཁྲིམས་ལྟར་ལག་བསྟར་བྱས་ཏེ། འགན་ནུས་འགན་འཁྲི་དང་ལས་ཀའི་སྒྲིག་སྲོལ་ཁ་གསལ་བཟོས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་དང་ཞལ་འདེབས་དངོས་ཟོག་དོ་དམ་དང་བེད་སྤྱོད་བྱ་རྒྱུ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས་ཐབས་ཇུས་དང་ལག་བསྟར། ལྟ་སྐུལ་བཅས་ཕན་ཚུན་ཚོད་འཛིན་དང་ཐུན་མོང་གཞོགས་འདེགས། ནུས་ཆེའི་འཁོར་སྐྱོད་བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་ཤིག་འཛུགས་དགོས། རིམ་པ་ཁག་གི་རྒྱ་གྲམ་དམར་པོ་ཚོགས་པས་དུས་བཀག་ལྟར་སྤྱི་ཚོགས་ལ་ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་པོ་བེད་སྤྱོད་བྱས་ཚུལ་ཡོངས་བསྒྲགས་བྱས་ནས“ཉི་འོད་ཚོགས་པ”ཧུར་ཐག་གིས་གཏོད་དགོས། གསུམ་ནི་རྒྱ་གྲམ་དམར་པོ་ཚོགས་པས་རྒྱ་གྲམ་དམར་པོའི་རིག་གནས་སྔོག་འདོན་གཏིང་ཟབ་དང་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་ཏེ། བརྙན་འཕྲིན་ལས་ཁུངས་དང་སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་གསར་པ་བེད་སྤྱོད་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་སྒོས་རྒྱ་གྲམ་དམར་པོ་ལས་འགུལ་གྱི་ཤེས་བྱ་དང་། སྔོན་ཐོན་དཔེ་མཚོན། མི་སེམས་འགུལ་བའི་གཏམ་རྒྱུད་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་གྲམ་དམར་པོ་ཚོགས་པའི་ཤུགས་རྐྱེན་ཐེབས་ཤུགས་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་ཆེ་རུ་གཏོང་དགོས།

ལྔ། རྒྱ་གྲམ་དམར་པོ་ཚོགས་པའི་ལས་ཀའི་སྒྱུར་བཅོས་གསར་གཏོད་ལ་སྔར་བས་སྐུལ་འདེད་གཏོང་བ།

9.རང་ངོས་འཛུགས་སྐྱོང་གི་ཐད། གཅིག་ནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་གྲམ་དམར་པོ་ཚོགས་པས་མི་འདེམས་སྤྱོད་ལམ་སྲོལ་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གིས་ཉོ་སྒྲུབ་དང་སྤྱི་ཕན་ལས་གནས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་ཀུན་སྤྱོད་དང་ལས་སྒོའི་ཤེས་བྱའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣའི་ལས་རིགས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། ཁུལ་རིམ་པའི་རྒྱ་གྲམ་དམར་པོ་ཚོགས་པས་རྫོང་རིམ་པའི་རྒྱ་གྲམ་དམར་པོ་ཚོགས་པར་ནོར་དོན་ལྟ་སྐུལ་དང་ལས་སྒོའི་མཛུབ་ཁྲིད། ལས་ཀར་ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནི་རྒྱ་གྲམ་དམར་པོ་ཚོགས་པས་རིམ་པ་ཁག་གི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི་དང་དང་བླངས་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་གྲམ་དམར་པོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱ་གྲམ་དམར་པོའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། “གསར་བརྗེའི་གྲོང་རྡལ་ཆུང་བ”དང“མདེལ་གཉིས་སྐར་གཅིག”གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་ལ་བརྟེན་ནས་ཞིབ་འཇུག་སློབ་སྦྱོང་དང་གསོ་སྦྱོང་། རྒྱ་སྐྱེད། ལྟ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ“རྒྱ་གྲམ་དམར་པོས་གསར་བརྗེ་ལ་རོགས་འདེགས་བྱེད་པའི”ཏང་འཛུགས་སྐྲུན་གྱི་རྣམ་པ་གསར་པར་སྐུལ་འདེད་གཏོང་དགོས། གསུམ་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་མཐུན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དང་བླངས་ཞབས་ཞུའི་སྐུལ་ལྕག་ལམ་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི་དང་དང་བླངས་པ་བསྡུ་བའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཚོགས་མིའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དང་བླངས་པའི་ནུས་པ་འདོན་སྤེལ་ཏན་ཏིག་དང་དང་བླངས་ཞབས་ཞུའི་སྤུས་རྟགས་རྣམ་གྲངས་སྐྱེད་སྲིང་བྱེད་དགོས།

10.སྤེལ་རེས་མཉམ་འདྲེས་ཀྱི་ཐད། གོང་རིམ་རྒྱ་གྲམ་དམར་པོ་ཚོགས་པ་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོ་ཚོགས་པ། དེ་བཞིན་དཔལ་འབྱོར་དར་བའི་ཞིང་ཆེན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པ་དང་རྣམ་གྲངས་དང་མ་དངུལ་སོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་རྒྱུན་ཆད་མེད་པར་རིམ་པ་སྤོར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་མཉམ་ལས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་རྒྱ་གྲམ་དམར་པོ་ཚོགས་པ་དང་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་། དང་བླངས་ཞབས་ཞུའི་སྤེལ་རེས། མི་ཆོས་རོགས་སྐྱོབ། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཁུལ་ཐད་གཏོགས་སྡེ་ཚན་ཁག་དང་སྤྱི་ཚོགས་རྩ་འཛུགས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སྲིད་དང་སློབ་གསོ། འཕྲོད་བསྟེན། འཕྲལ་སྡོམ་སོགས་སྲིད་འཛིན་སྡེ་ཚན་དང་སྤེལ་རེས་གཏིང་ཟབ་བྱས་ཏེ། འཕྲལ་སྡོམ་རོགས་སྐྱོབ་དང་དང་བླངས་ཞབས་ཞུ། མི་ཆོས་རོགས་སྐྱོབ་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

གསུམ་པ། འགན་སྲུང་བྱ་ཐབས།

གཅིག རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་གིས་རྒྱ་གྲམ་དམར་པོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པ་འཐུས་ཚང་དུ་གཏོང་བ། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ། སྡེ་ཚན་ཁག་གིས་གཞོགས་འདེགས་ལས་དོན་ཡག་པོ་སྒྲུབ་པ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་དུས་སྐབས་དབྱེ་ནས་རིམ་བཞིན་ལག་བསྟར་དམ་འཛིན་བྱེད་དགོས།

གཉིས། ཕྱོགས་མང་པོའི་རྒྱབ་སྐྱོབ་བརྩོན་ལེན་བྱེད་པ། གོང་རིམ་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་གང་ཐུབ་དང་། སྡེ་ཁག་གཞན་དག་གི་འབྲེལ་གཏུག་དང་མཐུན་སྦྱོར་་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་དང་མི་རྒྱུ་དངོས་གསུམ་འགན་ལེན་བྱེད་གང་ཐུབ་བྱེད་པ། རོགས་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ། རྒྱ་གྲམ་དམར་པོའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། རྒྱ་གྲམ་དམར་པོ་ཚོགས་པར་ཧུར་ཐག་གིས་ཞུགས་པ་དང་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་རྒྱ་གྲམ་དམར་པོའི་ལས་འགུལ་དྲིལ་བསྒྲགས་བྱ་རྒྱུ་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། བསྙེན་བཀུར་དང་བྱམས་སྐྱོང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དྲང་ནུས་དར་སྤེལ་དང་སྲོལ་བཟང་རྒྱུན་འཛིན་བྱས་ནས་མི་ཆོས་ཀྱི་འདུ་ཤེས་མི་སེམས་སུ་ཆགས་པར་བྱེད་དགོས།

བཞི། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་བསམ་འཆར་གྱི་དམིགས་ཚད་དང་བླང་བྱ་ལྟར། གཙོ་གནད་ལས་ཀའི་རྩིས་ཁྲ་དོ་དམ་ལག་བསྟར་བྱས་ཏེ། དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།               





མཉམ་སྤྱོད།