མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི2023ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་གསར་འཛུགས་བྱེད་པའི་གཙོ་གནད་འགན་འཁྲིའི་ལས་བགོས་ཇུས་གཞི།

2024-01-08 21:39:37   |   1748

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། སངས་རྒྱས་སྐྱིད།


《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་དང་། ཞིང་ལས་གྲོང་གསེབ་པུ་གཞུང་ལས་ཐིང་གིས2023ལོའི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་ཐུན་མོང་ཐོག་གཏོད་རྒྱུའི་ཐད་ཀྱི་ལས་ཀའི་ཇུས་གཞི་དཔར་འགྲེམས་བྱས་པ》མཚོ་སྔོན་སྲིད་དོན་གཞུང་ལས་ཁང2023ཨང45པགཞིར་བཟུང་སྟེ། ད་ལྟ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་བྱང་ཁུལ་གྱི2023ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་གསར་འཛུགས་བྱེད་པའི་གཙོ་གནད་ལས་འགན་གྱི་ལས་བགོས་ཇུས་གཞི་བཟོས་པ་གཤམ་གསལ་ལྟར།

དང་པོ། སྤྱིའི་བླང་བྱ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གསར་འཛུགས་བྱེད་པའི་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་དང་པུ་ཡི་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་དང་། ཐིང་དང་ཁུལ་གྱིས་ཐུན་མོང་ཐོག་བསྐྲུན་པའི་མཉམ་ལས་གྲོས་མོལ་ལག་བསྟར་བྱེད་པ་དང་། 《བྱ་སྤྱོད་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་གཙོ་བོ། དམིགས་ཚད་ལས་འགན་བཅས་གཞིར་བཟུང་སྟེ། ལོ་འཁོར་གྱི་གཙོ་གནད་ལས་འགན་ཞིབ་ཚགས་སུ་བཏང་ནས་འགན་བབ་འགན་འཁྲི་གསལ་བོར་བཟོ་བ་དང་། ལོ་འཁོར་གྱི་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་གོ་རིམ་ལྡན་པའི་སྒོ་ནས་འཛུགས་ཐུབ་པ་འགན་ལེན་བྱས་ཏེ། མཚོ་བྱང་ཁུལ་གྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་ལོ་ལྔའི་ནང་དུ་འཛུགས་པ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཤིང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་མཚོ་བྱང་གི་ལེའུ་ཧུར་ཐག་གིས་རྩོམ་དགོས།

གཉིས་པ། དམིགས་ཚད་གཙོ་བོ།

གཅིག། ཕྱིར་གཏོང་ས་ཁུལ་བསྐྲུན་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། འབྲུ་རིགས་དང་སྐེ་ཚེའི་རིགས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི74.8བརྟན་པོ་ཡོང་བ་དང་། སྤྱིའི་ཐོན་འབོར་ཏུན་ཁྲི11.67ཟིན་པ། ནོར་དང་ལུག་གི་ལག་ཡོད་མགོ་གྲངས་སོ་སོ་ཁྲི85དང་ཁྲི297བརྟན་པོ་ཡོང་བ། ནོར་དང་ལུག་ཕྱིར་འཚོང་བྱེད་ཚད་སོ་སོ་ཁྲི27.2དང་ཁྲི122.8ཟིན་པ་དང་། ཤ་རིགས་དང་དཀར་ཆུའི་རིགས་ཀྱི་སྤྱིའི་ཐོན་འབོར་སོ་སོ་ཏུན་ཁྲི5.17དང་ཏུན་ཁྲི1.6ཟིན་པ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལས་གཞི་འཛུགས་སྐྲུན་བྱས་ཏེ་བོད་ལུག་དང་འབྲི་གཡག་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འབྲི་གཡག་སྟོང་དང་བོད་ལུག་སྟོང་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ཁམས་ཕྱུགས་ར19གསར་སྐྲུན་བྱེད་པ། ལྗང་མདོག་དང་། སྐྱེ་ལྡན། ས་གནས་ཀྱི་མཚོན་རྟགས་ཅན་བཅས་ཀྱི་ཞིང་ལས་ཐོན་རྫས10གསར་སྣོན་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཐོན་ལས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ།

གཉིས། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། མུའུ་ཁྲི22.5ལ་རྫས་ལུད་དང་ཞིང་སྨན་ཇེ་ཉུང་དང་ཕན་འབྲས་ཆེར་གཏོང་བ། ལྗང་མདོག་སྔོན་འགོག་ཚོད་འཛིན་མུའུ་ཁྲི7.5ཡན་ཡོང་ཐུབ་པ་བྱེད་པ། མུའུ་ཁྲི5ཡན་ལ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་བྱེད་པ། ཁུལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད། འགྱིག་རོ་ཚུར་བསྡུ་བྱེད་ཚད་བཅས་ཚང་མ90%ཟིན་པར་བྱེད་པ། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་ཚད་ཇེ་མགྱོགས་སུ་བཏང་སྟེ། ཐོན་ཡུལ་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས།

གསུམ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ནུས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱས་ཏེ། མཉམ་ལས་ཁང་སོགས་རྣམ་པ་གསར་པའི་གཉེར་སྐྱོང་མཁན་སྐྱེད་སྲིང་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གཞན་སྒྱུར་ཐུབ་ཚད65%ཟིན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད62.2%ཟིན་པ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་ཚད་ལོན་ཚད98%ཡན་ཟིན་པ་བཅས་བྱེད་དགོས། “མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་ལམ་བུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་། ཕྱིར་གཏོང་ནུས་པ་ཟམ་མ་ཆད་པར་ཇེ་ཆེར་གཏོང་དགོས།

གསུམ་པ། ལས་འགན་གཙོ་བོ།

2023ལོར། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་གསར་འཛུགས་བྱེད་པའི་གཙོ་གནད་ནི་ཞིང་ཕྱུགས་ལས་ཐོན་སྐྱེད་དང་། གཉེར་སྐྱོང་། ཐོན་ལས། ལག་རྩལ་འདེགས་སྐྱོར། ཁྲོམ་རའི་ཁེ་གཉེར། ཚན་རྩལ་ཞབས་ཞུ་བཅས་ཀྱི་མ་ལག་དྲུག་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་དང་། གཙོ་གཟུགས་སྐྱེད་སྲིང་། ཐོན་ལས་མཉམ་འདྲེས། ཚན་རྩལ་གསར་གཏོད། ཟོང་རྟགས་འཛུགས་སྐྱོང་། ཤེས་ལྡན་མི་སྣ་བསྡུ་སྒྲིལ་བཅས་ཀྱི་སྣེ་ཁྲིད་དྲུག་མངོན་པར་བྱེད་པ་དེ་ཡིན།

གཅིག ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་མ་ལག་འཐུས་ཚང་དུ་བཏང་ནས། ལྗང་མདོག་དང་སྐྱེ་ལྡན་འཕེལ་རྒྱས་ཀྱིས་སྣེ་ཁྲིད་བྱེད་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

1.རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྣོན་པ། རྨོ་འདེབས་དང་ཡུན་གཏན་གྱི་གཞི་རྩའི་ས་ཞིང་དབྱེ་འབྱེད་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བ་བྱས་ཏེ། རྨོ་ཞིང་སྤུས་ལེགས་ཤིང་དུས་བརྟན་བེད་སྤྱོད་ཐུབ་པ་དེ་དུས་བརྟན་གཞི་རྩའི་རྨོ་ཞིང་དོ་དམ་གྱི་ཁོངས་སུ་འཇུག་དགོས། རྨོ་འདེབས་ཀྱི“ཞིང་ས་མིན་པ་ཅན”དང“འབྲི་རིགས་མིན་པ་ཅན”ལ་བཅོས་སྒྲིག་བྱས་ཏེ། རྨོ་ཞིང་མུའུ་ཁྲི87.02ཡོད་པ་དང་གཏན་འཇགས་རང་བཞིན་གྱི་གཞི་རྩའི་ཞིང་ཁ་མུའུ་ཁྲི77.87ཡོད་པའི་འགན་ལེན་བྱེད་དགོས། ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི85ཡན་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། འབྲུ་རིགས་དང་སྐེ་ཚེ་སོགས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སོ་སོ་མུའུ་ཁྲི31དང་མུའུ་ཁྲི43.8ཟིན་པ། སྤྱིའི་ཐོན་འབོར་སོ་སོ་ཏུན་ཁྲི7.1དང་ཏུན་ཁྲི4.57ཡན་ཟིན་པ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆའི་ཆ་འཕྲིན་བཀོལ་སྤྱོད་ལས་སྟེགས་འཛུགས་སྐྲུན་བྱེད་པ་དང་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། རྨོ་ཞིང་གི“འབྲུ་རིགས་མིན་པ་ཅན”རི་མོར་བཀོད་དེ་གྲངས་མཛོད་དུ་འཇུག་པ་དང་། བཅོས་སྒྲིག་གནས་ཚུལ་ཀྱི་རྗེས་འདེད་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་ཀུན་རྩིས་ཐོ་དང་མཐུན་པ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་སྒོ་ལ་དོ་དམ་ནན་པོ་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་རིགས་རྩ་དོན་ཐོག་ཚང་མ་འབྲུ་རིགས་ཐོན་སྐྱེད་ཐད་སྤྱོད་དགོས། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ལས་དོན་ཐེངས་གསུམ་པ་ཕྱོགས་ཡོངས་ནས་སྤེལ་མགོ་བཙུགས་ཏེ་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ནོར་སྲིད་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་། 

2.ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལེགས་གྲུབ་ཟིན་པའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་ཆ་འཕྲིན་གྲངས་མཛོད་དུ་འཇུག་དགོས་པ་དང་། ཁུལ་ཡོངས་ཀྱི་ཞིང་ཁ་འཛུགས་སྐྲུན་གྱི“པར་རིས་གཅིག”ཆགས་ཐུབ་པར་བྱེད་དགོས། ཆུ་འདྲེན་ཁུལ་བསྒྱུར་བཀོད་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་མཐུན་སྦྱོར་བྱས་ཏེ་སྐུལ་འདེད་བཏང་སྟེ། ཞིང་སའི་ཆུ་བེད་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱ་དགོས། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི1གསར་སྐྲུན་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་དང་། ཁུལ་ཆུ་བེད་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

3.སྤུས་ལེགས་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱ་དགོས། ས་ཁོངས་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་སྤུས་ལེགས་ནས་ཀྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི24དང་། ནས་དང་པད་ཁའི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི2.9འཛུགས་དགོས། འཇུ་ལག་རྫོང་གི་བཟའ་བྱའི་ཤ་མོའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་པ་དང་། དྲོད་ཁང་རྙིང་པ300སྒྱུར་བཀོད་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ནོར་སྲིད་ཅུ་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

4.སོན་རིགས་ལེགས་པོ་གསོ་སྤེལ་བྱ་དགོས། བོན་ལས་རིགས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ནས། “འགན་ལེན་དང་། གསོ་སྐྱོང་། གསོ་སྤེལ། ཁྱབ་སྤེལ”བཅས་ཀྱི་རིམ་པ་བཞིའི་སོན་བཟང་གསོ་སྤེལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། “གསོ་སྐྱོང་དང་གསོ་སྤེལ”གཞི་གཅིག་ཅན་གྱི་ས་བོན་ལས་རིགས་ཁེ་ལས2གསོ་སྐྱོང་བྱེད་པར་བརྩོན་ལེན་བྱེད་པ་དང་། ཞིང་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་ཡག་པོ་འཛུགས་དགོས། སྦྲུམ་མང་བོད་ལུག་གི་འདེམས་གསོའི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཐུབ་བྱས་ཏེ། མདོ་ལ་རིང་མོའི་བོད་ལུག་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་ལ་ཞིབ་དཔྱད་བྱེད་པའི་ལས་དོན་སྤེལ་མགོ་བཙུགས་ཏེ་ཁུལ་རིམ་པའི་འབྲོག་ལས་སོན་བཟང་གསོ་སྤེལ་རྟེན་གཞི་ཧུར་ཐག་གིས་གཏོད་དགོས། བཟའ་བྱའི་ཤ་མོའི་ཐོན་ལས་འབད་པས་སྐྱེད་སྲིང་བྱས་ཏེ། འཇུ་ལག་རྫོང་དེ་མཚོ་སྔོན་ཞིང་ཆེན་གྱི་བཟའ་བྱའི་ཤ་མོའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དང་ཆུ་གྲང་མོའི་ཉ་ཕྲུག་གསོ་སྤེལ་བྱེད་སའི་རྟེན་གཞི་ཞིག་ཏུ་རིམ་བཞིན་བསྐྲུན་དགོས། ཞིང་ལས་ལོ་ཏོག་གི་སོན་འདེབས་ལས་གཞི་དང་། ཕྱུགས་ལས་སོན་བཟང་གི་ཁ་གསབ་ལས་གཞི་ལག་བསྟར་བྱས་ཏེ། སོན་བཟང་རྟེན་གཞི་དང་། ཕྱུགས་རྒྱུད་སྤེལ་གནས། གསོ་སྤེལ་རྟེན་གཞི་བཅས་ཀྱི་རྟེན་གཞི་ཁག་ཅིག་གསར་སྐྲུན་བྱེད་དགོས་པ་དང་། ཞིང་ཕྱུགས་ཀྱི་སོན་བཟང་ཁེབས་ཚད་བརྒྱ་ཆའི98ཡན་ཟིན་པར་ཁག་ཐེག་བྱ་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

5.སྤུས་ཚད་མཐོར་འདེགས། ལྗང་མདོག་ནུས་ཆེའི་འདེབས་འཛུགས་གསོ་ཚགས་ལག་རྩལ་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལག་རྩལ་ཁྱབ་གདལ་བཏང་སྟེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་གྱི་ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་གཞི་ཁྱོན་ལྡན་ཞིང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་འགུལ་སྤེལ་དགོས། ཞིང་ལས་འཕྲུལ་ཆས་ཚད་ལྡན་ཅན་གྱི་དོ་དམ་ཚོད་ལྟ་བྱེད་པ་དང་། རིག་ནུས་ཞིང་འཕྲུལ་དང་ཕྱུགས་ལས་སྒྲིག་ཆས་ཀྱི་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། སྐྱེ་དངོས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་གནག་གི“ཐོན་འཕར་གསུམ་དང་འཚམ་པ་གསུམ”དང་། བོད་ལུག་གི“ལོ་གཉིས་ལ་མངལ་ཐེངས་གསུམ”བཙའ་བའི་ནུས་ཆེའི་གསོ་ཚགས་ཁྱབ་གདལ་གཏོང་དགོས། སྤུས་ལེགས་གཟན་རྩྭ་འདེབས་འཛུགས་སོགས་ཐོན་འཕར་ཕན་འབྲས་ཆེར་གཏོང་གི་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཉེན་ཁར་དཔྱད་དཔོག་བྱེད་པ་དང་། ཉེན་ཁ་དཔྱད་དཔོག་དང་དོ་དམ་བྱེད་ཐབས་སོགས་འབྲེལ་ཡོད་ལམ་ལུགས་གཏན་འབེབས་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

6.ཕྱུགས་ལས་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་དགོས། ཕྱུགས་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་འགུལ་སྤེལ་ནས། “གཅིག་ཅན་བརྒྱད”ཀྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱས་ཏེ། གཟན་ཆག་ལས་སྣོན་ཁེ་ལས་དང་། ཕྱུགས་རིགས་ཉོ་ཚོང་ཁྲོམ་ར། བཤས་གཏོང་ལས་སྣོན་ཁེ་ལས། ཞིང་ཕྱུགས་ཐོན་རྫས་ཀྱི་གྲང་སྦྲེལ་ཟོག་འགྲེམས་ལྟེ་གནས། སྐྱེ་ལྡན་ལུད་ཀྱི་ལས་སྣོན་ཁེ་ལས། ནས་དང་པད་ཁའི་ལས་སྣོན་ཞིབ་ཚགས་ཁེ་ལས། ཞིང་ཕྱུགས་ལས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་སོགས་བཀོད་སྒྲིག་བྱེད་དགོས། འབྲི་གཡག་དང་བོད་ལུག་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི19འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རྫོང་རེར་འབྲི་གཡག་མགོ་གྲངས་ཁྲི་གཅིག་དང་བོད་ལུག་ཁྲི་གཅིག་གི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་འཛུགས་རྒྱུ་བརྩོན་ལེན་བྱེད་དགོས། རྐང་ཚ་རྫོང་གི་འབྲི་གཡག་ཁྲི་གསོ་ཚགས་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། འཇུ་ལག་རྫོང་གི་ཞིས་མོན་ཐར་གནག་ཕྱུགས་རྒྱུད་བཟང་གསོ་སྤེལ་རྟེན་གཞི་དང་མདའ་བཞི་རྫོང་གི་བོད་ལུག་ཁྲི10ཡི་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་གཉེར་སྐྱོང་བྱེད་མགོ་བརྩམ་དགོས། རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་རྩྭ་ཐང་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཞིང་ཆེན་རིམ་པའི་ཚོད་ལྟའི་རྫོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། “འབྲུ་རིགས་གཟན་ཆས་སུ་སྒྱུར་བའི”རྣམ་གྲངས་མུ་མཐུད་དུ་ལག་བསྟར་བྱས་ནས་གཟན་རྩྭ་འདེབས་ཁྱོན་མུའུ་ཁྲི10ཡན་ཟིན་དགོས། ཕྱུགས་རིགས་བར་གྱི་འགོས་ནད་འགོག་བཅོས་དང་། ལྟ་ཞིབ་ཚད་ལེན། གཙང་བཟོ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་སྔོན་འགོག་བྱེད་ཚད100%རྒྱུན་འཁྱོངས་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

7.ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཕྱིར་གཏོང་ས་ཁུལ་གྱི་དཔེ་སྟོན་དཔེ་མཚོན་གཏད་དེ་རྐང་ཚ་རྫོང་གི་རྒྱལ་ཁབ་རིམ་པའི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་བཏང་སྟེ། ལྗང་མདོག་ལག་རྩལ་གྱི་འདེགས་སྐྱོར་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱས་ནས་རྫས་ལུད་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་འགུལ་རྒྱུན་མཐུད་ངང་ཁྱབ་གདལ་བཏང་ནས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་བྱས་ཏེ་མུའུ་ཁྲི22.5ལ་ཕན་འབྲས་ཐོན་པར་བྱེད་དགོས། མུའུ་ཁྲི5ལ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་བྱེད་པ་ལག་བསྟར་བྱས་ཏེ། རྩྭ་ཐང་གི་སྐྱེ་ལྡན་འཕྲུལ་ཆས་ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ལྡན་རྩྭ་ཐང་གི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་བསྒྱུར་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ནས་ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་དུ་འགྱུར་བའི་གཅིག་སྡུད་གཙང་སེལ་ལྟེ་གནས་བསྐྲུན་ནས་གཉེར་སྐྱོང་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་ལག་རྩལ་གྱི་རྣམ་པ་གསར་གཏོད་བྱས་ཏེ། ཕྱུགས་རིགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཚད་དང་ཞིང་ནང་གི་འགྱིག་རོ་ཚུར་བསྡུ་བེད་སྤྱོད་བྱེད་ཚད་ཚང་མ90%ཡན་ཟིན་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ། གཞོགས་འདེགས་ཚན་པ། ཁུལ་རང་བྱུང་ཐོན་ཁུངས་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

8.སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།“སྒྲིག་འགལ་བཅོས་སྒྲིག སྨན་དུག་ཚོད་འཛིན། མཐོར་འདེགས་ལ་སྐུལ་འདེད་གཏོང་བའི་”ལོ་གསུམ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཕྱུགས་སྨན་གྱི་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ། གསོ་སྤེལ་ལྷུ་ཚིགས་སུ་སྤྱོད་མི་ཆོག་པའི་སྨན་རྫས་སྤྱོད་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། རྒྱུན་ལྡན་གྱི་སྨན་རྫས་ལྷག་ལུས་ཚད་ལས་བརྒལ་བར་ཚོད་འཛིན་ནན་པོ་བྱེད་དགོས། ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བ་དང་། གཟན་ཆག་དང་གཟན་ཆག་གི་སྦྱོར་རྟ། སྐྱེ་ལྡན་ལུད་ཀྱི་སྤུས་ཚད་སོགས་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ལ་འཐེན་བཤེར་བྱེད་པ་དང་འཆར་ཅན་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཚད་ལོན་པའི་རིགས་ལ་ཁས་ལེན་ལག་ཁྱེར་སྟེར་བ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཞིང་ལས་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་མཁན་གྱི་ལག་ཁྱེར་ལེན་པར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་དགོས། ཞང་གྲོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དྲ་བ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཞང་གྲོང་གི་ལྟ་སྐུལ་དོ་དམ་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་རིམ་པ་ཡན་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་ཉེན་མེད་ཞིབ་བཤེར་ཚད་ལེན་བྱེད་མཁན་གྱི་སྒྲིག་གཞིའི་“བདེན་དཔང་གཉིས་”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཐོན་ཡུལ་ནས་ཕྱིར་གཏོང་ཆོག་པ་དང་ཚོང་རར་ཞུགས་ཆོག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་དང་། ཞིབ་དཔྱད་ཚད་ལེན། ཁྲིམས་བསྟར་བཅས་ཀྱི“དུས་མཉམ་གསུམ”ལ་སྐུལ་འདེད་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

གཉིས། ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་གཙོ་གཟུགས་གསོ་སྐྱོང་སྣེ་ཁྲིད་བྱེད་རྒྱུ་མངོན་གསལ་དོད་དགོས།

9.ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ་བྱེད་པ་དང་། དངུལ་བུན་གྱི་སྐྱེད་ཀ་སྤྲོད་པ། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ། རྐང་དབང་མ་འཇོག་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་དང་། ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞིའི་ཚད་ལོན་ལེགས་སྐྲུན་དང་སྔོན་ཐོན་བརྩོན་ལེན། འབྲེལ་ཐག་ཇེ་དྲག་དང་འབྲེལ་ཐག་ཁ་གསབ། གཞི་གཅིག་ཅན་གྱི་གཉེར་སྐྱོང་བཅས་ལ་རོགས་སྐྱོར་བྱ་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་དང་མགྱོགས་མྱུར་གྱིས་ཐོན་སྐྱེད་བྱེད་པར་རོགས་རམ་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་། ཞིང་འབྲོག་མང་ཚོགས་ཆེད་ལས་མཉམ་ལས་ཁང་ཞུགས་པ། ཞིང་འབྲོག་མང་ཚོགས་རྗེས་སུ་སྙེག་པ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་དགོས། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས1ཡན་གསོ་སྐྱོང་བྱེད་པ་དང་། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི1ཡན་འཛུགས་རྒྱུ། ཤ་ཧྭ་ཟས་རིགས་ཚད་ཡོད་སྤྱི་གཉེར་སྐྱེད་སྲིང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ནོར་སྲིད་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ། འབྲེལ་ཡོད་དངུལ་རྩའི་སྡེ་ཚན་བཅས། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། རྣམ་པ་སྣ་ཚོགས་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ཞིང་ཕྱུགས་ལས་ཞིབ་གཉེར་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་དང་། ཟླ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་ལྕག་དང་ཁྲིད་སྟོན། ཁེ་ལས་ཀྱི་མ་རྐང་ལམ་ལུགས་སྒྱུར་བཀོད་ལ་སྐུལ་འདེད་བཅས་བྱས་ཏེ་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་བྱེད་པ་དང་མཉམ་སྡེབ་དཔལ་འབྱོར་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་གིས་གཞི་རྟེན་བྱེད་པ་དང་ལས་བགོས་གཞོགས་འདེགས་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་ཞིག་ཧུར་ཐག་གིས་གཏོད་དགོས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་སྐྱོང་དང་དཔེ་སྟོན་ཁང་གཏོད་རྒྱུར་དམ་འཛིན་མངོན་གསལ་དོད་པོ་བྱས་ཏེ། ཁུལ་ཡོངས་ཀྱིས་མཉམ་ལས་ཁང5དང་ཁྱིམ་ཚང་འབྲོག་ར20ལ་རོགས་སྐྱོར་བྱེད་པ་དང་། ཞིང་འབྲོག་པའི་མཉམ་ལས་ཁང50གདམ་པ་དང་། སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང2གདམ་ཏེ་ནུས་པ་ཆེ་རུ་གཏོང་བའི་སྒྱུར་བཀོད་བྱེད་དགོས། ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས8སྐྱེད་སྲིང་བྱེད་དགོས། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་འགག་རྩའི་ལྷུ་ཚིགས་ཞན་སར་དམིགས་ཏེ་ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ནས་ཞབས་ཞུའི་རྒྱ་ཁྱོན་མུའུ་ཁྲི10ཡན་ཟིན་པ་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུ་དང་། ཁུལ་མཁོ་འཚོང་མཉམ་འབྲེལ་ཁང་། གཞོགས་འདེགས་ཚན་པ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་འབྲེལ་ཡོད་དངུལ་རྩའི་སྡེ་ཚན། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

གསུམ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ལས་མཉམ་འདྲེས་ཀྱིས་སྣེ་ཁྲིད་བྱེད་རྒྱུ་མངོན་ཆེར་གཏོང་དགོས།

ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་དང་། ཁྱིམ་ཚང་གི་ཞིང་ར། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་བཅས་ཀྱིས་ཞིང་ཕྱུགས་ཐོན་རྫས་ལ་ཐོག་མའི་ལས་སྣོན་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་རྗེས་ཀྱི་གཙང་འགྱུར་དང་། རིགས་དབྱེའི་རིམ་དབྱེ། སྐམ་ལས། གྲང་སྦྱོར། གསོག་ཉར། ཐུམ་སྒྲིལ་སོགས་ཀྱི་བཟོ་རྩལ་ལེགས་སུ་བཏང་ནས་ཐོན་སྐྱེད་བྱས་པའི་རྗེས་ཀྱི་གྱོང་གུན་ཇེ་ཆུང་དུ་གཏོང་བ་དང་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བ་བྱེད་དགོས། ཁུལ་ལ་ལས་སྣོན་ཕྱིར་འཚོང་གླིང་ཡོད་པ་དང་། རྫོང་ལ་ལས་སྣོན་ཐོན་ལས་གླིང་ཡོད་པ། ཞང་གྲོང་ལ་རྟེན་གཞི་ཡོད་པ། གྲོང་ཚོར་འཁོར་ཁང་དང་བཟོ་ཁང་ཡོད་པ། དུད་ཚང་ལ་འབབ་འཕར་རྣམ་གྲངས་ཡོད་པ་བཅས་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་དང་རོགས་སྐྱོར་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་དང་། ཁུལ་ཁྲོམ་ར་ལྟ་སྐུལ་ཅུ། འབྲེལ་ཡོད་དངུལ་རྩའི་སྡེ་ཚན་བཅས་དང་། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

10.ཞིབ་ཚགས་ལས་སྣོན་བྱེད་ནུས་ཆེ་རུ་གཏོང་དགོས། སྣེ་འདྲེན་ཁེ་ལས་ཀྱིས་ད་ཡོད་ཀྱི་སྒྲིག་བཀོད་དང་། ཐོན་སྐྱེད་བཟོ་རྩལ། དེ་བཞིན་གཞོགས་འདེགས་སྒྲིག་བཀོད་བཅས་ལ་རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་སྒྱུར་བཀོད་བྱེད་རྒྱུར་སྐུལ་ལྕག་བཏང་སྟེ། དཀར་ཆུའི་ཐོན་རྫས་དང་། ནས། པད་ཁ། ནོར་ལུག་གི་ཤ་སོགས་ཁྱད་ལྡན་ཐོན་རྫས་ལ་ལས་སྣོན་ཞིབ་ཚགས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ནས་དང་པད་ཁ། བཟའ་བྱའི་ཤ་མོ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འབུར་ཐོན་ཡོང་བ་བྱས་ནས་ནུས་པའི་རང་བཞིན་ཅན་གྱི་ཐོན་རྫས་དང་ཐོན་རྫས་རྩེ་གྲ་ཞིབ་འཇུག་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཇུ་ལག་རྫོང་གི་རྩེར་སོན་སྐམས་ཤ་ཞིབ་ཚགས་ལས་སྣོན་བྱེད་པའི་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགོ་རྩོམ་དགོས་པ་དང་། མདའ་བཞི་ཁུའུ་ཁུའུ་ནོར་ལུག་ཤའི་ལས་སྣོན་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་དགོས། རྩེར་སོན་ནོར་ལུག་ཐོན་རྫས་དང་སྔོན་བཟོའི་སྔོ་ཚལ་གྱི་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་ཆ་འཕྲིན་ཅན་ཅུ་དང་འབྲེལ་ཡོད་དངུལ་རྩའི་སྡེ་ཚན། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

11.ཐོན་ལས་ཀྱི་གཅིག་བསྡུས་འཕེལ་རྒྱས་་ལ་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། “5+8+N”ཅན་གྱི་ཞིང་ཕྱུགས་ཐོན་ལས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས། འཇུ་ལག་རྒྱལ་ཁབ་རིམ་པ་དང་མདོ་ལ་དང་རྐང་ཚ། མདའ་བཞི་བཅས་ཀྱི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་པར་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། “ཐོན་སྐྱེད་དང་ལས་སྣོན”དང“ཞིང་བཟོ་ཚོང་དོན”མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མ་ལག་མགྱོགས་མྱུར་སྒོས་བསྐྲུན་དགོས། མདའ་བཞི་གསེར་ཐང་ཞང་གི་ཐོན་ལས་སྟོབས་ཆེའི་གྲོང་རྡལ་འཛུགས་པར་སྐུལ་འདེད་བཏང་ནས་རྟེན་གཞི་གྲོང་ཚོ་རུ་ཡོད་པ་དང་། ལས་སྣོན་བྱེད་ས་ཞང་དུ་ཡོད་པ། དུད་ཚང་གི་ཡོང་འབབ་འཕར་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱེད་དགོས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་མཉམ་ལས་ཀྱི་རིམ་པ་མཐོ་རུ་བཏང་སྟེ། ཧྲན་ཏུང་གི་ཁེ་ལས་ཀྱིས་མཚོ་བྱང་དུ་མ་དངུལ་བཏང་ནས་ལས་རིགས་དར་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པ། མཉམ་ལས་བྱས་ནས་ཐོན་ལས་གླིང་ཁུལ་མཉམ་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས། མཚོ་བྱང་ཁུལ་མདོ་ལ་ཞིང་ལས་མ་འཇོག་སྤྱི་གཉེར་གྱིས་གཉེར་སྐྱོང་ཚོད་ལྟ་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ། འབྲེལ་ཡོད་དངུལ་རྩའི་སྡེ་ཚན་བཅས་དང་། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

12.ཐོན་ལས་འཁོར་འབྲེལ་ཧྲིལ་པོས་ཐོན་སྐྱེད་ཚན་ལྡན་ཅན་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིའི་མ་ལག་འཛུགས་པ་དང་། ཐོན་སྐྱེད་མ་བྱས་པའི་སྔོན། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་སོགས་འགག་རྩའི་ལྷུ་ཚིགས་ཀྱི་ཚད་གཞི་བཟོ་བའམ་བཟོ་བཅོས་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིའི་མ་ལག་འཛུགས་དགོས། མཚོ་བྱང་ཁུལ་གྱི་བོད་ལུག“ལོ་གཉིས་ལ་ཐེངས་མངལ་ཐེངས་གསུམ་འཁོར་བ”དང་། ཞིང་ཆེན་རིམ་པའི་ཞིང་ལས་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་སྤེལ་མགོ་བརྩམ་དགོས། སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱེད་སྒོ་སྤེལ་ནས་ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་གཙོ་གནད་དུ་བྱས་ཏེ་རྨང་གཞི་ལེགས་པ་དང་། ལག་རྩལ་ཆུ་ཚད་མཐོ་བ། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཚད་ལྡན་ཅན་གྱི་དཔེ་སྟོན་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་དང་མིང་འདོགས་དགོས། སྣེ་འདྲེན་ཁེ་ལས་དང་། ཁྱིམ་ཚང་ཞིང་ར། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་ཞིང་ལས་གཉེར་སྐྱོང་མཁན་བཅས་ཚད་ལྡན་ཅན་གྱི་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

བཞི། ཞིང་ཕྱུགས་ལས་ཀྱི་ལག་རྩལ་འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

13.རིག་ལྡན་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། རིག་ལྡན་ཅན་གྱི་ཞིང་ཕྱུགས་ལས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲེལ་སྡེ་ཚན་གྱི་གྲངས་གཞིའི་ཆ་འཕྲིན་མཉམ་འདྲེས་ཆེན་པོ་དང་། བཅོས་སྒྲིག་ཆེན་པོ། མཉམ་སྤྱོད་ཆེན་པོ་བཅས་ལ་སྐུལ་འདེད་གཏོང་དགོས། གྲངས་འཛིན་ཞིང་ལས་གསར་གཏོད་དང་བེད་སྤྱོད་རྟེན་གཞི་འཛུགས་སྐྲུན་དང་། “དྲ་སྦྲེལ་+”ཞིང་ལས་ཐོན་རྫས་གྲོང་ཚོ་ནས་ཕྱིར་གྲོང་ཁྱེར་དུ་སྐྱོད་པའི་ལས་གྲྭའི་ཚོད་ལྟའི་ལས་དོན་སྤེལ་དགོས། དེང་རབས་ཞིང་ལས་ཐོན་ལས་གླིང་དུ་དངོས་སྤྱོད་དྲ་སྦྲེལ་ལག་རྩལ་ཁྱབ་སྤེལ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དོ་དམ་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་སོགས་ཀྱི་ཉེར་སྤྱོད་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

13.ཚན་རྩལ་ཁྱབ་སྤེལ་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་མི་སྣས་གནས་སྦྲེལ་དང་ཞང་དང་གྲོང་ཚོ་འགན་གཙང་ལེན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིགས་གཅིག་མཁས་པའི་ལག་རྩལ་ཞབས་ཞུའི་ཚོགས་པ་དང་། རྫོང་ལ་འགན་གཙང་ལེན་བྱེད་པ་དང་ཞང་སྦྲེལ་བའི་ཚན་རྩལ་ཞབས་ཞུའི་ལས་དོན་ཚོ་ཆུང་། རྫོང་དང་འབྲེལ་མཐུད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བཅས་དཔུང་ཁག་གསུམ་བཙུགས་ཏེ། “ཞིང་གསུམ”ལ་ཞབས་འདེགས་ཞུ་དགོས། ཐོན་ལས་ཀྱི་གཙོ་གནད་ལ་དམིགས་ནས་ཁྱིམ་ཚང་འབྲོག་ར་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། འདེབས་གསོའི་དུད་ཚང་ཆེ་གྲས་བཅས་ལ་ཕྱོགས་ནས་གསོ་སྦྱོང་བྱེད་དགོས། བྱང་ཚད་མཐོ་བའི་ཞིང་འབྲོག་པ་མི་ཐེངས1000ཡན་ལ་སློབ་གསོ་གསོ་སྦྱོང་བྱས་ནས་མཚོ་བྱང་ཁུལ་གྱི་གཞི་རིམ་ཞིང་འབྲོག་དཔུང་ཁག་གི་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། “ཞིང་འབྲོག་རྒྱང་ཁྲིད་རིག་ནུས་གསོ་སྦྱོང་ལས་གཞི”ལག་བསྟར་བྱས་ནས་ལུའུ་ཆིང་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ཀྱི་རྒྱང་ཁྲིད་རིག་ནུས་ཞབས་ཞུའི་ལས་སྟེགས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཧྲན་ཏུང་མཚོ་སྐྱོར་གྱི“ས་ཁུལ་གསུམ་དང་ས་ཚིགས་གཅིག”འཛུགས་སྐྲུན་ལ་བརྟེན་ནས་ཧྲན་ཏུང་འབྲོག་ལས་ཕྱུགས་རིགས་སྨན་པའི་ལས་རིགས་སློབ་གླིང་གི་རྒྱལ་ཁབ་སློབ་ཁྲིད་མཛོད་ཀྱི་ཐོན་ཁུངས་དང་འབྲེལ་མཐུད་བྱས་ཏེ་དྲ་ཐོག་སྤེལ་རེས་དང་། འབྲེལ་གཏུག ལག་རྩལ་བརྗེ་རེས་བཅས་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

14.ལས་སྐྲུན་གསར་གཏོད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་དགོས། ཁུལ་དང་རྫོང་། ཞངགྲོང་རྡལབཅས་ཀྱི་ངལ་ནུས་མཚམས་སྦྱོར་ཞབས་ཞུའི་མ་ལག་བཙུགས་ཏེ། “ཞིང་ལས་མཁས་པ”དང“ཡུལ་ཚོའི་རིགས་གཅིག་མཁས་ཅན”དང་། “ལས་གཏོད་སློབ་དཔོན”ཁག་གཅིག་གསོ་སྐྱོང་བྱེད་དགོས། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་། རུ་འཁྱུར་དམག་མི། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་བཅས་གྲོང་གསེབ་དང་འབྲོག་ཁུལ་དུ་བྱ་གཞག་གསར་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས། ཕ་ཡུལ་དུ་ལོག་ནས་ལས་གཏོད་གླིང་བཙུགས་པ་དང་། གྲོང་གསེབ་ཀྱི་ལས་གཏོད་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་བཙུགས་པ་ཁག་ཅིག་ཚད་ལྡན་ཅན་དང་རིམ་པ་མཐོར་འདེགས་བཏང་སྟེ། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མཁན་གསར་པ་འཛུགས་གཉེར་བྱེད་པའི་ཆེད་ལས་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་། ལས་འཁྱུར་དམག་མི། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་བཅས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་འཚོ་བའི་འགྲོ་གྲོན་གྱི་ཁ་གསབ་སྤྲོད་རྒྱུ་དང་། “ལས་གཏོད་དང་རྩལ་ནུས་ཟུང་དུ་སྦྲེལ་བའི”གསོ་སྦྱོང་བྱ་རྒྱུ། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་གླིང་ཁུལ་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་། ཕུལ་བྱུང་ན་གཞོན་ཤེས་ལྡན་མི་སྣ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་སྣེ་ཁྲིད་པ་བཅས་ཁག་ཅིག་གསོ་སྐྱོང་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། གཞོགས་འདེགས་ཚན་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་དང་། ཁུལ་གྲོང་གསེབ་དར་སྤེལ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

ལྔ། ཞིང་ཕྱུགས་ལས་ཀྱི་ཁྲོམ་རའི་ཚོང་གཉེར་མ་ལག་འཐུས་ཚང་དུ་བཏང་ནས་ཟོང་རྟགས་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

15.གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་མཁན་གསོ་སྐྱོང་བྱེད་དགོས། “དྲ་སྦྲེལ་+”ཡི་ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་ཕྱིར་སྐྱོད་པའི་ལས་གྲྭ་ལག་བསྟར་བྱས་ཏེ། གློག་རྡུལ་ཚོང་དོན་དང་། ཟོག་འགྲེམས། མཁོ་སྤྲོད། སྦྲག་སྲིད། མྱུར་སྐྱེལ་སོགས་གློག་རྡུལ་ཚོང་དོན་མཁན་སྣ་ཚོགས་ཀྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་དགོས། ཞིང་ཁྱིམ་ཚོང་ཁང་དང་། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུ་ཁང་། མྱུར་སྐྱེལ་དྲ་ཚིགས། ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་ཚབ་སྒྲུབ་ས་ཚིགས་སོགས་མཐའ་སྣེའི་དྲ་ཚིགས་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱིའི་དྲ་ཐོག་ཚོང་དོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། གཞོགས་འདེགས་ཚན་པ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་དང་ཁུལ་གྲོང་གསེབ་དར་སྤེལ་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

16.ཚོང་རའི་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་གཉེར་སྐྱོང་མཁན་ཁག་ཅིག་གསོ་སྐྱོང་བྱས་ཏེ། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཆེད་ལས་ཅན་གྱི་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་ལས་སྟེགས་སུ་བསྒྱུར་བར་རྒྱབ་སྐྱོར་བྱ་དགོས། མདའ་བཞི་རུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་ལྟེ་གནས་བསྐྲུན་པ་དང་། རྐང་ཚ་དང་མདོ་ལར་ས་ཁུལ་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་སྡེབ་ཚོང་ཁྲོམ་ར་བསྐྲུན་ཏེ། བར་ཁེ་བའི་དཔུང་ཁག་འཕེལ་རྒྱས་བཏང་སྟེ་ཐོན་སྐྱེད་དང་ཕྱིར་འཚོང་གི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤྲིན་ཚང་སྤྱི་ཁྱབ་པུ་སོགས་ཁྲོམ་ར་ཅན་གྱི་འཁོར་རྒྱུག་བྱེད་སྟངས་ལ་བརྟེན་ནས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་སྐྱེད་དང་མཉམ་འདྲེས་སྦྲེལ་མཐུད་ཐུབ་པ་བྱེད་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། གཞོགས་འདེགས་ཚན་པ། ཁུལ་མཁོ་སྤྲོད་མཉམ་འབྲེལ་ཁང་། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

17.ཟོང་རྟགས་གཏོད་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་གཉེར་ཚོང་གི་འཐབ་ཇུས་ལག་བསྟར་བྱས་ནས་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་དང་། ཁེ་ལས་ཀྱི་ཟོང་རྟགས། ཐོན་རྫས་ཟོང་རྟགས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཟོང་རྟགས་མ་ལག་འཛུགས་རྒྱུར་ཤུགས་རྒྱག་དགོས། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་”གི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་ཁག་ཅིག་ཐོ་འགོད་བྱས་ཏེ། ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས10གསར་སྣོན་བྱེད་དགོས། “མདོ་ལ་རིང་མོའི་འདབས་རོལ་གྱི་འབྲོག་ར་བཟང་པོ”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ། རྫོང་ཁག་གིས་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་ཟོང་རྟགས་དྲིལ་སྒྲོག་དང་སྲུང་སྐྱོང་། ཁྱབ་གདལ་བཅས་བྱེད་པའི་ལས་དོན་སྤེལ་ནས་ཟོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུར་ལྕག་སྐུལ་བྱེད་དགོས། སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ་བཅས་དང་། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

18.ཕྱིར་གཏོང་གི་ཕུགས་ཕན་ལམ་སྲོལ་འཛུགས་དགོས།“མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ཀྱི་མཛོད་”འཛུགས་པ་དང་། 《མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་མཛོད་དོ་དམ་བྱ་ཐབས》འདོན་དགོས་ཤིང་། “མཚོ་བྱང་ཁུལ་གྱི་སྐབས་དང་པོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་མཐོ་རིམ་གླེང་སྟེགས་སྒྲིག་འཛུགས་བྱས་ནས་ཚོགས་དགོས་ལ། སྤུས་རྟགས་ཁེ་ལས་རང་འགུལ་ངང“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་གྲགས་ཅན་འགྲེམས་ཚོགས་སྣ་ཚོགས་ནང་ཞུགས་ཏེ་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མུ་མཐུད་ཆེ་རུ་གཏོང་དགོས། “ནོར་ལུག་ཁྲི་སྟོང་མང་པོ་ཧྲན་ཏུང་དུ་སྐྱོད་པའི”བྱེད་སྒོ་མུ་མཐུད་དུ་སྤེལ་ནས་ཐོན་རྫས་ཁྲོམ་རའི་རྒྱ་ཁྱོན་རྒྱ་ཆེར་བཏང་ཞིང་ཕྱིར་ཚོང་ཁྲོམ་རའི་གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་དང་ཁུལ་མཁོ་འཚོང་མཉམ་འབྲེལ་ཁང་། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

19.དྲིལ་སྒྲོག་འོས་སྦྱོར་གྱི་སྐར་ཁུང་གཏོད་དགོས། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འགྲེམས་སྟོན་ཁང་བསྐྲུན་ནས། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་སྐར་ཁུང་གཏོད་དགོས། “མཚོ་སྔོན་ཐོན་རྫས་ཧྲན་ཏུང་དུ་འདྲེན་པ”དང“མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཧྲན་ཏུང་དུ་སྤེལ་བའི”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་བྱེད་པའི་བྱ་འགུལ་ལག་བསྟར་བྱས་ཏེ། ཧྲན་ཏུང་དུ“མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཤར་རྒྱུད་འགྲེམས་ཚོང་ཡན་ལག་ལྟེ་གནས”འཛུགས་པ་དང“མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཁང”འཛུགས་དགོས། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“ས་ཁུལ་གསུམ་དང་ཚོང་སྒྲོམ་བརྒྱའི”འཛུགས་སྐྲུན་བྱེད་མགོ་བརྩམ་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ས་ཁུལ་གྱི་གྲོང་ཁྱེར་དུ་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཆེད་འཚོང་ཁང་དང་ཉམས་ལེན་ཚོང་ཁང་སོགས་གཉེར་ཚོང་ཆེད་སྒྲོམ་བཙུགས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་གཉེར་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཚོང་གཉེར་ནུས་པ་ཆེ་རུ་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ནོར་སྲིད་ཅུ་དང་། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

དྲུག ཚན་རྩལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་མཉམ་འདུས་ཀྱིས་སྣེ་ཁྲིད་བྱ་རྒྱུ་འབུར་ཐོན་ཡོང་བར་བྱ་དགོས།

20.ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས། “ལུའུ་ཆིང་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཀྱི་ཆེད་མཁས་པའི་ས་ཚིགས”བཙུགས་ཏེ། ཁུ་ནུ་ཤེས་ལྡན་མི་སྣའི་ཁྱད་ལྡན་ཤེས་ལྡན་མི་སྣའི་རྣམ་གྲངས་ལག་བསྟར་བྱེད་པ་དང་། “ལུའུ་ཆིང་ས་མཐོའི་ཞིང་ཕྱུགས་ཆེད་མཁས་པའི་ལས་དོན་ཁང”བཙུགས་ཏེ་སྒོ་བྱང་འགེལ་དགོས་ཤིང་། ས་ཚིགས་སུ་བཅའ་སྡོད་བྱེད་པའི་ཆེད་མཁས་པ30ཡན་གདན་ཞུ་བྱས་ཏེ། རིག་སྟོབས་ནང་འདྲེན་དང་ཤེས་ལྡན་པ་ནང་འདྲེན་བྱེད་དགོས་པ་དང་། ཚན་ཞིབ་འགག་སྒྲོལ་དང་། རིག་གཞུང་སྤེལ་རེས། ལག་རྩལ་མཉམ་ལས། ཚན་རིག་ཁྱབ་གདལ་དྲིལ་སྒྲོག བློ་འདྲིའི་ཞབས་ཞུ་སོགས་བྱེད་དགོས། “མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་དང་ཆེད་མཁས་པའི་ལས་དོན་ས་ཚིགས”གཏོད་རྒྱུར་སྐུལ་འདེད་བཏང་ནས་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། མཚོ་བྱང་གི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབྲི་གཡག་གསར་གཏོད་ལྟེ་གནས་ཀྱི་ལྟེ་བའི་དཔེ་སྟོན་རྟེན་གཞི་གླིང་ཁུལ་དུ་འཛུགས་པར་སྐུལ་འདེད་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཨུའི་རྩ་འཛུགས་པུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

21.ཞིང་ཕྱུགས་ཐོན་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་དགོས། “མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་གྱི་ལག་རྩལ་གསར་གཏོད་ལྟེ་གནས”འཛུགས་པར་སྐུལ་འདེད་བཏང་སྟེ། “མཚོ་བྱང་གི་ལུའུ་ཆིང་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང”བཙུགས་ཏེ། ཞིང་ཕྱུགས་ཚན་རྩལ་གསར་གཏོད་ལ་རོགས་སྐྱོར་བྱེད་པའི་ཁ་གཏད་རོགས་སྐྱོར་ཚོགས་པ་འཛུགས་དགོས་པ་དང་། འབྲི་གཡག་དང་། བོད་ལུག ནས། པད་ཁ་སོགས་ཞིང་ཕྱུགས་གཙོ་ཁྲིད་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་ཞིང་ལས་ཚན་སློབ་དང་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་དཔེ་དབྱིབས་འཚོལ་ཞིབ་བྱ་དགོས། “རྫ་མཐོའི་རྩྭ་ར་དང་སྒོ་ཕྱུགས་མ་ལག་གི་འཕྲོད་མཐུན་རང་བཞིན་གྱི་དོ་དམ་ལག་རྩལ་ལས་སྟེགས”སྟོབས་ཆེར་བཏང་ནས། མཚོ་བོད་ས་མཐོའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ཞིབ་འཇུག་གི་དཔེ་མཚོན་ཞིག་ཆགས་པར་བྱེད་དགོས། མཚོ་བྱང་ཁུལ་གྱི་འབྲི་གཡག་དང་བོད་ལུག་ཐོན་ལས་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ། འདུས་གྲུབ་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་མགོ་བརྩམ་ཏེ། འགག་རྩའི་ལག་རྩལ་བྱང་ཆུབ་པ་དང་ཐོན་ལས་ཅན་གྱི་དཔེ་སྟོན་བཙུགས་ནས། ཐོན་ལས་སྦྲེལ་ཐག་གི་ལག་རྩལ་གསར་གཏོད་ཐུབ་པ་བྱེད་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་མཐུན་སྦྱོར་སྒོས་ཚན་རྩལ་གསར་གཏོད་བྱེད་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་རྣམ་གྲངས་མགོ་རྩོམ་པའི་ཚན་ཞིབ་ཞིབ་འཇུག་ལས་དོན་སྤེལ་མགོ་རྩོམ་དགོས་པ་དང་། ཞིང་ཕྱུགས་ལག་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་དགོས། ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་ཁང་དང་མཐོ་སློབ16བར་གྱི་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། སློབ་གྲྭའིས་ཁུལཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་གྲུབ་འབྲས་དེ་བས་མང་བ་ཞིང་འབྲོག་གི་འཐབ་ས་དང་པོར་གཞན་སྒྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཨུའི་རྩ་འཛུགས་པུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

22.ཤེས་ལྡན་མི་སྣ་རྩེ་གྲ་འདུས་པར་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་ཆེད་མཁས་པའི་རིག་མཛོད་བཙུགས་ནས་ཞིང་ཆེན་ཕྱི་ནང་གི་ཞིང་ཕྱུགས་ཐད་ཀྱི་ཆེད་མཁས་པ50གདམ་དགོས་པ་དང་། ལས་སྒོའི་ཁྱབ་ཁོངས་དེ་ནས་དང་། པད་ཁ། བོད་ལུག འབྲི་གཡག གཟན་རྩྭ་བཅས་ཀྱི་ཞིང་ཕྱུགས་ཁྱབ་ཁོངས་ཆེ་གྲས་ལྔར་ཁྱབ་པ་དང་། ཐབས་ཇུས་བློ་འདྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་ཐབས་ཇུས་འཁོར་སྐྱོད་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། “མཚོ་བྱང་ཁུལ་གྱི་འབྲི་གཡག་དང་བོད་ལུག་ཐོན་ལས་ཀྱི་ལག་རྩལ་མནའ་འབྲེལ”བཙུགས་ནས་མཚོ་བྱང་ཁུལ་གྱི་ད་ཡོད་ཞིང་ཕྱུགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཐོན་སློབ་ཞིབ་གསུམ་གྱི་ཟུང་འབྲེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐོན་ཁུངས་སྤྱི་སྤྱོད་དང་། ཉེན་ཁ་མཉམ་འཁུར། ཁེ་ཕན་མཉམ་སྤྱོད་བཅས་ཀྱི་མཉམ་ལས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། “གསར་གཏོད་ཤེས་ལྡན་པ་རྩེ་གྲ་ནང་འདྲེན་བྱེད་པའི་འཆར་གཞི”ལག་བསྟར་བྱས་ཏེ། “རིག་ནུས་གཙང་གསུམ་ཆུ་མགོར་འདུས་ཏེ། མཚོ་སྔོན་གསར་པར་རམ་འདེགས་བྱེད་པའི” ཤེས་ལྡན་པའི་རྣམ་གྲངས་གཞི་རྟེན་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་སྣེ་ཁྲིད་ཤེས་ལྡན་པ་དང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་པ་ནང་འདྲེན་དང་སྐྱེད་སྲིང་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན6ནང་འདྲེན་བྱས་ཏེ་ཐོན་ལས་སྦྲེལ་ཐག་ཐོག“ཚན་རྩལ་གྱི་དགའ་ཚལ”བསྐྲུན་དགོས།སྣེ་ཁྲིད་སྡེ་ཚན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། གཞོགས་འདེགས་ཚན་པ། ཁུལ་ཨུའི་རྩ་འཛུགས་པུ་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། འགན་འཁྲིའི་སྡེ་ཚན། རྫོང་ཁག་གི་མི་དམངས་སྲིད་གཞུང་།

བཞི་པ། ལས་ཀའི་བླང་བྱ།

གཅིག མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྫོང་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། མགོ་ཁྲིད་ཚན་ཁག་གི་ལོ་འཁོར་དམིགས་ཚད་དཔྱད་ཞིབ་ནང་བཅུག་ནས་དཔྱད་ཞིབ་བྱས་འབྲས་དེ་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས། རྫོང་སྲིད་གཞུང་ཁག་དང་དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཇུས་འགོད་ནང་དངོས་སུ་ཞུགས་པ་དང་། བཀོད་འདོམས་ནང་དངོས་སུ་ཞུགས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་སྟེ། ཁུལ་གྱིས་སྤྱི་འགན་འཁུར་བ་དང་རྫོང་གིས་འགན་འཁྲི་གཙོ་བོ་འཁུར་བའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། རྫོང་སྲིད་གཞུང་ཁག་གིས་སྔ་ས་ནས་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཏེ“དུས་ཚོད་རེའུ་མིག”དང“ལས་འགན་རེའུ་མིག”བྲིས་ཏེ། ལས་ཀའི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོ་བ་དང་། ལས་ཀ་འགན་འཁྲི་ཅན་དང་འགན་འཁྲི་ཁ་གསལ་ཅན་དུ་བཏང་སྟེ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་གཙོ་གནད་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
གཉིས། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས། རྫོང་ཁག་གིས་དམིགས་ཚད་ཀྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་བརྟན་པོ་བཙུགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་རྣམ་གྲངས་རེ་རེ་བཞིན་འགག་སྒྲོལ་དང་གནད་སྨིན་ཇུས་བསྟར་བྱས་ཏེ་ཚད་བརྒལ་གསར་པ་ཡོང་བར་བརྩོན་ལེན་བྱེད་དགོས། སྣེ་ཁྲིད་སྡེ་ཚན་ཁག་གིས་སྣེ་ཁྲིད་པའི་ལས་འགན་དོན་འཁྱོལ་བྱེད་པར་སྤྱི་འགན་འཁུར་བ་དང་། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ཁ་གསལ་བཟོ་བ། སྣེ་ཁྲིད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། གཞོགས་འདེགས་ཚན་པ་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

གསུམ། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཁག་གིས་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲེལ་མ་དངུལ་དང་། འབྲེལ་མཐུད་མ་དངུལ་དང་ཁ་གཏད་རོགས་སྐྱོར་མ་དངུལ་སོགས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་ཕྱིར་གཏོང་ས་ཁུལ་གྱི་འཛུགས་སྐྲུན་ལ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་སློང་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་མ་དངུལ་གྱི་བདེ་འཇགས་དང་རྣམ་གྲངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ནོར་སྲིད་ཀྱི་མ་དངུལ་སྤྱོད་སྟངས་གསར་གཏོད་བྱས་ནས“དངུལ་ཁང་དང་ཁེ་ལས་”ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ཆེ་རུ་གཏོང་དགོས།

བཞི། བཀོད་གཏོང་བྱེད་རྒྱུ་དམ་འཛིན་བྱེད་དགོས། རྫོང་ཁག་གིས་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གོང་འོག་འབྲེལ་མཐུད་དང་། གཡས་གཡོན་འབྲེལ་གཏུག ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། བཀོད་གཏོང་ཤུགས་ཆེན་དང་། ལྟ་ཞིབ་ཡག་པོ། དཔྱད་ཞིབ་ནན་པོ་བཅས་བྱེད་དགོས། བཀོད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྩིས་ཐོའི་དོ་དམ་ལག་བསྟར་བྱས་ཏེ་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཚུལ་གཟའ་འཁོར་རེར་སྙན་སེང་ཞུ་བ་དང་། ཟླ་ཕྱེད་རེར་བཀོད་གཏོང་ཐེངས་རེ། ཟླ་རེར་བརྡ་ཁྱབ་རེ། དུས་ཚིགས་རེར་ལྟ་སྐུལ་རེ། ལོ་ཕྱེད་རེར་ཕྱོགས་སྡོམ་རེ་བཅས་བྱེད་དགོས། བརྡ་ཁྱབ་ནན་པོ་བཏང་ནས་ལས་ཀའི་བྱེད་སྟངས་དང་ལྷག་པའི་གནད་དོན་གཙོ་གནད་དུ་བཟུང་ནས་བརྡ་ཁྱབ་གཏང་དགོས།

རྫོང་སྲིད་གཞུང་ཁག་དང་དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་འཕེལ་རིམ་དང་། གྲུབ་འབྲས་ཐོབ་པ། ལྷག་པའི་གནད་དོན། ལས་ཀའི་གྲོས་མགོ་སོགས་ཀྱི་ནང་དོན་ཡིག་ཐོག་གི་རྣམ་པས2023ལོའི་ཟླ8པའི་ཚེས10ཉིན་དང་། ཟླ9པའི་ཚེས10ཉིན། ཟླ11པའི་ཚེས10 ཉིན། 2024ལོའི་ཟླ1པོའི་ཚེས10ཉིན་བཅས་སོ་སོར་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་ལས་དོན་མགོ་ཁྲིད་ཚན་ཆུང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུལ་སྙན་སེང་ཞུ་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་ཤེས་རྟོགས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།2024ལོའི་ཟླ1པོའི་ཚེས10ཉིན་བཅས་སོ་སོར་ཁུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་ལས་དོན་མགོ་ཁྲིད་ཚན་ཆུང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུལ་སྙན་སེང་ཞུ་དགོས། མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་ཤེས་རྟོགས་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།



本期证报PDF文件