མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

2023ལོའི་མཚོ་བྱང་ཁུལ་གྱི་ཁུལ་ཁོངས་ཀྱི་ནོར་ལུག་ཕྱིར་འཚོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁུལ་རིམ་པའི་ནོར་སྲིད་བྱ་དགའི་ཁ་གསབ་ཇུས་གཞི།

2024-01-09 19:18:14   |   1048

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། སངས་རྒྱས་སྐྱིད།


རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་ནོར་ལུག་ལུགས་མཐུན་ངང་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་དུ་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་བ། 《མཚོ་བྱང་ཁུལ་གྱི་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་བའི “བྱ་ཐབས་ཁག་ཉི་ཤུ”དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རང་རེའི་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཇུས་གཞི་འདི་བཟོས་པ་ཡིན།

དང་པོ། སློབ་སྟོན་བསམ་བློ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཁུལ་ཡོངས་ཀྱི“243”འཕེལ་རྒྱས་ཀྱི་བཀོད་པ་འཛུགས་རྒྱུར་དམ་པོར་དམིགས་ནས་རང་འགུལ་གྱིས་ཐོན་ལས་ཀྱི“གནས་བཞི”འཛུགས་པའི་ནང་ཞུགས་པ་དང་། ཐོན་ལས་ཀྱི་ལེགས་ཆ་ལྡན་པའི་ཞིང་འབྲོག་ཁེ་ལས་དང་ཐོན་རྫས་ཟོང་རྟགས་གཏད་དེ་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྷད་མེད་འཁོར་རྒྱུག མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་བྱེད་པ།

གཉིས་པ། སྤྱིའི་དམིགས་འབེན།

ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་དམིགས་ཚད་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ཐག་ཉེ་སར་ཕྱིར་འཚོང་བྱེད་པ། བཙོང་གྲངས་ལྟར་བྱ་དགའ་སྤྲོད་པ། འགན་དབང་འདྲ་མཉམ། ལས་ཕྱོད་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཁུལ་ཁོངས་ཀྱི་ནོར་ལུག་ཕྱིར་འཚོང་གི་ཁུལ་རིམ་པའི་ནོར་སྲིད་ཀྱི་བྱ་དགའ་སྤྲོད་པ་བརྒྱུད། རྩྭ་སའི་ཕྱུགས་ཟོག་ཚོད་འཛིན་དང་རྩྭ་ཕྱུགས་དོ་སྙོམས་ལ་ཤུགས་བསྣན་ཏེ། རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོང་དང་། ཞིང་ཕྱུགས་ལས་ཀྱི་ཁེ་ལས་ཀྱིས་སྤྱི་ཚོགས་ལ་དྲིན་བཟོ་བྱེད་པར་སྐུལ་མ་གཏོང་བ་དང་། ནོར་ལུག་ཉོ་སྒྲུབ་ཀྱི་ནུས་པར་ཤུགས་བསྣན་ཏེ། ནོར་ལུག་ཕྱིར་འཚོང་གི་ཐོན་ལས་སྦྲེལ་ཐག་ཇེ་ཆེ་བཏང་སྟེ། ཁུལ་ཡོངས་ཀྱི་ནོར་ལུག་ཕྱིར་འཚོང་གི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་ཐུབ་པ་བྱས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་གྲངས་དུས་ལྟར་ལེགས་འགྲུབ་ཡོང་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་བཀོལ་ཆོག་པའི་ཐོན་འབབ་འཕར་བའི་དམིགས་འབེན་དུས་ལྟར་ལེགས་འགྲུབ་ཡོང་བ་བཅས་ལ་འགན་ལེན་བྱེད་དགོས།

གསུམ་པ། ནང་དོན་གཙོ་བོ།

2023ལོའི་ལོ་འཁོར་གྱི་ཁུལ་རིམ་པའི་ནོར་སྲིད་ཀྱིས་ནོར་ལུག་ཕྱིར་འཚོང་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི200ལས་མི་ཉུང་བ་བཀོད་སྒྲིག་བྱས་ཏེ། གཙོ་བོ་ཁུལ་ཡོངས་ཀྱི་ནོར་ལུག་ཕྱིར་འཚོང་གི་གཏན་འཁེལ་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བ་དང་། ཚད་བརྒལ་ལེགས་འགྲུབ་བྱས་པའི་རྫོང་ཁག་གི་མི་དམངས་སྲིད་གཞུང་ལ་བྱ་དགའ་སྤྲོད་རྒྱུར་སྤྱོད་རྒྱུ་རེད།

གཉིས། རྫོང་ཁག་གིས་གཏན་འཁེལ་བྱས་པའི་ནོར་ལུག་ཕྱིར་འཚོང་གི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་པའི་རིགས་ལ་རྫོང་རེར་སྒོར་ཁྲི50ཡི་བྱ་དགའ་སྤྲོད་རྒྱུ་དང་། དེའི་རྨང་གཞིའི་སྟེང་དུ་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱེད་མཁན་ལ་སྤྱིའི་ཕྱིར་འཚོང་ལས་འགན་གྱི་བརྒྱ་ཆ3ལས་བརྒལ་ཚེ་བྱ་དགའ་སྒོར་ཁྲི10སྤྲོད་རྒྱུ་དང་འབྲེལ་3%གཞི་གྲངས་སུ་བྱས་ནས་རིམ་པ་ལྟར་འཕར་བར་བྱ་རྒྱུ་རེད།

གསུམ། རྫོང་ཁག་གིས་ཉུང་མཐར་ཡང་རྫོང་རིམ་པའི་ནོར་ལུག་ཕྱིར་འཚོང་གི་ཁ་གསབ་མ་དངུལ་སྒོར་ཁྲི200བཀོད་སྒྲིག་བྱ་རྒྱུ་དང་། ས་གནས་དེ་གའི་ནོར་ལུག་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏོང་རྒྱུར་སྤྱོད་དགོས། རྫོང་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་སོ་སོའི་ཤུགས་རྒྱག་སར་དམིགས་ནས་ཁ་གསབ་ལག་བསྟར་ཞིབ་སྲོལ་གང་མགྱོགས་སྒོས་བྲིས་ཏེ་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་སུ་བཏང་དགོས།

བཞི། རྫོང་ཁག་གི་ནོར་ལུག་ཕྱིར་འཚོང་ལས་འགན་དེ2023ལོའི་ལོ་འཁོར་གྱི་ཁུལ་གྱིས་རྫོང་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་ལས་འགན་གྱི་ཚད་གཞིར་འཛིན་དགོས། ཁུལ་ཡོངས་སུ་ནོར་གནག་མགོ་གྲངས་ཁྲི27.2དང་། ལུག་ཁྲི122.8དང་། ཁྱོན་སྡོམ་མགོ་གྲངས་ཁྲི150ཕྱིར་འཚོང་བྱ་རྒྱུ་དང་། དེའི་ནང་འཇུ་ལག་རྫོང་གིས་ནོར་གནག་མགོ་གྲངས་ཁྲི6.36དང་། ལུག་ཁྲི28.53ཟིན་པ་དང་། ཁྱོན་སྡོམ་མགོ་གྲངས་ཁྲི34.89ཕྱིར་འཚོང་བྱ་རྒྱུ། མདོ་ལ་རྫོང་གིས་ནོར་གནག་མགོ་གྲངས་ཁྲི8.51དང་། ལུག་ཁྲི33.03དང་། ཁྱོན་སྡོམ་མགོ་གྲངས་ཁྲི41.54ཟིན་པ་ཕྱིར་འཚོང་བྱ་རྒྱུ། རྐང་ཚ་རྫོང་གིས་ནོར་གནག་མགོ་གྲངས་ཁྲི7.39དང་། ལུག་ཁྲི31.82དང་། ཁྱོན་སྡོམ་མགོ་གྲངས་ཁྲི39.21ཕྱིར་འཚོང་བྱ་རྒྱུ། མདའ་བཞི་རྫོང་གིས་ནོར་གནག་མགོ་གྲངས་ཁྲི4.94དང་། ལུག་ཁྲི29.42དང་། ཁྱོན་སྡོམ་མགོ་གྲངས་ཁྲི34.36ཕྱིར་འཚོང་བྱ་རྒྱུ། རྫོང་ཁག་གི་ནོར་ལུག་ཕྱིར་འཚོང་བྱས་པའི་གྲངས་གཞི་དེ་རྒྱལ་ཁབ་སྡོམ་རྩིས་ཅུའི་མཚོ་བྱང་བརྟག་དཔྱད་རུ་ཁག་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ཚད་གཞིར་འཛིན་རྒྱུ་རེད།

བཞི་པ། ལག་བསྟར་གོ་རིམ།

གཅིག ནོར་ལུག་ཕྱིར་འཚོང་གི་འགག་སྒྲོལ་དུས་རིམ2023ལོའི་ཟླ8པའི་ཚེས25ནས་ཟླ12པའི་ཚེས25ཉིན་བརཡིན། རྫོང་ཁག་གི་མི་དམངས་སྲིད་གཞུང་གིས་ནོར་ལུག་ཕྱིར་འཚོང་གི་བྱ་དགའི་བྱ་ཐབས་བཟོས་ཏེ། ཡུལ་བབ་དང་བསྟུན་ནས་ནོར་ལུག་ཕྱིར་འཚོང་གི་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་དགོས་ཤིང་། ཞིང་འབྲོག་ཁེ་ལས་ཀྱིས་ནོར་ལུག་ཉོ་སྒྲུབ་དང་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་རྫོང་རིམ་པའི་ནོར་ལུག་ཕྱིར་འཚོང་གི་ཁ་གསབ་བྱ་དགའི་མ་དངུལ་བཀོད་སྒྲིག་བྱ་དགོས་པ་དང་། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ཡིས་ནོར་ལུག་ཕྱིར་འཚོང་བྱས་པར་སྡོམ་རྩིས་དང་བཀོད་གཏོང་བྱས་ཏེ་གྲངས་གཞི་གཅིག་གྱུར་སྦྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་དགོས།
 ཁུལ་རིམ་པའི་བྱ་དགའ་དོན་འཁྱོལ་བྱེད་པའི་དུས་རིམ་ནི2023ལོའི་ཟླ12པའི་ཚེས25ནས2024ལོའི་ཟླ1པོའི་ཚེས30ཉིནབར་ཡིན། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་དང་། ཁུལ་ནོར་སྲིད་ཅུ། ཁུལ་སྡོམ་རྩིས་ཅུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་རྫོང་ཁག་གི་ནོར་ལུག་ཕྱིར་འཚོང་གི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་དང་། དཔྱད་ཞིབ་བྱས་འབྲས་ལ་གཞིགས་ནས་ཁུལ་རིམ་པའི་བྱ་དགའི་མ་དངུལ་སྤྲོད་དགོས།

ལྔ་པ། འགན་སྲུང་བྱ་ཐབས།

གཅིག། རྫོང་ཁག་གི་མི་དམངས་སྲིད་གཞུང་ནི་ས་གནས་ཁག་གི་ནོར་ལུག་ཕྱིར་འཚོང་བྱེད་པའི་ལས་དོན་ལག་བསྟར་བྱེད་མཁན་གཙོ་བོ་ཡིན་པས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ས་གནས་ཁག་གི་ཁ་གསབ་བྱེད་ཐབས་བཟོ་བ། ཐབས་བརྒྱ་ཇུས་སྟོང་གིས་ནོར་ལུག་ཕྱིར་འཚོང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནོར་ལུག་ཕྱིར་འཚོང་གི་ལོ་འཁོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་པར་སྒྲུབ་པ་བཅས་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་དོ་སྙོམས་ཡོང་བར་སྲུང་སྐྱོང་བྱེད་དགོས། རྫོང་ཁག་གི་མི་དམངས་སྲིད་གཞུང་གིས2023ལོའི་ཟླ9པའི་ཚེས8ཉིན་གྱི་གོང་དུ་རྫོང་དེ་གའི་ནོར་ལུག་ཕྱིར་འཚོང་གི་ཁ་གསབ་བྱ་དགའི་བྱ་ཐབས་དེ་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ལ་སྙན་སེང་ཞུ་དགོས།

གཉིས། ཁུལ་དང་རྫོང་ནོར་སྲིད། ཞིང་འབྲོག་སྡེ་ཚན་བཅས་ཀྱིས་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་ཡག་པོ་བྱེད་དགོས། ཁུལ་ཞིང་ཕྱུགས་དང་། ནོར་སྲིད། ཁྲོམ་རའི་ལྟ་སྐུལ་དོ་དམ། སྡོམ་རྩིས་སོགས་སྡེ་ཚན་གྱིས་ནོར་ལུག་ཕྱིར་འཚོང་དང་དེ་བཞིན་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་དུས་ཐོག་ཏུ་བྱས་ཏེ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་རྫུན་བཟོ་མགོ་ཐད་ཀྱི་བྱེད་སྤྱོད་ལ་འབྲེལ་ཡོད་སྡེ་ཚན་དང་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དང་འབྲེལ་རྫོང་དེས་ཁུལ་རིམ་པའི་བྱ་དགའི་མ་དངུལ་ལོངས་སྤྱོད་བྱེད་པའི་ཐོབ་ཐང་མེད་པ་བཟོ་དགོས།

གསུམ། ཁུལ་རིམ་པའི་བྱ་དགའི་མ་དངུལ་དེ་གཙོ་བོ་རྫོང་ཁག་གིས་འབྲོག་ལས་ཟོང་རྟགས་གཏོད་རྒྱུ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་སྤྱོད་དགོས་པ་དང་། མི་སྣའི་གླ་ཕོགས་སྤྲོད་པ་དང་། སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་བྱེད་པ། ཐོག་ཁང་དང་ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་སོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་བཀའ་རྒྱ་བཏང་བའི་ཁྱབ་ཁོངས་ལ་སྤྱོད་རྒྱུ་གཏན་འགོག་བྱེད་དགོས།

བཞི། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ཡིས་ཁུལ་ནགས་ལས་རྩྭ་ཐང་ཅུ་དང་མཉམ་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་དོན་འཁྱོལ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རང་བྱུང་རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་རྒྱུ་སྔོན་འགོག་ནན་པོ་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱེད་དགོས།

ལྔ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ཡིས 2023ལོའི་ཟླ12པའི་ཟླ་མཇུག་ཏུ་རྫོང་ཁག་གི་ནོར་ལུག་ཕྱིར་འཚོང་ལས་འགན་ལེགས་འགྲུབ་བྱས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་དང་། དཔྱད་ཞིབ་བྱས་འབྲས་ལ་གཞིགས་ནས2024ལོའི་ཁུལ་རིམ་པའི་བྱ་དགའི་མ་དངུལ་སྤྲོད་དགོས།



本期证报PDF文件