བོད་ཡིག    |    རྒྱ་ཡིག

2023ལོའི་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ།

2023-03-01 15:25:26   |   998

རྩོམ་སྒྲིག  སངས་དོན།   ལོ་ཙཱ། བླ་མ་ཚེ་རིང་།    བཤེར་འབེབས།  རྡོ་རྗེ་བྱམས།


——2023ལོའི་ཟླ2ཚེས22ཉིན་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག

པད་རྒྱལ་བཀྲ་ཤིས།

ཨུ་ཡོན་རྣམ་པ། 

ད་ལྟ། ངས་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་བའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ། ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ། གྲོས་ཚོགས་སུ་ཟུར་ཞུགས་བྱས་པའི་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས། 

2022ལོའི་ལས་དོན་ཕྱིར་དྲན།

2022ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པའི་ལོ་ཡིན་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཀྱང་ཡིན། ལོ་ངོ་གཅིག་གི་རིང་དུ། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཇུས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་མཐུན་ཡོང་བར་ཕྱོགས་གཉིས་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟེ་བར་དམིགས་ནས་རང་འགན་གཙང་སྒྲུབ་དང་། སྤུས་ཚད་ཀྱི་སྟོན་ཕྱོགས་བཙུགས་ནས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་བཞིན། ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་པ་དང་རྣམ་པ་གསར་བ་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

གཅིག ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རྩ་བ་འདིར་དམ་པོར་དམིགས་ཏེ། དམིགས་བྱའི་རེའུ་མིག་ཁྲོད་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་སྲུང་དགོས། 

ལོ་ངོ་གཅིག་གི་རིང་དུ། རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་འདི་བརྩི་སྲུང་ནན་མོ་བྱས་ཏེ། “འདུ་ཤེས་བཞི”ཤུགས་ཆེར་ཏན་ཏིག་གཏོང་བ་དང་། “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ། སྲིད་གྲོས་ཀྱི་བྱ་གཞག་ཁ་ཕྱོགས་ཡང་དག་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད། 

རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ལས་དོན་དམ་འཛིན་ཤུགས་ཆེན་བྱས་པ། སློབ་སྦྱོང་ནི་གྲོས་ཚོགས་ཀྱི“གྲོས་གཞི་དང་པོ”དང་འགན་སྒྲུབ་བྱེད་སྒོའི“གྲོས་རིམ་ཨང་དང་པོ”རྒྱུན་འཁྱོངས་བྱས་ཏེ། སྲིད་གྲོས་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཁག་གི་སློབ་སྦྱོང་སྣེ་ཁྲིད་དུ་བྱས་ནས་ཏང་ཙུའི་གྲོས་ཚོགས་དང་། ཀྲུའུ་ཞིའི་གྲོས་ཚོགས་འདུ། རྒྱུན་ཨུའི་གྲོས་ཚོགས་ཀྱི་གཅིག་སྡུད་སློབ་སྦྱོང་དང་། ཟུར་ཁྲིད་འཆད་ཁྲིད། “དཔེ་ཀློག་སྲིད་གྲོས”ཀྱི་དཔེ་ཀློག་བྱེད་སྒོ། ཨུ་ཡོན་གསོ་སྦྱོང་སོགས་ལེ་ལག་ཚང་བའི་སློབ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་བ་དང་། ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་རྗེས། མྱུར་དུ་ཏང་ཙུའུ་ཡི་གྲོས་ཚོགས་འཚོགས་ནས་སློབ་སྦྱོང་ནན་ཏན་བྱས་པ་དང་། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཁུལ་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པ་དང་། རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་བགྲོ་གླེང་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཡོད། སློབ་སྦྱོང་བྱས་པ་བརྒྱུད། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་བསམ་བློའི་བྱང་ཚད་དང་འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་སུ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ཡོད། ལོ་ཧྲིལ་བོར་ཁུལ་སྲིད་གྲོས་ཏང་ཙུའུ་རིགས་པའི་གཞུང་ལུགས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་གྲོས་ཚོགས་ཐེངས13དང་། རྒྱུན་ཨུའི་གྲོས་ཚོགས་ཐེངས7དང་། ཀྲུའུ་ཞིའི་གྲོས་ཚོགས་ཐེངས7དང་། ཏང་ཙུའི་གྲོས་ཚོགས་ཐེངས14བཅས་སྒྲིག་འཛུགས་བྱས་ནས་འཚོགས་པ་ཡིན། 

སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་ནན་མོ་བྱས་པ། ཁུལ་ཨུའི་མགོ་ཁྲིད་འོག་སྲིད་གྲོས་ལས་དོན་སྤེལ་རྒྱུ་རང་རྟོགས་སྒོས་རྒྱུན་འཁྱོངས་བྱས་ཏེ། དོན་གནད་གལ་ཆེན་དུས་ཐོག་ཏུ་ཁུལ་ཨུ་ལ་དགོངས་སྐོར་སྙན་སེང་ཞུ་བ་དང་ཁུལ་ཨུས་བཀོད་སྒྲིག་བྱས་པའི་ལས་འགན་ཇི་མ་ཇི་བཞིན་ངང་ལེགས་སྒྲུབ་བྱས་ཏེ་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་སྲིད་གྲོས་ལས་དོན་ཁྲོད་རྩ་བ་ཚུགས་ནས་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱས། སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དཔེ་མཚོན་གསར་བ་བཏོད་དེ《དུས་རབས་གསར་བར་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཇུས་གཞི》བཟོས་ནས་ལག་བསྟར་བྱས་ལ། སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་སོགས་ཀྱི་ཐད་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཡོད། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་གྲོས་ཚོགས་འཚོགས་ཤིང་། ལས་དོན་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་བས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་གསར་བ་ཞིབ་བསྡུར་བྱས་ཏེ། བསམ་ཕྱོགས་སྔར་བས་ཁ་གསལ་དང་བྱེད་ཐབས་ཇུས་འགོད་བྱས་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བྱས་ཡོད། “ཏང་འཛུགས་སྐྱོང+འགན་སྒྲུབ”ཀྱི་ལམ་བུ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “ཆེད་དོན་ཨུ་ལྷན+ཏང་ཚོ་ཆུང+ཨུ་ཡོན”དང་། “བརྟག་ཞིབ་ལྟ་ཞིབ་ཚོ་ཆུང+ཏང་ཀྲི་པུའུ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་བྱེད་སྒོ་དང་འགན་སྒྲུབ་ལས་དོན་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་། སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིས་ཏང་ཡོན་ཨུ་ཡོན་དང་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ་སོགས་ཀྱི་ལམ་ལུགས15བཙུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཏང་འཛུགས་སྐྱོང“ཡོངས་སུ་ཁྱབ་པ་གཉིས”མངོན་འགྱུར་ཧུར་ཐག་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲིའི་གསལ་ཐོ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གསལ་ཐོ་དོན་འཁྱོལ་བྱས་ཏེ། ལས་ཁུངས་ཏང་ཙུའུ་དང་། ཆེད་དོན་ཨུ་ལྷན། ཨུ་ཡོན་བྱེད་སྒོའི་འབྲེལ་གཏུག་ཚན་ཁག་ཏང་ཚོ་ཆུང་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དུས་བཀག་ལྟར་ཉན་པ་དང་། སྲིད་གྲོས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་བྱེད་པའི་ལས་དོན་གྱི་འགན་འཁྲིའི་ལམ་ལུགས། ཏང་ཡོན་ཨུ་ཡོན་རྩ་འཛུགས་འཚོ་བའི་ལམ་ལུགས་ཉིས་རྩེག་ནང་དུ་ཞུགས་པ་སོགས་ཀྱི་ལམ་ལུགས་གཏན་འབེབས་དངོས་འདོན་བྱས།

གཉིས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངེས་གནས་འདིར་དམ་པོར་དམིགས་ནས་ཇུས་འདོན་སྲིད་སྐྱོང་ཁྲོད་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། 

ལོ་ངོ་གཅིག་གི་རིང་དུ། རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་གཙོ་གནད་འགན་སྒྲུབ་བྱེད་སྒོ་ཁག20ལྷག་ཙམ་ཇུས་འགོད་ལག་བསྟར་བྱས་པ་དང་། སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་ཐེངས4འཚོགས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཀྱི་འཐབ་ས་དང་པོའི་གྲོས་མོལ་མཉམ་འགུལ་བྱེད་སྒོ་ཐེངས1སྤེལ་བ་དང་། ཨུ་ཡོན་དང་འབྲེལ་ཡོད་སྡེ་ཚན་གྲོས་མོལ་སྤེལ་རེས་བྱེད་པར་སྒྲིག་འཛུགས་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་གྲོས་གཞི་ཕུལ་ཞིང་། ཏང་སྲིད་ཀྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སྲིད་སྐྱོང་ནུས་ལྡན་བྱ་རྒྱུར་རོགས་རམ་བྱས་ཡོད། 

ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། ཁུལ་ཡོངས་ལས་དོན་གྱི་སྤྱི་ཡོངས་ལ་བསམ་གཞིགས་དང་ལག་ལེན་བྱེད་རྒྱུ་རང་རྟོགས་ངང་རྒྱུན་འཁྱོངས་བྱས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་དེ་བས་གནད་སྨིན་དང་དེ་བས་ནུས་ལྡན་ཡོང་བར་བྱས་ཡོད། ཁུལ་ཨུའི་བཀོད་སྒྲིག་གཞིར་བཟུང་སྟེ། སྲིད་གྲོས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས“བརྟག་ཞིབ་ཆེན་པོ་དང་། ལྟ་སྐུལ་ཞིབ་བཤེར་ཆེན་པོ། དོན་འཁྱོལ་ཆེན་པོ”བཅས་ཀྱི་བྱེད་སྒོ་ཧུར་ཐག་སྒོས་སྤེལ་བ་དང་། འཐབ་ས་དང་པོར་བསྐྱོད་དེ་བརྟག་ཞིབ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་གི“གནད་དོན་རི་མོར་”ཞིང་ཆེན་རིམ་པའི་ཕན་ཚུན་ཞིབ་བཤེར་རྩིས་ལེན་དང་། མདོ་ལ་རིང་མོའི་ལྷོ་འདབས་ཏེ་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་། རིམས་ནད་འགོག་སྡོམ་དང་འཇུ་ལག“1•08”ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཁྲོད་དུ། ཁུལ་སྲིད་གྲོས་ཚན་ཁག་གི་ཁོངས་མིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་སྣེ་ཁྲིད་བྱས་ཏེ་རྫོང་དང་གྲོང་གསེབ་ཏུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། བྱ་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས། “1+10”ཡི་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་དང་། གཙོ་གནད་ལས་གཞིའི་འཛུགས་སྐྲུན། ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ། “དུས་ཆེན་གཉིས”ཀྱི་འཚམས་འདྲི་སོགས་ཀྱི་ལས་དོན་ནང་ཧུར་ཐག་ངང་ཞུགས་ནས་དོན་འཁྱོལ་དམ་འཛིན་དང་རོགས་རམ་བྱས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ལས་གཞི་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚན་ཁག་ཁོངས་མིས་འགན་གཙང་ལེན་པའི “དཔལ་དགེ་གྲོང་རྡལ་གྱི་ཁང་བ་བཀོད་སྒྲིག་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི”དང་། “མདའ་བཞི་རྫོང་ཙོང་ཆུའི་ཆུ་མགོའི་གྲོང་གསེབ་ཀྱི་དབུལ་སྐྱོར་ཡུལ་སྐོར་གཞུང་ལམ་ལས་གཞི” “འཇུ་ལག་རྫོང་སྤྱིལ་ཁྱིམ་ཁུལ་གྱི་སྒྱུར་བཀོད་ལས་གཞི” “མཚོ་བྱང་རྫས་འགྱུར་བཟོ་གྲྭའི་ཕྱི་རོལ་གྱི་སྙིགས་རོ་དང་ས་འོག་བཙོག་ཆུའི་དོ་དམ་ཚོད་འཛིན་ལས་གཞི”སོགས་འཛུགས་སྐྲུན་བྱེད་ཡུལ་ཡོངས་སུ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ལས་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་ཡིན།

དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། གསར་བརྗེའི་རིག་གནས་ཡུལ་སྐོར། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི་ཆེན་པོ་བཅུ་བཟོས་པ་མ་ཟད། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཕྱོགས་བཅུའི་ཐད་ཀྱི་འགན་སྒྲུབ་བྱ་སྤྱོད་སྤེལ་བ་ཡིན། ཡུལ་ཚོ་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས། སློབ་སྔོན་སློབ་གསོ། གྲོང་གསེབ་དར་རྒྱས་སོགས་ཀྱི་ཞིབ་འཇུག་བྱ་གཞིར་གཙོ་གནད་དུ་དམིགས་ནས་ལྟ་ཞིབ་དང་བརྟག་ཞིབ་བྱས་པས་སྙན་ཞུ6གྲུབ་པ་དང་། སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ནས་ཁུལ་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག ཁུལ་སྲིད་གྲོས་ཀྱི་བརྟག་དཔྱད་ལྟ་ཞིབ་བྱས་འབྲས་ཀྱི་སྙན་ཞུར་ཉན་ནས་གྲོས་མོལ་སྲིད་གླེང་ནན་ཏན་བྱས་ཤིང་། ཁུལ་སྲིད་གཞུང་གི་གཙོ་གཉེར་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་དོ་ཁུར་ལ་ཨ་ལན་བསློགས་ནས་ཆེད་དོན་གྲོས་མོལ་སྲིད་གླེང་གི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་བ་དང་། གྲོས་མོལ་བྱས་འབྲས་ཁག་ཅིག་དང་ལེན་དོན་འཁྱོལ་བྱས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ《ཇུས་འདོན་སྲིད་སྐྱོང་གི་ཆེད་དེབ》ཐེངས6ཕུལ་བ་དང་། དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་ཁག50ལྷག་ཙམ་བཏོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་གཙོ་གནད་གྲོས་མོལ་གྱི་གྲོས་འགོ་ཁག་གཅིག་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་ཨུ་དང་སྲིད་གཞུང་གི་དམངས་གཙོའི་ཐབས་ཇུས་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཞིང་ཆེན་ཕྱི་ནང་གི་སྲིད་གྲོས་མཚོ་བྱང་དུ་བརྟག་དཔྱད་ལྟ་ཞིབ་ཐེངས20ལྷག་ལ་ཞུགས་པར་གཞོགས་འདེགས་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་པ། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཚད་ལྡན་ཅན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་མདུན་གྲལ་དུ་སྐྱོད་པ་སོགས་ཞིབ་འཇུག་བྱ་གཞི་མང་བོར་དམིགས་ནས་བརྟག་དཔྱད་ལྟ་ཞིབ་བྱས་པ་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་ལས་སྟེགས་ཐོག་ཐབས་འདོན་ཧུར་ཐག་བྱས་པས་ཕན་འབྲས་ལེགས་པོ་བླངས། 

དམངས་འཚོའི་བདེ་སྐྱིད་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ། དམངས་འཚོར་དོ་ཁུར་དང་དམངས་དོན་དུ་འགན་འཁྲི་སྒྲུབ་པ་དེ་སྲིད་གྲོས་ལས་དོན་གྱི་འགོ་ཚུགས་ས་དང་དོན་ལ་འབབ་ས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཀའ་གནད་སེལ་བ་དང་། དམངས་ཀྱི་དཀའ་ངལ་སེལ་བའི་ཐད་ཐབས་ཤེས་འདོན་པ་དང་ཕན་འབྲས་དངོས་གནས་ཐོན་ཡོད། ཏང་ཨུ་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་འབྲེལ་གཏུག་དང་། ཤེས་རྟོགས། རྒྱབ་སྐྱོར་བཅས་བྱེད་པའི་འབྲེལ་ཟམ་ཧུར་ཐག་སྒོས་བསྐྲུན་ནས་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་ལག་ལེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ཡོད། ཁུལ་སྲིད་གྲོས་ཚན་ཁག་གི་ཁོངས་མིས་ཁུལ་ཨུ་རྒྱུན་ཨུའི་གྲོས་ཚོགས་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས། སྡེ་ཚན་གྱི་ཆེད་དོན་གྲོས་ཚོགས་སོགས་ལ་ཟུར་ཞུགས་བྱས་པ་བརྒྱུད་དམངས་འཚོའི་ཁྱབ་ཁོངས་ཀྱི་ཐབས་ཇུས་གལ་ཆེན་དང་ལས་དོན་གལ་ཆེན་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་དང་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱས། སྲིད་གཞུང་གི་དམངས་འཚོའི་ལས་དོན་དངོས་ཀྱི་ལས་གཞི་ལག་བསྟར་བྱས་ཚུལ་ལ་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། “སྲིད་གཞུང་གིས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་ལ་ཞིབ་བཤེར་རྩིས་ལེན་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ་”སོགས་དམངས་འཚོའི་རིགས་ཀྱི་གཙོ་གནད་གྲོས་གཞིའི་སྒྲུབ་གཉེར་ལ་གྲོས་མོལ་ལྟ་སྐུལ་བྱས། “ལས་ཡུལ་དང་པོའི་གྲོས་མོལ”ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ཆེ་རུ་བཏང་བ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ། འཇུ་ལག་རྫོང་དུ་ཁུལ་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལྟ་ཞིབ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ནས་ཐབས་འདོན་ཇུས་འདོན་བྱས་པས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རོགས་སྐྱོར་ལས་དོན་གྱི་ཇུས་གཞི་བཟོས་ནས་གནས་སྦྲེལ་གྲོང་ཚོའི་བྱ་བའི་འགྲོ་གྲོན་ཐག་གཅོད་བྱས་པ་དང་། གནས་སྦྲེལ་གྲོང་ཚོར་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་ལེན་དངོས་ཀྱི་ཐོག་ནས་སྲིད་གྲོས་ཀྱིས་དམངས་ལ་འགན་འཁུར་བའི་བརྩེ་སེམས་མངོན་པར་བྱས། 

གསུམ། སྤུས་ཚད་གཙོར་འཛིན་གྱི་ཁྲིད་ཕྱོགས་འདིར་དམ་པོར་དམིགས་ནས་དྲང་སྲུང་གསར་གཏོད་ཁྲོད་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ། 

ལོ་ངོ་གཅིག་གི་རིང་དུ། རྒྱུན་ལས་ཨུ་ལྷན་གྱིས“གྲངས་འབོར་འོས་འཚམ་དང་། གནད་འཁེལ་གཙོར་འཛིན། སྤུས་ཚད་གནད་འཛིན”བཅས་ཀྱི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ། ལས་དོན་འདུ་ཤེས་དང་། ལམ་སྲོལ། བྱེད་ཐབས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། 

གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་བ། “བརྟག་དཔྱད་ཞིབ་འཇུག+”ལམ་སྲོལ་དོན་འཁྱོལ་བྱས་ནས་གྲོས་མོལ་སྲིད་གླེང་གི་སྤུས་ཚད་གདེང་འཇོག་བྱེད་ཐབས་གཏན་འབེབས་བྱས། ཚོགས་འདུའི་གྲོས་མོལ་བྱེད་རིང་གི་མཉམ་འགུལ་ལྷུ་ཚིགས་ཇེ་མང་དུ་བཏང་ནས། ཏང་སྲིད་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གདན་དྲངས་ནས་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། དོགས་གནད་སེལ་བ། ཚོགས་ཞུགས་མི་སྣས་འཕྲལ་མར་གཏམ་བཤད་སྤེལ་བ། ངོ་ཐུག་གདོང་འཕྲད་ཀྱིས་བསམ་འཆར་སྤེལ་རེས་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཆགས་པར་བྱ་རྒྱུའི་ཁྲིད་སྟོན་བྱས། གྲོས་མོལ་བྱས་རྗེས་གྲོས་མོལ་བྱས་འབྲས་དུས་ཐོག་ཏུ་ཞུ་འབུལ་དང་། རྗེས་སྙེག་ལྟ་སྐུལ་གྱི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲུབ་འབྲས་དངོས་སྒྱུར་ལ་སྐུལ་འདེད་བཏང་ཡོད། བརྟག་དཔྱད་ལྟ་ཞིབ་སྙན་ཞུའི་སྤུས་ཚད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་བྱེད་སྒོ་སྤེལ་ནས་བརྟག་དཔྱད་ལྟ་ཞིབ་ཀྱི་ཕན་འབྲས་ཇེ་ཆེར་བཏང་། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་རིག་མཛོད་དང་སྲིད་ཞུགས་སྲིད་གླེང་གི་ཤེས་ལྡན་མི་སྣའི་བང་མཛོད་བཙུགས་པ་དང་། མཛོད་འཇུག་ཤེས་ལྡན་མི་སྣ40བདམས་ནས་སྤུས་ཚད་མཐོ་བའི་སྲིད་སྐྱོང་ཇུས་འདོན་ལ་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 

གྲོས་གཞིའི་སྤུས་ཚད་ཇེ་མཐོ་དང་གྲུབ་འབྲས་གཞན་སྒྱུར་ལ་ཧུར་ཐག་བྱས་པ། ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་སྣེ་ཁྲིད་པ་དང་། གྲོས་གཞི་ཨུ་ལྷན་གྱིས་གཙོ་གཉེར་བྱེད་པ། ཨུ་ལྷན་མང་པོ་མཉམ་འགུལ་གྱིས་ལྟ་སྐུལ་བྱེད་པའི་ལམ་སྲོལ་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ། རྩིས་ཁྲ་ཅན་གྱི་དོ་དམ་དང་རྩིས་ཐོ་གཙང་སེལ་ཅན་གྱི་སྒྲུབ་གཉེར་ཁྱབ་སྤེལ་བཏང་ཞིང་། དུས་ཐོག་ཏུ་གྲོས་གཞི་སྒྲུབ་འབུལ་གྱི་གྲོས་ཚོགས་འཚོགས་ནས་གྲོས་གཞི་སྒྲུབ་པའི་ལས་དོན་གྱི་ལས་འགན་རིམ་པ་བཞིན་དབྱེ་འབྱེད་བྱས་ཏེ་འགན་འཁྲི་ཁ་གསལ་བཟོས་ཡོད། གྲོས་གཞིའི་སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་བདམས་ཆོས་བདམས་པ་དང་། གྲོས་གཞི་གཙོ་བོ་སྒྲུབ་གཉེར་བྱས་ཚུལ་ལ་སྣེ་ཁྲིད་དང་བརྟག་ཞིབ་བྱེད་པ། གྲོས་གཞི་དང་གྲོས་འགོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཀྱིས་སྒྲུབ་གཉེར་བྱས་པའི“གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར”དང“རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུའི་སྐོར”སོགས་གཙོ་གནད་གྲོས་གཞི་སྒྲུབ་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། དམངས་འཚོ་དང་འཕེལ་རྒྱས་ཀྱི་གནད་དོན་ཁག་ཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་ཡིན། དེ་དང་ཆབས་ཅིག གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་ཕྱོགས་གཉིས་པོའི་དམངས་གཙོའི་དཔྱད་མོལ་ཧུར་ཐག་སྒོས་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་དམངས་སྲིད་ཅུ། ཁུལ་སློབ་གསོ་ཅུ་སོགས་ལས་ཁུངས7གྱི་གྲོས་གཞི་སྒྲུབ་གཉེར་བྱས་ཚུལ་ལ་ཕྱོགས་གཉིས་པོའི་དམངས་གཙོའི་དཔྱད་མོལ་བྱས་པས། གྲོས་གཞིའི་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཞིང་། གྲོས་གཞི་དེ་དུས་ཐོག་ཏུ་སྒྲུབ་པ་ནས་སྤུས་ཚད་མཐོ་བའི་སྒོ་ནས་སྒྲུབ་པའི་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད་ལ། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཞིབ་བཤེར་བྱས་ནས་ཐོ་འགོད་བྱས་པའི་གྲོས་གཞི33ཚང་མ་བསྒྲུབས་ཚར་ཞིང་། བསྒྲུབས་ཚར་ཚད་དང་བློ་ཡིད་ཚིམ་ཚད100%ཟིན་ཡོད། 

སྲིད་གྲོས་མ་ལག་གི་དྲ་རྒྱའི་གྲོས་མོལ་སྲིད་གླེང་གི་རྣམ་པ་གསར་བ་ཧུར་གྱིས་བཏོད་པ། ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཞིང་ཆེན་ནས་ཁུལ་དང་རྫོང་བཞིའི་སྲིད་གྲོས་ཡན་ལག་ཚོགས་རའི་དབར་བརྙན་ལམ་མཐའ་སྣེའི་ལས་སྟེགས་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཤིང་། ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་ར་དང་རྒྱང་རིང་སྦྲེལ་མཐུད། ཕན་ཚུན་སྦྲེལ་མཐུད་ཚང་མ་མངོན་གྱུར་བྱུང་ཡོད། ལོ་འདིའི་ཚུན་དུ། ཞིང་ཆེན་སྲིད་གྲོས་ཀྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཛུགས་སྐྲུན་ལ་གཏད་དེ། ‘རབ་མཛེས་མཚོ་སྔོན’རྟགས་མའི་རིན་ཐང་དང་ཤུགས་རྐྱེན་ཐེབས་ཤུགས་མཐོར་འདེགས”ཀྱི་ཟླ་གཉིས་བཞུགས་མོལ་གྲོས་ཚོགས་སོགས་ལ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་གསུམ་དྲ་རྒྱའི་སྲིད་གླེང་གི་རྒྱང་རིང་གྲོས་མོལ་བརྙན་ལམ་སྦྲེལ་མཐུད་ཐེངས6བྱས་པ་དང་། ཁུལ་དང་རྫོང་གི་དྲ་རྒྱའི་སྲིད་གླེང་གི་རྒྱང་རིང་གྲོས་མོལ་ཐོག་མ་སྤེལ་ཞིང་།  ཁུལ་དང་རྫོང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་དང་ཨུ་ཡོན་ཁག་ཅིག་དྲ་རྒྱའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་བྱེད་གསོ་སྦྱོང་འཛིན་གྲྭ་དང་། དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཟབ་ཞུགས་བྱས་པ་ཡིན། 

“ཁྱེད་རང་ཕེབས་ནས་གྲོས་མོལ་གནང་རོགས”ཞེས་པའི་ལས་སྟེགས་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཇེ་ཟབ་ཏུ་སྤེལ་བ། ནན་ཏན་སྒོས《དུས་རབས་གསར་བའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་བསམ་འཆར》ལག་བསྟར་དངོས་འབེབས་བྱས་ཏེ། རྫོང་སོ་སོའི་སྲིད་གྲོས་ཀྱི“ཁྱེད་རང་ཕེབས་ནས་གྲོས་མོལ་གནང་རོགས”ཞེས་པའི་བྱེད་སྒོའི་བརྒྱུད་རིམ་དང་། ཐེངས་གྲངས་ཀྱི་བླང་བྱར་མཛུབ་ཁྲིད་གནང་ཞིང་།  ལས་སྟེགས་འཁོར་སྐྱོད་ཀྱི་རིམ་ལྡན་ཚུལ་མཐུན་ལ་ཁེག་ཐག་བྱས། ལོ་ཧྲིལ་བོར་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཀྱིས་ཁྱོན་སྡོམ“ཁྱེད་རང་ཕེབས་ནས་གྲོས་མོལ་གནང་རོགས”ཞེས་པའི་བྱེད་སྒོ་ཐེངས82སྤེལ་བ་དང་། བསམ་ཚུལ་གྲོས་གཞི110ལྷག་བཏོན། བསམ་ཚུལ་གྲོས་གཞི64བསྡུ་རུབ་དང་ལེན་བྱས་ཡོད། གཞི་རིམ་གྲོས་མོལ་དང་རྒྱང་རིང་གྲོས་མོལ་སོགས་གསར་གཏོད་བྱེད་ཐབས་ལ་གཡུར་ཟའི་གྲུབ་འབྲས་ལོན་པ་དང་། ཡོངས་ཁྱབ་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།

བཞི། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་གཙོ་བོ་འདི་ལ་དམ་པོར་དམིགས་ཏེ། ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཁྲོད་ཆེས་ཆེ་བའི་གཅིག་མཐུན་སེམས་པའི་རི་མོ་བྲིས་པ།

ལོ་ངོ་གཅིག་གི་རིང་དུ། རྒྱུན་ལས་ཨུ་ལྷན་གྱིས་ཐུན་མོང་ངོས་འཛིན་གཅིག་གྱུར་ནི་སྲིད་གྲོས་ལས་དོན་གྱི་གཙོ་གནད་གོ་གནས་སུ་བཞག་ཅིང་། མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆེས་ཆེ་བའི་སྤྱིའི་གྲངས་འབོར་འཚོལ་ཞིབ་དང་དྲང་ནུས་ཆེ་ཤོས་གཅིག་སྒྲིལ་བྱས་ཡོད།

གོམ་གང་མདུན་སྤོས་ཀྱིས་སྲིད་གྲོས་ཀྱི་དྲིལ་སྒྲོག་བསམ་བློའི་ལས་དོན་ལ་ཤུགས་བསྣན་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་རྒྱུན་འཁྱོངས་སྒོས། དྲིལ་སྒྲོག་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་གཉིས་ཟུང་འབྲེལ་བྱས་ཏེ། འགན་སྒྲུབ་ལག་ལེན་ཁྲོད་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་འབྲེལ་གཏུག་གྲོས་ཚོགས་དང་དྲིལ་སྒྲོག་བསམ་བློའི་ལས་དོན་གྱི་གྲོས་ཚོགས་འཚོགས་ནས། གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་སྒྲོག་བསམ་བློའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དྲིལ་སྒྲོག་བསམ་བློའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཆབ་སྲིད་གྲོས་མོལ་ལམ་ལུགས་དང་སྲིད་གྲོས་ལས་དོན་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ཡོད། 《སྲིད་གྲོས་མཚོ་བྱང་ཁུལ་ཨུ་ལྷན་གྱིས་དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློའི་ལས་དོན་ལ་ཤུགས་སྣོན་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གཏན་འབེབས་ལག་བསྟར་བྱས་ཏེ། མཛུབ་ཁྲིད་བསམ་བློ་དང་། ནང་དོན་གཙོ་བོ། བྱ་བའི་ཐེག་བྱེད་འཛུགས་སྐྲུན་དང་བེད་སྤྱོད་སོགས་ཀྱི་ཐད་ནས་ཞིབ་ཕྲའི་ལས་དོན་རབ་དང་རིམ་པ་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད། ལོ་འདིའི་ནང་དུ་སྒྲོག་འགྲེལ་སྣ་ཚོགས10ལྷག་སྤེལ་བ་དང་། སྨྱན་བྱད་ཀྱིས་སྲིད་གྲོས་ལས་དོན་དང་ཨུ་ཡོན་གྱི་འགན་སྒྲུབ་བྱེད་སྒོ་ཐེངས30ལྷག་དྲིལ་སྒྲོག་བྱས་ཤིང་།  སྲིད་གྲོས་ཆ་འཕྲིན100སྒྲིག་སྤེལ་བྱས། ཨུ་ཡོན་སྒྲིག་འཛུགས་བྱས་ནས་རིགས་ཁོངས་མང་ཚོགས་ཁྲོད་དུ་སྲིད་གྲོས་འགན་སྒྲུབ་གྱི་གཏམ་རྒྱུད་ལེགས་པོ་བཤད་ཅིང་། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་རྣམ་འགྱུར་དང་། སྤྱི་ཚོགས་ཀྱི་བརྩེ་བ། འགན་འཁྲི་འཁུར་སེམས་བཅས་མངོན་པར་བྱས་ཡོད།

ཐབས་མང་མཉམ་སྤྱོད་ཀྱིས་མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་སྲ་བརྟན་དུ་བཏང་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ལ་དམ་པོར་དམིགས་ཤིང། མི་རིགས་ཁག་དང་ལས་རིགས་སོ་སོའི་མི་སྣའི་ཆེས་ཆེ་བའི་ཐུན་མོང་ངོས་འཛིན་ཚད་ཀྱི་གོང་འཕེལ་ལ་ཁྲིད་སྟོན་བྱས་ཏེ་ཆེས་ཆེ་བའི་གོང་བུ་འགྲིལ་ཤུགས་གྲུབ་ཡོད། མི་རིགས་ཁག་དང་ལས་རིགས་སོ་སོའི་མི་སྣ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་འབྲེལ་གཏུག་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཏང་ཙུའུ་ཁོངས་མི་དང་ཏང་ཕྱིའི་འཐུས་ཚབ་མི་སྣ། སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས། དཔལ་འབྱོར་རྩ་འཛུགས་གསར་བ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”བཅས་ཀྱི་འབྲེལ་གཏུག་ལམ་སྲོལ་དོན་འཁྱོལ་བྱས་ཏེ། སྲིད་གླེང་ཇུས་འདོན་དང་། སེམས་ནུས་གཅིག་སྒྲིལ་གཉིས་གཅིག་མཐུན་ཇུས་འགོད་དང་གཅིག་གྱུར་དོན་འཁྱོལ་བྱས་པ་ཡིན། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། སེམས་གཏམ་གླེང་བ་དང་། ཉེ་བཅར་འཚམས་འདྲི་ལམ་ལུགས་དངོས་འབེབས་བྱས་ནས། ཚན་པའི་ཁོངས་མིས་ཆོས་ལུགས་མི་སྣ་དང་། ཏང་ཕྱིའི་མི་སྣ། ཏང་ཕྱི་ནང་གི་ཨུ་ཡོན120ལ་འཚམས་འདྲིར་སོང་། ཨུ་ཡོན་རྣམས་ཀྱིས་སྣེ་ཁྲིད་དེ་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས་སུ་བསྐྱོད་དེ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཕྱོགས་སྲིད་ཇུས་དྲིལ་སྒྲོག་བརྒྱུད། བསམ་བློའི་ཐུན་མོང་འདུ་ཤེས་གཅིག་སྒྲིལ་དང་། འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་བྱས། ཨུ་ཡོན་ལ་བློས་བསླངས་བརྒྱུད་ལས་ཁག་སོ་སོ་ནས་རྐང་བཙུགས་ཏེ་ཐུན་མོང་འདུ་ཤེས་བརྒྱུད་སྒྲོག་དང་།  རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ། ཏང་གི་བཀའ་དྲིན་གཟོ་བ། ཏང་གི་གསུངས་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་བྱས་ཡོད། 

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་འགུལ་ངང་སྐུལ་འདེད་བཏང་བ། 《མཚོ་བྱང་ཁུལ་སྲིད་གྲོས་མ་ལག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》གཏན་འབེབས་ལག་བསྟར་བྱས་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོའི་འཛུགས་སྐྲུན་གྱི་ཁྲིད་སྟོན་ལ་དམིགས་ནས་ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་དང་ལས་ཁག་མཉམ་འབྲེལ་བརྟག་དཔྱད་ལྟ་ཞིབ་བྱེད་པར་རྩ་འཛུགས་བྱས།  ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི“སྐྱོད་པ་བཅུ་གཉིས་བྱེད་སྒོའི”དོན་འཁྱོལ་ལས་དོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་ལག་བསྟར། བོད་སྐད་ཡིག་ལས་དོན་སྲོལ་ཡིག་གི་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་ལྟ་ཞིབ་བྱས་པ་ཡིན། ཞིང་ཆེན་སྲིད་གྲོས་ལ་གཞོགས་འདེགས་བྱས་ཏེ“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གོ་རིམ་ཁྲོད་མཚོ་སྔོན་མདུན་གྲས་ན་སྐྱོད་པའི་ལམ་ཕྱོས་དང་བྱེད་ཐབས”ལ་ཆེད་དོན་བརྟག་ཞིབ་གནང་། མི་རིགས་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར་ཧུར་ཐག་རྒྱབ་སྐྱོར་དང་ཟབ་ཞུགས་བྱས་ཤིང་། མི་རིགས་ཆོས་ལུགས་ཁག་གི་མི་སྣའི་རྒྱུན་ལྡན་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་འདེད་བཏང་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུས།

རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆའི་བསྡུ་སྒྲིག་ལས་དོན་ལ་ཤུགས་བསྣན་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ན་ནིང་མཚོ་བྱང་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་དངོས་སུ་བཙུགས་པ་དང་། རིག་གནས་ལོ་རྒྱུས་དཔྱད་ཡིག་བསྡུ་སྒྲིག་གི་ཆེད་སྤྱོད་མ་དངུལ་སྒོར་ཁྲི80དངོས་འབེབས་བྱས། རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆའི་ལས་དོན་དེ་མ་ལག་ལྡན་པའི་ལས་གཞི་ཞིག་ཏུ་བརྩིས་ནས་དམ་འཛིན་རྒྱུན་འཁྱོངས་བྱས་ཤིང་། ཁུལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་རྒྱུ་ཆ་བྱ་བའི་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ། 《མཚོ་བྱང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་བསྡུ་སྒྲིག་བྱ་བའི་ལོ་ལྔའི་འཆར་འགོད》གཏན་འབེབས་ལག་བསྟར་བྱས། མིག་སྔར《མཚོ་བྱང་ཁུལ་སྲིད་གྲོས་ལོ་རྒྱུས》དང《མཚོ་བྱང་སོག་རིགས་ཀྱི་དམངས་སྲོལ་གོམས་གཤིས》ཀྱི་བསྡུ་སྒྲིག་ལས་དོན་ལེགས་འགྲུབ་བྱས། 《གསེར་དངུལ་ཐང་གི་འབྲོག་པའི་གནས་སྤོ》《ཀྲུང་གོའི་ཐོག་དང་པོའི་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་རྟེན་གཞིའི་གནའ་ཤུལ》《མཚོ་བྱང་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས》《མཚོ་བྱང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ》མ་ཟད། མཚོ་བྱང་གི་བཟོ་ལས་དང་ཞིང་ཕྱུགས། སློབ་གསོ། རིག་གནས་བྱ་གཞག་ཐད་ཀྱི་རིག་གནས་ལོ་རྒྱུས་ཀྱི་བསྡུ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་སྒྲིག་ལས་དོན་ལ་གཞོགས་འདེགས་དང་། རིག་གནས་ལོ་རྒྱུས་དཔྱད་ཡིག་གིས་ལོ་རྒྱུས་སྲིད་གླེང་དང་། མཐུན་སྒྲིལ་མི་གསོས་བྱེད་ནུས་སྔར་བས་མངོན་གསལ་དུ་གྱུར་ཡོད།

ལྔ། འགན་སྒྲུབ་ནུས་པ་མཐོར་འདེགས་ཀྱི་འགན་སྲུང་ལ་དམ་པོར་དམིགས་ཏེ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྲིད་གྲོས་ཀྱི་གཟུགས་བརྙན་ལེགས་པོར་བསྐྲུན་པ།

ལོ་ངོ་གཅིག་གི་རིང་དུ། རྒྱུན་ལས་ཨུ་ལྷན་གྱིས་རྒྱུན་འཁྱོངས་ལྷོད་མེད་དང་། ཐབས་མང་མཉམ་སྤྱོད་ཀྱིས་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་ཀྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། ཧུར་ཐག་སྒོས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་བ་བསྐྲུན་ཡོད།

སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་ཨུ་ཡོན་ལ་འབྲེལ་གཏུག་འཚམས་འདྲི་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་གྱི་ཚད་འབེབས་དཔྱད་བསྡུར་ལས་དོན་ལ་ཤུགས་བསྣན་པ་ཡིན། ཨུ་ཡོན་འགན་སྒྲུབ་ཀྱི་གློག་རྡུལ་ཡིག་ཚགས་ཀྱི་དོ་དམ་རྒྱུན་མཐུད་ངང་ལེགས་པོར་སྒྲུབ་པ་དང་། “ཨུ་ཡོན་གྱི་ལས་བྱ”རྩིས་སྤྲོད་ཡག་པོ་བྱེད་པར་ལྟ་སྐུལ་གནང་ཞིང་། སྲིད་གྲོས་ཨུ་ཡོན་གྱི“ལྔ་ཚན་གཅིག”གི་འགན་སྒྲུབ་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཨུ་ཡོན་གྱི་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། དངོས་གནས་ཨུ་ཡོན་འགན་སྒྲུབ་ཀྱི་རང་རྟོགས་རང་བཞིན་དང་ཧུར་ཐག་རང་བཞིན་ལ་ཤུགས་བསྣན་ཏེ། སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ལ་རྨང་གཞི་བཞག་ཡོད། སྲིད་གྲོས་ཀྱི་འགན་སྒྲུབ་ལས་དོན་དང་། ཨུ་ཡོན་གྱི་ཞབས་ཞུའི་དོ་དམ་ལམ་ལུགས40ལྷག་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཞིང། ཁུལ་སྲིད་གྲོས་ལས་ཁུངས་ཀྱི“ཨུ་ཡོན་གྱི་ཁྱིམ་ཚང”འཛུགས་སྐྲུན་ཚད་ལྡན་བྱས། ཕྱོགས་ཡོངས་ནས་ཨུ་ཡོན་གྱིས་འགན་འཁྲི་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཤིང་། ཨུ་ཡོན་གྱི་འབྲེལ་གཏུག་ལས་དོན་ལ་ཤུགས་སྣོན་ཐེབས་པ་དང་བྱེད་པོའི་ནུས་པ་སྔར་བས་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད།

རྫོང་རིམ་པའི་སྲིད་གྲོས་ལས་དོན་གྱི་འབྲེལ་གཏུག་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། 《རྫོང་སྲིད་གྲོས་ཀྱི་འབྲེལ་གཏུག་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིས་རྫོང་གི་སྲིད་གྲོས་ལས་དོན་ལ་འགན་གཙང་ལེན་ཀྱི་མཛུབ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁུལ་དང་རྫོང་སྲིད་གྲོས་ཀྱི་ལས་ཡུལ་དང་པོའི་གྲོས་མོལ་སྲིད་གླེང་གྲོས་ཚོགས་འཚོགས་ནས། སློབ་སྦྱོང་བརྗེ་རེས་ལ་ཤུགས་བསྣན་ཞིང་། “བསམ་བློ་མཉམ་འདྲེན་དང་། གནད་དོན་མཉམ་གཅོད། འགན་ཁུར་མཉམ་སྒྲུབ། དཔུང་ཁག་མཉམ་སྐྲུན”བཅས་ཀྱི་རྣམ་པ་གསར་བ་བཙུགས། སྲིད་གྲོས་ལས་དོན་གྱི་ཆེད་དོན་བརྟག་ཞིབ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཁུལ་དང་རྫོང་གི་སྲིད་གྲོས་ལས་དོན་གྱི“ཉམས་ཞན་གཉིས”ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ཡུལ་ཚོ་དང་གྲོང་རྡལ་སྲིད་གྲོས་ལས་དོན་གྱི་འབྲེལ་གཏུག་གཞུང་ལས་ཁང་ཚང་མས་སྒོ་བྱང་བཀལ་ནས་ཚད་ལྡན་ངང་འཁོར་སྐྱོད་བྱས་ཡོད་ལ། ཁུལ་ཡོངས་སུ་སྡེ་བ་རིམ་པའི“ཁང་གཉིས་ལས་སྟེགས་གཅིག”214བཙུགས་ཡོད་པར་མ་ཟད་བེད་སྤྱོད་གཏོང་མགོ་ཚུགས་ཡོད།

སྲིད་གྲོས་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པ།  “རིགས་ལྔའི་ལས་ཁུངས”འཛུགས་སྐྲུན་ཧུར་ཐག་སྒོས་སྤེལ་ཞིང་། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་དོན་གྱི་ཕྱོགས་ཡོངས་འཕེལ་རྒྱས་དང་། ཕྱོགས་ཡོངས་ཇེ་ལེགས་སུ་འགྲོ་བར་སྔར་བས་སྐུལ་འདེད་བཏང་ཡོད། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་སྒྲིག་གཞི་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། བྱ་ལས་སྒྲིག་ཁོངས5ཁ་བསྣན་ཞིང། ཆེད་དོན་ཨུ་ལྷན་ཁག་གི་འགན་འཁུར་བ་བཀོད་སྒྲིག་ཆ་ཚང་བྱས་པར་མ་ཟད། སྲིད་གཞུང་གི་ལས་བཟོ5ཡི་ཆེད་དོན་ཨུ་ལྷན་གྱི་ནམ་རྒྱུན་ལས་དོན་གྱི་གཞོགས་འདེགས་གནད་དོན་ཐག་གཅོད་བྱས་ཤིང་། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་སྒྲིག་གཞི་ཅུང་ཉུང་བ་དང་མི་སྣའི་སྟོབས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཡིག་རིགས་དང་། གྲོས་ཚོགས། ལས་དོན་སྒྲུབ་པ་ཐད་ཀྱི་ལམ་ལུགས་ལ་མཛུབ་ཁྲིད་དང་བཟོ་བཅོས་བྱས་ཏེ། རྩོམ་ལུགས་དང་ཚོགས་སྲོལ་རྒྱུན་མཐུད་ངང་བསྒྱུར་བ་བཏང་། བརྟག་དཔྱད་ཞིབ་འཇུག་དང་གཟིགས་ཞིབ་རྟོག་ཞིབ་ཀྱི་ལས་ཀའི་བྱེད་སྟངས་ལེགས་བཅོས་བྱས་ཤིང་། “ལས་ཡུལ་དང་པོའི་བྱ་བའི་ཁྲིམས་སྲོལ”རྒྱ་སྐྱེད་བཏང་ནས། བརྟག་དཔྱད་ལྟ་ཞིབ་ཀྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་བཏང་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་སོགས་ལག་བསྟར་ནན་མོ་བྱས་པ་དང་། “སྤྱོད་ཚུལ་བཞི”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། སྐོར་གཟིགས་སྐོར་དཔྱོད་ཀྱི་ལྡོག་ལན་གནད་དོན་གྱི་དག་ཐེར་ལས་དོན་ལེགས་པོར་བསྒྲུབས་པ་དང་། མངགས་སྡོད་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གི་འགན་འཁྲི་སྒྲུབ་སྐྱོང་ལ་རྒྱབ་སྐྱོར་བཅས་བྱས་ནས། སྲིད་གྲོས་ལས་ཁུངས་ཀྱི་སྲོལ་ལེགས་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་སྔར་བས་ལེགས་པོར་བསྐྲུན་ཡོད།

ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་དུ། ཁུལ་སྲིད་གྲོས་ལ་ཐོབ་པའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བའི་འབྲས་བུ་དང་། ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱི་སྣེ་ཁྲིད་ཀྱི་འབྲས་བུ། ཞིང་ཆེན་སྲིད་གྲོས་ཀྱིས་མཛུབ་ཁྲིད་ནུས་ལྡན་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་སོ་སོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་དང་། སྐབས་སྔོན་མ་དག་གི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་རྒན་པ་དང་། བློ་མཐུན་རྒན་པས་ཐུགས་ཁུར་གནང་བའི་འབྲས་བུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་སྒྲིག་འཛུགས་དང་། སྲིད་གྲོས་ལ་ཚོགས་ཞུགས་གནང་བའི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་འབད་འཐབ་ཀྱི་འབྲས་བུ་བཅས་ཡིན།  འདི་ནས། ངས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུར་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་བ་ཡིན།

དུས་མཚུངས་སུ། སྲིད་གྲོས་ལས་དོན་དེ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་བླང་བྱ་གསར་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་རེ་སྒུག་གསར་བ་དང་སྔར་བཞིན་ཧེ་བག་ངེས་ཅན་ཡོད་པ་ང་ཚོས་གསལ་བོར་རྟོགས་ཡོད། ཆེད་དོན་གྲོས་མོལ་སྒྲིག་གཞིས་ནུས་པ་འདོན་སྤེལ་ལེགས་པོ་ཐོན་མེད་པ་དང་། ངོས་འཛིན་གཅིག་མཐུན་གྱི་ནུས་ལྡན་གཞི་རྟེན་ད་དུང་ཕུན་སུམ་མི་ཚོགས་ཤིང་། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་སྟངས་དང་བྱེད་ཐབས་ད་དུང་སྣ་མང་མེད་པ། ལས་ཁུངས་ཀྱི་ལས་བྱེད་དང་སྲིད་གྲོས་ཨུ་ཡོན་ཁག་ཅིག་གི་འགན་སྒྲུབ་ནུས་པ་སྔར་ལས་མཐོར་འདེགས་གཏོང་དགོས་པའི་གནད་དོན་སོགས་ཡོད་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཞིབ་འཇུག་ནན་ཏན་བརྒྱུད་ཐག་གཅོད་ཡང་དག་བྱེད་ངེས་ཡིན། 

2023ལོའི་ལས་དོན་བཀོད་སྒྲིག

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། “ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཞིག་ཡིན་པས། ད་ལོའི་ལས་དོན་ཡག་པོར་བསྒྲུབ་པ་ལ་དོན་སྙིང་གཏིང་ཟབ་ལྡན་ལ་འགན་འཁྲི་ཤིན་ཏུ་ལྕི། ད་ལོའི་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་རུ་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ནས། ཁྱོན་ཡོངས་ནས་ཁུལ་ཏང་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་དང་བཀོད་འདོམས་ལག་བསྟར་བྱེད་པ་དང་། ཁུལ་ཨུའི་བརྟན་བརླིང་གི་མགོ་ཁྲིད་འོག་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་མཚམས་གསར་བ་དང་འགན་འཁྲི་གསར་བ་དམ་དུ་བཟུང་ཞིང་། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་བསྣན་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་དང་། ལྟེ་བར་དམ་པོར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁུལ་ཨུའི“243”འཕེལ་རྒྱས་སྒྲིག་བཀོད་གཏན་ཁེལ་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི”འཛུགས་སྐྲུན་འབད་བརྩོན་གྱིས་འབྲི་བའི་མཚོ་བྱང་གི་རབ་བྱེད་ཁྲོད་ནུས་ཤུགས་སྔར་བས་ཆེ་བ་བཏོན་ནས་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས།

(གཅིག)ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། གནས་ཚད་མཐོ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་བརྟེན་ནས་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་འདི་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དམ་འཛིན་ནན་པོ་ལྔ”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་སྒོས། ཏང་ཀྲུང་དབྱང་གི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་རྒྱུན་འཁྱོངས་བྱེད་པའི《ཐག་གཅོད》ལས་བཏོན་པའི“དམིགས་པ་བདུན”ལ་དམ་པོར་དམིགས་ནས། རྒྱུན་མཐུད་ངང་ཏང་ཙུའུ་ལྟེ་བའི་ཚན་ཁག་གི་སློབ་སྦྱོང་དང་། ཀྲུའུ་ཞི་ཚོགས་འདུའི་སློབ་སྦྱོང་། རྒྱུན་ལས་ཨུ་ལྷན་གྱི་ཐུན་མོང་སློབ་སྦྱོང་། ཏང་ཀྲི་པུའི་ཐུན་མོང་སློབ་སྦྱོང་བཅས་དམ་འཛིན་བྱས་ཏེ། ཆེད་དོན་འཆད་ཁྲིད་སྤེལ་བ་དང་། སྙན་ཞུའི་ཚོགས་འདུར་མཛུབ་ཁྲིད་བྱས་ནས། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་རྒྱུས་ལོན་དང་དྲིལ་སྒྲོག་འགྲེལ་བཤད་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་འདོམས་ཐོག་གཅིག་གྱུར་བྱེད་དགོས་ལ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་གཙིགས་སུ་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་དུ་སྦྲེལ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཟུང་དུ་སྦྲེལ་ནས། སློབ་སྦྱོང་སློབ་གསོ་དེ་གཟིགས་ཞིབ་རྟོག་ཞིབ་དང་། ཆེད་དོན་བརྟག་ཞིབ། གྲོས་མོལ་སྲིད་གླེང་སོགས་ཀྱི་འགན་སྒྲུབ་ལག་ལེན་བྱེད་སྒོའི་ཁྲོད་བཅུག་སྟེ། རྒྱ་ཆེའི་ཨུ་ཡོན་རྣམས་ལ་སྣང་བ་མངོན་སུམ་ལྟར་དུ་གྲུབ་འབྲས་གསར་བ་ཉམས་སུ་མྱོང་བ་དང་། བསམ་བློ་གསར་བར་རྒྱུས་ལོན་བྱེད་དུ་བཅུག་ནས། ངང་འགྱུར་རིམ་སད་ཀྱི་སྒོ་ནས“འདུ་ཤེས་བཞི”ལ་ཤུགས་སྣོན་དང་། “ཡིད་རྟོན་བཞི”སྲ་བརྟན་བྱེད་པ་དང་། འགན་སྒྲུབ་འཁྲི་བསྟར་ཁྲོད་སྲོག་ཤིང་དང་རྒྱ་མིག ཕྱོགས་སྟོན་འཁོར་ལོ་བཅས་སྲ་བརྟན་ཡོང་བར་བྱེད་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་དོན་བླང་བྱར་དམིགས་གཏད་གཤིབ་སྡུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་ཡང་དག་པ་བཅས་ཀྱི་སྒོ་ནས“ཁུལ་ཨུར་འབོད་སྐུལ་ཡོད་པ་དང་། སྲིད་གྲོས་ལ་བྱ་སྤྱོད་ཡོད་པ། ཁུལ་ཨུ་ལ་བཀོད་སྒྲིག་ཡོད་པ། སྲིད་གྲོས་ལ་དོན་འཁྱོལ་ཡོད་པ”བཅས་བྱེད་དགོས། 《དུས་རབས་གསར་བར་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ལས་དོན་ཇུས་གཞིའི》དམིགས་ཚད་བླང་བྱ་དང་གཙོ་གནད་ལས་འགན་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ཞིབ་ཕྲ་ཅན་དུ་བཏང་ནས། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་འགན་སྒྲུབ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་ཀྲི་པུའུ་ཡི་སྤུས་རྟགས་ཁག་ཅིག་གསར་གཏོད་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་སྲིད་གྲོས་བྱ་བའི་ཁྲོད་ཐོན་པའི་འཐབ་འཛིང་བཙན་རྫོང་གི་ནུས་པ་སྔར་བས་ལྷག་པར་འདོན་སྤེལ་དང་། འགན་སྒྲུབ་གྲུབ་འབྲས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་དགོས།

(གཉིས།)ལས་སྒོ་གཙོ་བོའི་འགན་སྒྲུབ་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་ཁུར་གསར་བ་མངོན་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ཞིང་། ཁུལ་ཨུའི་གོམ་སྟབས་ལ་དམ་དུ་གཤིབས་ཏེ། སྲིད་གྲོས་ཀྱི་ལས་དོན་དེ་ཁུལ་ཡོངས“མིག་མངས་འགྲིག་སྐོར་གཅིག”གི་ཁྲོད་དུ་བཅུག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ཐད་ཕན་འབྲས་ཐོན་རྒྱུ་བརྩོན་ལེན་བྱེད་དགོས། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལ་དམ་པོར་དམིགས་ནས། གྲོས་མོལ་ལོ་འཁོར་གྱི་བྱ་བའི་འཆར་གཞི་རྩ་འཛུགས་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཁུལ་སྲིད་གྲོས་ཀྱིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འགན་སྒྲུབ་བྱ་སྤྱོད་ཆེན་པོ་བཅུར”མཉམ་ཞུགས་དང་རོགས་སྐུལ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། འགན་འཁྲི་གྲོས་གཞི་གདམ་ག་ཞིབ་ཚགས་བྱེད་པ་དང་། བརྟག་ཞིབ་དང་། གྲོས་མོལ། ལྟ་སྐུལ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་གབ་ཤུགས་ཕན་ནུས་སྔར་བས་ལེགས་པར་འདོན་སྤེལ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ལ་དམིགས་ནས་གཏེར་ཁུལ་སླར་གསོ་བཅོས་སྐྱོང་དང་། རྩྭ་ཐང་ཞན་འགྱུར་གྱི་སླར་གསོ་བཅོས་སྐྱོང་། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་དམིགས་བསལ་གཉེར་སྐྱོང་སྲིད་ཇུས་དང་བྱེད་ཐབས་སོགས་ཀྱི་ཐད་ནས་གྲོས་གཞི་གདམ་གསེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་། གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་བྱེད་པ། ཁུལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་སླར་གསོ་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ཐད་ནས་གྲོས་གཞི་གདམ་གསེས་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཁུལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་མཐོན་པོ་སྒང་དང་མཚོ་སྔོན་པོའི་མཐའ་སྐོར་སོགས་ཡུལ་སྐོར་ལྗོངས་ཁུལ་གྱི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ནང་གི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཤར་གཏོང་བྱེད་པ། ས་ཁོངས་ཡོངས་ཀྱི་དུས་ཚིགས་ཧྲིལ་བོའི་ཡུལ་སྐོར་གཉེར་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ནས་གྲོས་གཞི་གདམ་གསེས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་ལ་དམིགས་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བ་སོགས་ཀྱི་ཐད་ནས་གྲོས་གཞི་གདམ་གསེས་བྱེད་པ། དམངས་འཚོའི་དངོས་དོན་ལ་དམིགས་ནས་སློབ་གསོ་དེང་རབས་ཅན་དང་། བདེ་ཐང་མཚོ་བྱང་། རིག་གནས་དར་རྒྱས་གོང་འཕེལ། སྲིད་གཞུང་གི་དམངས་འཚོའི་དངོས་དོན་ལས་གཞི་ལག་བསྟར་དང་དམངས་ཕན་དམངས་བདེའི་སྲིད་ཇུས་དོན་འཁྱོལ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲོས་གཞི་གདམ་གསེས་བྱེད་པ་བཅས། ཚད་མཐོའི་ཆབ་སྲིད་འགན་འཁྲི་དང་ལས་ཀའི་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་། ཁུལ་སྲིད་གྲོས་ཨུ་ཡོན། དེ་བཞིན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་དང་འབྲེལ་ཡོད་མཉམ་ཞུགས་ལས་ཁུངས་ཀྱི་མི་སྣ་རྩ་འཛུགས་ནུས་ལྡན་བྱས་ཏེ། ནུས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་ངང་ནས་བརྟག་ཞིབ་དང་གཟིགས་ཞིབ་སྤེལ་བ་དང་། གྲོས་མོལ་སྲིད་གླེང་ལ་ཤུགས་སྣོན། ལྟ་སྐུལ་ཞིབ་བཤེར་ལ་དམ་དྲག་བྱས་ཐོག མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད་མཐོར་འདེགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སོགས་ལ་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྲིད་གྲོས་ལས་དོན་གྱི་གྲུབ་འབྲས་མངོན་པར་བྱེད་དགོས།

(གསུམ།)འགན་སྒྲུབ་མཉམ་ཤུགས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་སྡུད་བྱེད་པ། མཐུན་སྒྲིལ་ལ་ཤུགས་སྣོན་དང་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། མཐུན་པོ་ཡོང་ཐབས་དང་མི་མཐུན་སོར་འཇོག་དང་བསམ་ཤེས་ཁོང་ཡངས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག ལས་རིགས་ཁག་གི་མི་སྣ་བཅས་སྲིད་གྲོས་ཁྲོད་ངོས་འཛིན་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་སྲིད་གྲོས་ཀྱི་གྲོས་ཚོགས་གལ་ཆེན་དང་བྱེད་སྒོ་གལ་ཆེན་ཁྲོད་ཞུགས་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་མི་སྣ་དང་། ཏང་ཕྱིའི་མི་སྣ། སྤྱི་དབང་མ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་བའི་མི་སྣ་བཅས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སོ་སོའི་ལྟ་ཚུལ་བརྗོད་པ་དང་གང་བསམ་ལྷུག་པོར་གླེང་བའི་མཉམ་ལས་མཉམ་སྒྲུབ་ཀྱི་རྣམ་པ་ཧུར་ཐག་ངང་གཏོད་པ་བཅས་བྱ་དགོས། ཕྱི་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་སྲིད་གྲོས་དབར་གྱི་སྤེལ་རེས་དང་མཐུན་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས། སྔོན་ཐོན་གྱི་འགན་སྒྲུབ་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། རྒྱུན་རྣམ་རང་བཞིན་གྱི་འབྲེལ་གཏུག་དང་ངོ་བཅར་ལས་དོན་ལེགས་པར་བསྒྲུབས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རིགས་ཁོངས་དང་ཨུ་ཡོན་ལ་འབྲེལ་གཏུག་བྱས་ནས་དུས་བཀག་ལྟར་འཚམས་འདྲི་དང་། ཆ་སྒྲིག་འབྲེལ་གཏུག དམངས་ཀྱི་གནས་ཚུལ་མཉམ་འགུལ་སོགས་ཀྱི་ལས་ཀའི་སྒྲིག་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། རྒྱུན་ཨུ་དང་ཨུ་ཡོན་བར་འབྲེལ་གཏུག་སྤེལ་རེས་དང་། ཨུ་ཡོན་གྱིས་རིགས་ཁོངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཡོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། “དཔེ་ཀློག་སྲིད་གྲོས”འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རྣམ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། དྲང་ནུས་སྐུལ་སློང་བྱེད་པའི་སྲིད་གྲོས་ཀྱི་རིག་གནས་ཁོར་ཡུག་བསྐྲུན་ནས། སྲིད་གྲོས་ཀྱི་ལས་བྱེད་པ་དང་ཨུ་ཡོན་གྱི་གཞུང་ལུགས་རིག་གནས་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལས་དོན་གྱི་ལོ་ལྔའི་འཆར་འགོད་སྒྲིག་འཛུགས་དང་ལག་བསྟར་ནན་ཏན་བྱས་ཏེ། ལོ་འདིའི་ནང《གསེར་དངུལ་ཐང་གི་འབྲོག་པའི་གནས་སྤོ》དང་། 《ཀྲུང་གོའི་ཐོག་དང་པོའི་ཉིང་རྡུལ་མཚོན་ཆའི་ཞིབ་འཇུག་རྟེན་གཞིའི་གནའ་ཤུལ》 《མཚོ་བྱང་བོད་རིགས་ཀྱི་ལོ་བརྒྱའི་དངོས་བྲིས》 《མཚོ་བྱང་གི་བོད་བརྒྱུད་ནང་བསྟན་དགོན་སྡེ》 《མཚོ་བྱང་གི་ཁྱད་ལྡན་ཐོན་དངོས་ལེགས་བསྡུས》 《མཚོ་བྱང་གི་ཁྱད་ལྡན་མིང་གྲགས་ཐོན་རྫས་ལེགས་བསྡུས》བཅས་བསྡུ་རུབ་དང་དཔེ་སྐྲུན་བྱས་ནས། མཚོ་བྱང་གི་བཟོ་ལས་དང་། ཞིང་ཕྱུགས སློབ་གསོ། རིག་གནས་བཅས་འཕེལ་རྒྱས་ལོ་རྒྱུས་སྐོར་གྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་བསྡུ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་མགོ་རྩོམ་དགོས། རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་དཔེ་མཛོད་ཁང་དང་། ཡིག་ཚགས་ཁང་། སྡེ་ཁུལ། སློབ་གྲྭ་སོགས་སུ་བསྐྱོད་པའི་བྱེད་སྒོ་འཚོལ་ཞིབ་གསར་སྤེལ་བྱས་ནས། རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་སྤེལ་རེས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། རང་ཁུལ་གྱི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ཀྱི་ལས་དོན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་འགྲེངས་རྒྱུ་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་པར་བྱ།

(བཞི།)འགན་སྒྲུབ་ཕན་འབྲས་ལ་དམིགས་ནས་ཚད་གཞི་མཐོ་བའི་ལས་དོན་གསར་གཏོད་བྱས་ཏེ་སྲིད་གྲོས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་བ་ཡོང་བར་སྐུལ་འདེད་གཏོང་བ། “ཨུ་ལྷན་རེ་ལ་སྤུས་དག་རེ་དང་། རྫོང་རེར་བཀྲག་མདངས་རེ”ཞེས་པའི་གསར་གཏོད་བྱེད་སྒོ་འཚོལ་ཞིབ་གསར་སྤེལ་བྱས་ཏེ། སྲིད་གྲོས་ཀྱི་འགན་སྒྲུབ་ཁྱད་ཆོས་ལྡན་པའི་ཚོང་རྟགས་སྔར་ལས་མང་བ་གཏོད་དགོས། གྲོས་མོལ་ལས་དོན་གྱི་ལག་བསྟར་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། “ཁྱེད་རང་གདན་འདྲེན་ཞུས་ནས་གྲོས་མོལ་བྱེད་པའི”ལས་སྟེགས་རྒྱུན་མཐུད་ངང་ལེགས་པར་བསྐྲུན་ཅིང་བེད་སྤྱོད་ཡག་པོ་བྱེད་པ་དང་། གྲོས་མོལ་གྱི་ནང་དོན་དང་། གྲོས་མོལ་བྱེད་སྟངས། འཁོར་སྐྱོད་བྱེད་སྟངས་སོགས་ལ་དམིགས་ནས་ལག་ལེན་དང་འཚོལ་ཞིབ་སྔར་ལས་མང་བར་བྱེད་པ། གྲོས་མོལ་དམངས་གཙོའི་མ་ལག་འཛུགས་པར་ཤུགས་རྒྱག་པ་བཅས་བྱས་ཏེ། ཆེད་དོན་གྲོལ་མོལ་སྒྲིག་གཞི་ལ་ཆེད་དམིགས་ཀྱི་ཁྱད་ཆོས་ཡོད་པ་དང་ཆེད་དམིགས་ཀྱི་སྤུས་ཀ་ཡོད་པ། ཆེད་དམིགས་ཀྱི་ཆུ་ཚད་ཡོད་པར་བྱེད་དགོས། སྲིད་གྲོས་ཀྱི་ལས་དོན་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ། ཁུལ་དང་རྫོང་གི་སྲིད་གྲོས་ཨུ་ཡོན་གྱིས་ཡུལ་ཚོ་དང་གྲོང་རྡལ་དུ་བྱེད་སྒོ་སྤེལ་བའི་ལས་སྟེགས་ཧུར་ཐག་ངང་བསྐྲུན་པ་དང་། མང་ཚོགས་སྲིད་གྲོས་ཀྱི་འགན་སྒྲུབ་ཁྲོད་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་སྲིད་གྲོས་ཀྱི་གྲོས་མོལ་དང་གཞི་རིམ་གྱི་གྲོས་མོལ་འབྲེལ་མཐུད་ནུས་ལྡན་ཐུབ་པར་བྱེད་དགོས། ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་དྲ་རྒྱའི་སྲིད་གླེང་གི་རྒྱང་ཐག་གྲོས་མོལ་མ་ལག་བེད་སྤྱོད་ཡག་པོ་བྱེད་པ་དང་། “རིག་ལྡན་སྲིད་གྲོས”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྫོང་ཁག་གི་སྲིད་གྲོས་ཀྱིས་དྲིལ་སྒྲོག་ཁྲིད་སྟོན་བྱེད་སྟངས་གསར་གཏོད་དང་། སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་བའི་སྲིད་གྲོས་ཀྱི་འགན་སྒྲུབ་གཏམ་རྒྱུད་ལེགས་པར་བཤད་པ། དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པ་བཅས་བྱས་ཏེ། ཟམ་མི་ཆད་པར་སྲིད་གྲོས་ཀྱི་ཤན་ཤུགས་རྒྱ་ཆེར་བསྐྱེད་དགོས། སྲིད་གྲོས་ཀྱི་འགན་སྒྲུབ་གྲུབ་འབྲས་ལ་རྗེས་སྙེག་དང་ཕན་འབྲས་རྩད་ཞིབ་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྲིད་གྲོས་ཀྱི་འགན་སྒྲུབ་གྲུབ་འབྲས་ཀྱི་སྤུས་ཚད་དཔྱད་དཔོག་མ་ལག་འཚོལ་ཞིབ་གསར་འདོན་བྱས་ཏེ། ལག་བསྟར་ལ་ཕན་པ་དང་ལེགས་བཅོས་ལ་ཕན་པའི་འགན་སྒྲུབ་འགག་སྒོ་ཆགས་པར་བྱ་དགོས། གྲོས་གཞིའི་ཕྱོགས་གཉིས་དཔྱད་མོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགན་སྒྲུབ་སྡེ་ཚན་གྱིས་གྲོས་གཞིའི་སྤུས་ཚད་ལ་དྲ་ཐོག་ནས་དཔྱད་མོལ་བྱེད་ཐབས་ཇེ་ཟབ་ཏུ་གཏོང་དགོས།

(ལྔ།)འགན་སྒྲུབ་རྨང་གཞིར་དམིགས་ཏེ་ཆུ་ཚད་མཐོ་བའི་རང་ངོས་འཛུགས་སྐྱོང་ལ་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་བ་མངོན་པར་བྱེད་པ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚད་གཞི་མཐོན་པོ་དང་། བླང་བྱ་ནན་པོ། སྤྱོད་ཚུལ་ཏན་ཏིག་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་གཞི་རྩ་སྲ་བསྒྱུར་དང་རྨང་བརྟན་སྤུས་འདེགས་བྱེད་དགོས། 《དུས་རབས་གསར་བར་ཁུལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཇུས་གཞི》 མུ་མཐུད་དུ་ལག་བསྟར་ཤུགས་ཆེན་བྱས་ཏེ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་གི་སྣ་སོ་སོར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་དང་ཁུལ་ཨུའི་བྱ་ཐབས་མང་པོ་སྙིང་རུས་ཞུམ་མེད་ངང་དོན་འཁྱོལ་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་གཏིང་ཟབ་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུའི་བླང་བྱ་དོན་དུ་འཁེལ་ཐོག དུས་རབས་གསར་བ་དང་རྒྱང་ལམ་གསར་བའི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་སྲ་མཁྲེགས་ལྡན་པའི་ཁག་ཐེག་བྱ་དགོས། རྒྱུན་ལས་ཨུ་ལྷན་གྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞུང་དོན་གྲོས་མོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་བབ་གསར་བའི་འོག་སྲིད་གྲོས་ལས་དོན་ལ་མགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། 《དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྲིད་གྲོས་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། སྲིད་གྲོས་ཀྱི་དྲིལ་སྒྲོག་བསམ་བློའི་ལས་དོན་ཁྲོད་བཀྲག་མདངས་གསར་བ་གཏོད་དགོས། ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཨུ་ཡོན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ། ཆེད་དོན་ཨུ་ལྷན་གྱི་ལས་དོན་ཞིབ་ཚགས་སུ་གཏོང་བ། ཆེད་དོན་ཨུ་ལྷན་གྱི་འགན་འཁྲི་དོན་དུ་འཁེལ་བ། རིགས་ཁོངས་ཀྱི་བྱེད་སྒོ་རྒྱ་ཆེར་གཏོང་བ། སློབ་སྦྱོང་དང་གསོ་སྦྱོང་ཇེ་ལེགས་སུ་གཏོང་བ། འགན་སྒྲུབ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཨུ་ཡོན་གྱི་སྲིད་གླེང་ལ་གར་སྟེགས་ཡོད་པ་དང་། གྲོས་མོལ་ལ་སྟེགས་བུ་ཡོད་པ། གྲོས་འདོན་ལ་བརྒྱུད་ལམ་ཡོད་པ། ལྟ་སྐུལ་ལ་བྱེད་ཐབས་ཡོད་པ། འགན་སྒྲུབ་ལ་བྱས་རྗེས་ཡོད་པ་བཅས་བྱེད་དགོས། ལས་ཁུངས་ཀྱི་འཁོར་སྐྱོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། “རྣམ་པ་ལྔའི་ལས་ཁུངས”ཀྱི་འཛུགས་སྐྱོང་ཟབ་སྤེལ། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་སྟོབས་ལྡན་ཞིག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ཏེ། སྲིད་གྲོས་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཨུ་ཡོན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་ཏན་ཏིག་བྱེད་དགོས།

ཨུ་ཡོན་དང་བློ་མཐུན་རྣམ་པ། རླབས་ཕྲེང་དལ་བའི་འཇུག་ངོགས་བདེ་ཡངས་འདི། གཡོར་གྲུ་རྒྱ་མཚོར་བགྲོད་པའི་དུས་སུ་ཤེས། དུས་རབས་གསར་བ་དང་རྒྱང་ལམ་གསར་བར། མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོར་བསྒྲུབ་པའི་ལས་འགན་ནི་གཟི་བརྗིད་ལྡན་པ་དང་། འགན་འཁྲི་ནི་ལྕི་མོ་ཡིན་པས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་དང་། ཡིད་ཆེས་བརྟན་པོ། དཔའ་ངར་མདུན་སྐྱོད་བཅས་ཀྱི་ངང་ནས། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་བ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་རབ་བྱེད་གསར་བའི་ཆེད་དུ་འབད་འབུངས་ཧུར་ཐག་བྱེད་དགོས།


སྐབས་སྔོན་མ། མེད།
སྐབས་རྗེས་མ། མེད།
མཉམ་སྤྱོད།