དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

2022-12-22 08:04:40   |   1250

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དེ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ནས། སང་ལོའི་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་བསྟན་པ་དང་བཀོད་སྒྲིག་བྱས་པ་ནི། ང་ཚོས་སང་ལོའི་བྱ་བ་དམ་འཛིན་བྱེད་པའི་བསྲུང་བྱ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་ལ་ཉན་པ་ནི། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། ད་ལོའི་འཕེལ་རྒྱས་གྲུབ་འབྲས་ཐོབ་པ་སླ་མོ་ཞིག་མིན་པར་གོ་བ་ཟབ་མོ་ལེན་པ་དང་། གྲུབ་འབྲས་བླངས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྟོབས་ལྡན་མགོ་ཁྲིད་ལ་རག་ལས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་ཁྲིད་ལ་རག་ལས་པར་ངོས་འཛིན་གསལ་བོ་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ལ་གོ་བ་ཟབ་མོ་བླངས་ཏེ། ཡུན་རིང་གི་གནས་བབ་ཁྲོད་དུ་དེང་སྐབས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་བརྟན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བྱ་བ་བཟང་བོར་སྒྲུབ་རྒྱུ་གཙོ་བོར་འཛིན་དགོས། སྔར་ལས་བཟང་བོའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ཀྱི་རེ་བ་གལ་ཆེན་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་བརྒྱུས་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར་བྱེད་པ་དང་། ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་དང་ཞི་འཇགས་སུ་གཏོང་དགོས། གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། བཅོས་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་སེལ་དགོས་ལ། ཚོང་རར་བརྟེན་ནས་གསོན་ཤུགས་ཇེ་ཆེར་བཏང་ནས། ལས་བྱེད་པས་སྒྲུབ་ཕོད་པ་དང་ས་གནས་ཀྱིས་གསར་སྐྲུན་བྱེད་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་ལས་སྐྲུན་བྱེད་ཕོད་པ་དེ་ལས་སྒྲུབ་ལས་སྤེལ་གྱི་ཁྱད་ཆོས་ཤིག་ཏུ་འགྱུར་བར་བྱེད་དགོས། ཆབ་སྲིད་ཐད་ནས་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱིས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ལྟ་སྐུལ་དང་སྲུང་སྐྱོབ་བྱེད་དགོས་པ་དང་། རྐྱེན་སྲོལ་ཐད་ནས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པའི་གཞི་གཅིག་ལག་བསྟར་རྒྱུན་འཁྱོངས་བྱེད་པ། བྱ་བའི་ཐད་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་ལེགས་སྒྱུར་བྱེད་ཐབས་གསར་བ་བཅུ་དང་ལས་ཐོན་སླར་གསོའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། གྲོས་ཚོགས་ནས་བསྟན་དོན། ཏན་ཏན་ཏིག་ཏིག་དང་ཇི་མ་ཇི་བཞིན་དུ་ལེགས་སྒྱུར་བྱེད་ཐབས་གསར་བ་བཅུ་དངོས་འབེབས་བཟང་བོ་བྱས་ནས། ལག་བསྟར་གྱི་རྣམ་པ་མི་འགྱུར་བ་དང་སྒྲུབ་ཐབས་ཙམ་མི་བྱེད་པ། དོན་ཐོག་ཏུ་འཁྱོལ་བར་བྱེད་པར་འགན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་རྒན་པར་འགོག་ཁབ་རྒྱག་པ་དང་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་བྱེད་པ། སྨན་རྫས་མཁོ་འདོན་འགན་སྲུང་། དྲིལ་སྒྲོག་སྣེ་ཁྲིད་དང་སྲིད་ཇུས་འགྲེལ་ཀློག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། སྔར་ལས་བཟང་བའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ལས་ཐོན་སླར་གསོའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ། ནུས་ཤུགས་གང་ཡོད་བཏོན་ནས་ལས་ཞུགས་རྒྱ་བསྐྱེད་པ་དང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་སྟོད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེན་པོ་བྱེད་པ་དང་། དམངས་ཚིས་ཚད་མཐའ་བརྟན་སྲུང་བྱེད་པ། ཏན་ཏིག་སྒོས་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་དང་ཞིང་བ་ལས་བཟོ་བའི་གླ་ཕོགས་དུས་ལྟར་སྟེར་བ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་མགོ་ཁྲིད་ལས་བྱེད་པའི་གོ་གནས་བསྐོ་འཐེན་བྱེད་པའི་ཞིབ་ཕྲའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར།


མཉམ་སྤྱོད།