མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིན་དུ་ནན་ཅིན་དམར་གསོད་ཆེན་མོའི་ཚེ་འདས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་སྤྱི་མཆོད་མཛད་སྒོ་སྤེལ།

2022-12-22 08:12:03   |   377

20221214163018oOtA.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་ཅིན་དུ། ནན་ཅིན་དམར་གསོད་ཆེན་མོའི་ཚེ་འདས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གཏམ་བཤད།

སྤྱི་མཆོད་མཛད་སྒོ་དེ་འཇར་པན་གྱིས་ཀྲུང་གོར་བཙན་འཛུལ་བྱས་ཏེ་ནན་ཅིན་དམར་གསོད་ཆེན་མོའི་ཚེ་འདས་སྤུན་ཟླའི་རྗེས་དྲན་ཁང་གི་འདུ་འཛོམས་ཐང་ཆེན་དུ་བསྡུས།

དེའི་རྗེས་ཚའེ་ཆི་ཡིས་གཏམ་བཤད་དེ་བསྟན་དོན། དེ་རིང་། ང་ཚོས་འདིར་ནན་ཅིན་དམར་གསོད་ཆེན་མོའི་ཚེ་འདས་ཀྱི་རྒྱལ་ཁབ་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་བསྡུས་ཏེ། ནན་ཅིན་དམར་གསོད་ཆེན་མོའི་ནང་ཉེས་མེད་རྐྱེན་ལམ་དུ་ཤོར་མཁན་ཡོངས་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་། འཇར་པན་བཙན་འཛུལ་པས་དམར་གསོད་བཏང་བའི་སྤུན་ཟླར་རྗེས་དྲན་ཞུས་པ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཁྲོད་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་རྗེས་དྲན་ཞུས་པར་མ་ཟད། ཀྲུང་གོ་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་འཇར་པན་བཙན་འཛུལ་པར་འགོག་རྒོལ་བྱས་ནས་ཚེ་སྲོག་བློས་བཏང་བའི་རྒྱལ་སྤྱིའི་འཐབ་འཛིང་པ་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣར་རྗེས་དྲན་ཞུས་པ་ལས་གཞན། ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་ངང་ཞི་བདེ་དང་འཕེལ་རྒྱས་ཀྱི་སྐྱོད་ལམ་སྟེང་དངོས་སུ་ཞུགས་པའི་བླ་མེད་ཀྱི་བསམ་འདུན་མཚོན་པར་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་འདས་ཟིན་པ་མི་བརྗེད་པར་བྱེད་པ། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་བསྐྲུན་པ་བཅས་ཀྱི་ལངས་ཕྱོགས་བརྟན་པོ་ཁྱབ་བསྒྲགས་བྱས་པ་ཡིན་ཞེས་བསྟན།

ཚའེ་ཆི་ཡིས་ལོ་རྒྱུས་ཀྱི་དཀའ་སྡུག་བརྗེད་མི་རུང་ལ་མདུན་སྐྱོད་ཀྱི་གོམ་སྟབས་དུས་ནམ་ཡང་མཚམས་འཇོག་མི་རུང་། མདུན་སྐྱོད་ཀྱི་ལམ་བུའི་སྟེང་དུ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ངང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ནས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་མཛེས་པའི་མ་འོངས་པ་བསྐྲུན་འདོད་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་སྤྱི་མཆོད་མཛད་སྒོར་མགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།


མཉམ་སྤྱོད།