མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ལ་མཇལ་འཕྲད་གནང་།

2022-12-22 08:15:10   |   359

20221209105219nfqH.jpg

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་ནས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏི་ནས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ལེ་སི་ཐན་གཉིས་ཀྱི་མཛའ་བརྩེ་ཧ་ཅང་ཟབ། དུས་རབས་ཕྱེད་ཀའི་རིང་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ཡིད་རྟོན་དང་རྒྱབ་སྐྱོར་བྱས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་ལས་དོན་ཐད་རྒྱབ་སྐྱོར་བྱས་པ་དང་། ནམ་ཡང་ཕ་ལེ་སི་ཐན་མི་དམངས་དང་ལངས་ཕྱོགས་གཅིག་མཐུན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་རྒྱལ་སྤྱིའི་གྲོས་རིམ་གྱི་གོ་གནས་གཙོ་བོར་འཇོག་འོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་ཁ་ཕྱོགས་དང་ས་ཞིང་དེ་ཞི་བདེ་ལ་བརྗེ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་ཨ་རབ་ཀྱི་ཞི་བདེ་གྲོས་གཞིའི་རྨང་གཞིའི་སྟེང་། ཞི་བའི་གྲོས་མོལ་ཡང་བསྐྱར་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ནས་འདྲ་མཉམ་རྒྱུན་རིང་གི་ཐག་གཅོད་ཐོབ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ཕ་ལེ་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་འཆར་འགོད་བཟང་བོ་བྱེད་དགོས། ཀྲུང་གོ་དང་ཕ་ལེ་སི་ཐན་གཉིས་ཀྱིས་ཡུལ་སྐོར་མཉམ་ལས་ཡིག་ཆ་བཀོད་པ་དང་། ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་རང་དབང་ཉོ་ཚོང་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་ལ། ཀྲུང་གོ་དང་ཕ་ལེ་སི་ཐན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་འབྲེལ་ལྷན་ཁང་གི་གྲོས་ཚོགས་སྐབས་གཉིས་པ་རྒྱལ་ཁའི་ངང་བསྡུས། ཀྲུང་གོའི་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་ཡུལ་གྱར་བར་འགོག་སྨན་སོགས་རིམས་འགོག་དངོས་ཟོག་མང་པོའི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། མུ་མཐུད་དུ་ཕ་ལེ་སི་ཐན་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་ཐད་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན། ཀྲུང་གོས་ཕ་ལེ་སི་ཐན་ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་མཉམ་ལས་ཁྲོད་ཞུགས་པ་དང་དེར་སྐུལ་འདེད་གཏོང་བར་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་དང་། ཕ་ལེ་སི་ཐན་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་གི་བདེ་འཇགས་གྲོས་གཞི་ལག་བསྟར་བྱེད་པའི་ཐད་ནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཨ་པ་སི་ཡིས་བསྟན་དོན། ཕ་ལེ་སི་ཐན་མི་དམངས་དང་ཀྲུང་གོ་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བའི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་ནི་ཕ་ལེ་སི་ཐན་གྱི་བློ་གཏད་ཆོག་པའི་གྲོགས་པོ་བཟང་བོ་ཡིན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། ཆབ་སྲིད་དང་དཔལ་འབྱོར། བདེན་དོན་སོགས་ཕྱོགས་ནས་ཕ་ལེ་སི་ཐན་ལ་ཕྱོགས་ཡོངས་དང་ཆ་རྐྱེན་མེད་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། ཕ་ལེ་སི་ཐན་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད། ཀྲུང་གོས་རྒྱལ་སྤྱིའི་གནས་བབ་ཐད་ནས་བཟུང་བའི་ལངས་ཕྱོགས་དྲང་བདེན་དྲང་གཞག་ཡིན་པ་དང་། བཏོན་པའི་གྲོས་གཞི་ཐད་ཀྱི་འདོད་བློ་བཟང་ཞིང་འཛུགས་སྐྲུན་རང་བཞིན་ལྡན་ལ། ཕ་ལེ་སི་ཐན་བློ་རྩ་བརྟན་པོས་ཀྲུང་གོ་དང་མཉམ་དུ་ལངས་ཡོད། ཕ་ལེ་སི་ཐན་གྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོས་ཐའེ་ཝན་དང་ཞང་ཀང་། ཞིན་ཅང་བཅས་དང་འབྲེལ་བའི་གནད་དོན་སྟེང་གི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་དེའི་ཁྲོད་ཞུགས་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད། ཕ་ལེ་སི་ཐན་གྱིས་ཀྲུང་གོ་མཉམ་དུ། སང་ཉིན་བསྡུ་རྒྱུ་ཡིན་པའི་ཨ་རབ་དང་ཀྲུང་གོའི་རྩེ་ཚོགས་སྐབས་དང་པོ་རྒྱལ་ཁའི་ངང་བསྡུ་བར་སྐུལ་འདེད་གཏོང་འདོད་ཡོད།

ཏིང་ཞེའུ་ཞང་དང་ཝང་དབྱི། ཧི་ལིས་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།


མཉམ་སྤྱོད།