མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ཀྱི་ཞོར་དུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད།

2022-12-22 08:18:24   |   666

20221209093110aRmb.jpg

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏིའི་རྒྱལ་པོའི་ཕོ་བྲང་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ཀྱི་ཞོར་དུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མནཁ་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད། 

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡ་ཏིའི་རྒྱལ་པོའི་ཕོ་བྲང་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ཀྱི་ཞོར་དུ་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མནཁ་མུའུ་ཧན་མོ་ཏི་དང་གྲོས་མོལ་མཛད། 

མུའུ་ཧན་མོ་ཏི་ཡིས་ཐོག་མར་རྒྱལ་པོ་སཱ་ལེ་མན་གྱི་ཚབ་བྱས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། སོ་ཏི་ཨ་རབ་ནི་ཨ་རབ་རྒྱལ་ཁབ་ཀྱི་དབྱི་སི་ལན་རྒྱལ་ཁབ་ཀྱི་ཁོངས་གཏོགས་གལ་ཆེན་ཞིག་ཡིན་ལ། སྣེ་མང་ཅན་གྱི་འཛམ་གླིང་གི་རང་ཚུགས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་དབུས་ཤར་ས་ཁུལ་གྱི་འཐབ་ཇུས་ཟླ་གྲོགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་གོང་འཕེལ་བྱུང་ཡོད། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེན་པོ་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་སྔར་ལས་ཀྱང་འབུར་དུ་ཐོན་ཡོད། ཀྲུང་གོས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་གོང་དུ་སྤེལ་བ་དེ་ཕྱི་འབྲེལ་གྱི་ཁྱོན་ཡོངས་དང་ལྷག་ཏུ་དབུས་ཤར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ཡོད་ལ། སོ་ཏི་ཨ་རབ་ཀྱིས་མི་རིགས་དར་རྒྱས་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་གདང་མཉམ་སྦྲེལ་གྱིས་མདུན་དུ་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གོང་འཕེལ་སྔར་ལས་ཆེན་པོ་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། བརྟན་འཇགགས་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སོ་ཏི་ཨ་རབ་མུ་མཐུད་དུ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོས་སོ་ཏི་ཨ་རབ་ཀྱི་འཕེལ་རྒྱས་གྲོས་གཞི་གལ་ཆེན་རབ་དང་རིམ་པ་རྒྱབ་སྐྱོར་བྱས་ཏེ། སོ་ཏི་ཨ་རབ་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་འདོད་ཡོད་པ་དང་། སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་མཉམ་གཅིག་མཉམ་སྐྲུན་གྱི་གྲོས་གཞི་དང་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་མདུན་ལྗོངས་ཞེས་པ་གཉིས་སྦྲེལ་མཐུད་བཟང་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས། ཀྲུང་གོས་སོ་ཏི་ཨ་རབ་བར་གྱི་ནུས་ཁུངས་སྲིད་ཇུས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། མ་བཅོས་རྡོ་སྣུམ་གྱི་ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོས་སོ་ཏི་ཨ་རབ་བར་གྱི་ཐོན་ནུས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད། ཀྲུང་གོས་སོ་ཏི་ཨ་རབ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་རྒྱ་ཡིག་སློབ་གསོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་སོ་ཏི་ཨ་རབ་བར་གྱི་མི་སྣའི་འགྲོ་འོང་དང་མི་ཆོས་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་སོ་ཏི་ཨ་རབ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྟེགས་བུ་ནས་སོ་ཏི་ཨ་རབ་བར་དུ་འབྲེལ་འདྲིས་མཐུན་སྦྱོར་བྱེད་འདོད་ཡོད། དེང་སྐབས་ཀྱི་གནས་བབ་འོག་ཏུ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་བསྡུ་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ལ། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་མཚོ་ཁུགས་རྒྱལ་ཁབ་ཀྱི་འབྲེལ་བར་འཐབ་ཇུས་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ། ཀྲུང་གོས་སོ་ཏི་ཨ་རབ་དང་ཨ་རབ་རྒྱལ་ཁབ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྩེ་ཚོགས་དེ་གཉིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དང་ཀྲུང་གོ་དང་མཚོ་ཁུགས་རྒྱལ་ཁབ་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་དོན་ཆེན་འགྱུར་བར་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་མཚོ་ཁུགས་རྒྱལ་ཁབ་ཀྱི་འབྲེལ་བ་ཆུ་ཚད་གསར་པར་གོང་དུ་སྤེལ་བར་རེ་སྒུག་བྱས་ཡོད། 

མུའུ་ཧན་མོ་ཏི་ཡིས་བསྟན་དོན། སོ་ཏི་ཨ་རབ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བ་དང་། སོ་ཏི་ཨ་རབ་ནི་ཀྲུང་གོའི་དབུས་ཤར་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་ཟླ་གྲོགས་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་བར་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་དང་། སོ་ཏི་ཨ་རབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་གོང་དུ་སྤེལ་རྒྱུར་རེ་སྒུག་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ནི་སོ་ཏི་ཨབ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གལ་ཆེན་དུ་གྱུར་ནས། སོ་ཏི་ཨ་རབ་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དར་རྒྱས་གོང་འཕེལ་སྔར་ལས་མངོན་འགྱུར་བཟང་པོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཐུབ་ངེས་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་རང་གི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོས་ཐལ་སྤྱོད་ཅན་མེད་པར་གཏོང་བར་སྤྱོད་པའི་བྱེད་ཐབས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འགྲོ་མིའི་ཐོབ་ཐང་སོགས་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོ་དང་མཉམ་དུ་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མུ་མཐུད་མཉམ་སྐྲུན་བྱེད་འདོད་ཡོད་པ་དང་། ཉོ་ཚོང་དང་དངུལ་གཏོང་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོའི་བར་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་སྣའི་འགྲོ་འོང་དང་རིག་གནས་བརྗེ་རེས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་མང་སྒྲོམ་གཞིའི་ནང་དུ་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ནུས་ཁུངས་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་མཉམ་ལས་བྱས་ཏེ་ཁ་གཏད་འཇལ་འདོད་ཡོད་པར་མ་ཟད། ས་ཁུལ་གྱི་གནད་དོན་གཙོ་བོའི་ཐད་གྲོས་མོལ་དང་མཉམ་ལས་དམ་པོ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ལ་སྲུང་སྐྱོང་བྱས་ནས། ས་ཁུལ་གྱི་ཐུན་མོང་བདེ་འཇགས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་འདོད་ཡོད། སོ་ཏི་ཨ་རབ་ཀྱིས་ཨ་རབ་དང་ཀྲུང་གོའི་འབྲེལ་བ་དང་། མཚོ་ཁུགས་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་དུ་སྤེལ་བར་ནུས་པ་བཟང་པོ་འདོན་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་པའི་རིམ་པ་དེ་ཙུང་ལིའི་རིམ་པར་ཇེ་མཐོར་གཏོང་རྒྱུར་འཐད་པ་བྱུང་། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཁྲིམས་འཛིན། སློབ་གསོ། དངུལ་གཏོང་། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་ཞུགས། 

ཕྱོགས་གཉིས་ཀས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ། 

གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕིང་མུའུ་ཧན་མི་ཏི་ཡིས་རྒྱལ་པོ་སཱ་ལེ་མན་གྱི་ཚབ་བྱས་ཏེ་བསྡུས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས། 


ཏེན་ཞུའེ་ཞང་དང་ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱེད་སྒོར་ཞུགས།


མཉམ་སྤྱོད།