དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞི་ཅིན་ཕིང་གིས་ཞིན་ཞི་ལན་ཙུང་ཏུའུ་ཅི་ལའོ་ལ་གློག་འཕྲིན་བཏང་ནས་ཀྲུང་ཞིན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

2022-12-23 21:26:05   |   1348

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ལོ་ཙཱ།  རྡོ་རྗེ་བསམ་སགྲུབ།   དུས་ཚོད། 2022-12-23   21:30


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཞི་ལན་གྱི་ཙུང་ཏུའུ་ཅི་ལའོ་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཞིན་ཞི་ལན་གཉིས་ནི་ཕན་ཚུན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ཀྲུང་ཞིན་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་རིང་། རྒྱལ་ཁབ་གཉིས་ཀྱིས་བདེ་ཐང་དང་བརྟན་བརླིང་གི་འཕེལ་རྒྱས་སྲུང་འཛིན་བྱས་ཏེ་ཨང་དང་པོ་མང་པོ་ཞིག་གསར་སྐྲུན་བྱས། ཀྲུང་ཞིན་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ངས་ཀྲུང་ཞིན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཙུང་ཏུའུ་ཅི་ལའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་བསྡོམས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཀྲུང་ཞིན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའིི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་ཁེ་བསྐྲུན་འདོད་ཡོད།

ཅི་ལའོ་ཡིས་བསྟན་དོན། ཞིན་ཀྲུང་འབྲེལ་བ་ནི་ཞིན་ཞི་ལན་གྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཡིན། ཞིན་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད། ཞིན་ཞི་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཡུན་རིང་བའི་འབྲེལ་འདྲིས་ལོ་རྒྱུས་ལ་བརྩི་མཐོང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་ཡོངས་ལ་བདེ་སྐྱིད་བསྐྲུན་པའི་རེ་སྒུག་བྱེད་ཀྱིན་ཡོད། 

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞིན་ཞི་ལན་གྱི་ཙུང་ལི་ཨ་ཏི་ཨུན་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་། ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་ཀྲུང་ཞིན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཞིན་ཞི་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་མགོ་རྩོམ་ས་གསར་བར་བརྩིས་ཏེ། འབྲེལ་མཐུད་ལ་ཤུགས་སྣོན་དང་ཡིད་རྟོན་ཇེ་ཆེ། བརྗེ་རེས་རྒྱ་བསྐྱེད། མཉམ་ལས་སྐུལ་སྤེལ་བཅས་ཀྱིས་ཀྲུང་ཞིན་འབྲེལ་བར་སྔར་ལས་ཆེ་བའི་འཕེལ་རྒྱས་གསར་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

ཨ་ཏི་ཨུན་གྱིས་བསྟན་དོན། ཞིན་ཞི་ལན་གྱིས་ཀྲུང་གོ་དེ་ཉིད་ས་ཁུལ་དར་རྒྱས་དང་གཏན་འཇགས་ཡོང་བའི་གནད་འགག་གི་གྲུབ་ཆར་བརྩི་རྒྱུ་ཡིན། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་གོ་སྐབས་དང་བསྟུན་ནས། ཞིན་ཞི་ལན་གྱིས་ཀྲུང་གོ་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་པའི་རེ་སྒུག་བྱེད་ཀྱིན་ཡོད་ལ། དཔལ་འབྱོར་ཉོ་ཚོང་གཏིང་ཟབ་དང་མི་ཆོས་རིག་གནས་སོགས་ཀྱི་ཁྱབ་ཁོངས་བརྗེ་རེས་ལ་བརྟེན་ནས། ཕྱོགས་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། །


མཉམ་སྤྱོད།