དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཡུག་རེན་གྱི་ཙུང་ཐུང་ཨ་རིར་འཚམས་འདྲིར་བསྐྱོད་དེ་པའེ་ཏེང་དང་ཐུག

2022-12-25 13:13:53   |   1375

རྩོམ་སྒྲིག སངས་དོན།  ཡོངས་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   ལོ་ཙཱ། བཀྲ་ཤིས་རྡོ་རྗེ།   དུས་ཚོད། 2022-12-25


 ས་གནས་དེ་གའི་དུས་ཚོད་ཚེས21ཉིན་གྱི་ཕྱི་དྲོ། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་ཕོ་བྲང་དཀར་པོར་ཨ་རིའི་ཙུང་ཐུང་པའེ་ཏེང་དང་ཐུག་འཕྲད་བྱས་པ་རེད། འདི་ནི་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཐོན་པ་ནས་བཟུང་ཙེ་ལན་སི་ཅི་ཐེངས་དང་པོར་ཡུག་རེན་གྱི་མངའ་ཁོངས་ནས་བྲལ་ཏེ་རྒྱལ་སྤྱིའི་མནའ་གྲོགས་ཀྱིས་དམག་དོན་དང་དཔལ་འབྱོར་ཐད་སྔར་བས་རོགས་སྐྱོར་བྱ་རྒྱུའི་རེ་བ་བཏོན་པ་ཞིག་རེད།

ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཐུན་མོང་ཐོག་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཡུག་རེན་ལ“རྒྱལ་གཅེས་པའི”མཁའ་ཟོན་འཕུར་མདེལ་མ་ལག་ཚུད་པའི་དམག་དོན་གྱི་རོགས་སྐྱོར་འཕར་མ་ཨ་སྒོར་དུང་ཕྱུར18མཁོ་འདོན་བྱ་རྒྱུ་ཡིན་ཞེས་སླར་ཡང་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཨ་རིའི་རྒྱལ་སྤྱིའི་གསར་སྤེལ་ཧྲུའུ(USAID)ཡིས་ཉིན་དེར་ཡུག་རེན་ལ་ཨ་སྒོར་དུང་ཕྱུར3.74ལས་བརྒལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཟིན་ཞེས་བསྟན་པ་རེད།

ཉིན་དེའི་དགོང་མོ། ཙེ་ལན་སི་ཅིས་ཨ་རིའི་རྒྱལ་ཚོགས་སུ་གཏམ་བཤད་སྤེལ་ནས་ཨ་རི་དང་ཡུག་རེན་དབར་གྱི་འབྲེལ་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད།  ཙེ་ལན་སི་ཅིས་ཨ་རི་ཕྱོགས་ནས་ཡུག་རེན་ཕྱོགས་ལ་དཔལ་འབྱོར་གྱི་རོགས་སྐྱོར་མུ་མཐུད་བྱ་རྒྱུའི་རེ་འབོད་བྱས་ཡོད། ཙེ་ལན་སི་ཅིས་ད་དུང་ཨ་རིའི་རྒྱལ་ཚོགས་ཀྱིས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་ཀྱང་བྱས་ཡོད་པ་རེད། 


མཉམ་སྤྱོད།