དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྗེས་མར་མཇལ་ཡོང་། ཕ་རི་སི།

2024-08-12 10:57:44   |   653

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


 ས་གནས་དེ་གའི་ཟླ8པའི་ཚེས11ཉིན། སྐབས33པའི་དབྱར་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཕ་རི་སིའི་ཧྥ་རན་སི་ལུས་རྩལ་ཐང་དུ་མཇུག་སྒྲིལ།

1.jpg

微信图片_20240812110253.jpg

མཇུག་སྒྲིལ་མཛད་སྒོའི་མགོ་ཚུགས་མ་ཐག ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དལ་མོར་གཟིམས་པ་དང་བསྟུན་ནས། ཧྥ་རན་སིའི་ཆུ་རྐྱལ་ལུས་རྩལ་པ་མར་ཧྲེང་གིས་ཤུལ་དུ་ལུས་པའི་དཔལ་འབར་གྱི་མེ་སོན་ཁྱེར་ཏེ་ཧྥ་རན་སི་ལུས་རྩལ་ཐང་དུ་ཕྱིན།

2.jpg

སའེ་ན་གཙང་པོའི་ཐོག་འཚོགས་པའི་མགོ་རྩོམ་མཛད་སྒོ་ནི་སྐོར་སྐྱོད་ཀྱི་སྟོན་མོ་ཞིག་ཡིན་པ་དང་མི་འདྲ་བར། མཇུག་སྒྲིལ་མཛད་སྒོའི་བརྒྱུད་རིམ་ཧྲིལ་པོ། ཧྥ་རན་སི་ལུས་རྩལ་ཐང་དུ་སྲོལ་རྒྱུན་གྱི་ཚོགས་སྟངས་ལྟར་འཚོགས། 

3.jpg

མཇུག་སྒྲིལ་མཛད་སྒོའི་ཐོག འཐུས་མི་ཚོགས་པ་ཁག་གི་ལུས་རྩལ་པའི་འཐུས་མི་རིམ་པ་ལྟར་ཚོགས་རའི་ནང་ཞུགས། ལྗིད་འདེགས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་ལི་ཧྥ་པིན་དང་། བུད་མེད་དབྱུག་ཀྱོག་སྤོ་ལོ་རུ་ཁག་གི་རུ་དཔོན་ཨོའུ་ཙི་ཞ་གཉིས་ནི། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་སྒྲེང་མཁན་ཡིན་ཏེ། སྐར་ལྔའི་དར་དམར་མཐོན་པོར་བསྒྲེངས་ནས་ཚོགས་རར་ཞུགས།

4.jpg

སྐབས་འདིའི་ཨོ་རྩལ་འགྲན་ཚོགས་སྟེང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར། གསེར་གྱི་རྟགས་མ40དང་། དངུལ་གྱི་རྟགས་མ27དང་། ཟངས་ཀྱི་རྟགས་མ24ཐོབ། ཁྱོན་སྡོམ་བྱ་དགའི་རྟགས་མ91ཐོབ། དེའི་ནང་གསེར་གྱི་རྟགས་མའི་ཁ་གྲངས་ཕྱི་རྒྱལ་གྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲུབ་འབྲས་ལས་ཆེས་ཡག་ཤོས་ཡིན།

2222.jpg

1984ལོའི་ལོ་ཧྲན་ཅིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང“སྒོ་ང”ཕྲ་བ་ནས། ད་ལྟའི2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་བར་གྱི་འོད་སྟོང་འབར་བའི་གྲུབ་འབྲས་རེ་རེ་དང་། ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པས་ཟིན་ཐོ་ཡང་ཡང་བརྒལ་བ་ཡིས། རྒྱལ་ཁབ་ཀྱི་ལུས་རྩལ་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་ལུས་རྩལ་སྙིང་སྟོབས་ཀྱི་རྒྱུན་འཛིན་ཕྱིར་མངོན་བཞིན་ཡོད།

མཇུག་སྒྲིལ་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བའི་སྐབས་སུ། ཀྲུང་གོའི་ཕིང་ཕང་ལུས་རྩལ་པ་སུན་དབྱིན་ཧྲ་ཨེ་ཤེ་ཡའི་ལུས་རྩལ་པའི་འཐུས་མི་བྱས་ཏེ་ཞུགས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧི་ཡིས་ཤིས་ཚིག་འབུལ་སྐབས་གསུང་དོན། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ནི་མི་རྣམས་ཧང་སངས་སུ་འཇུག་པའི་ཨོ་རྩལ་འགྲན་ཚོགས་ཤིག་རེད། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ནི་སའེ་ན་ཆུ་བོ་དང་འདྲ་བར་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག

ཨ་རིའི་ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་ཧྲི་ཀྲང་གིས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧིའི་ལག་ནས་ཨོ་ལིམ་ཕིག་གི་ཚོགས་དར་བླངས་པ་དང་བསྟུན་ནས། ཕ་རི་སིའི་དུས་ཚོད་མཇུག་སྒྲིལ་ལ། དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དངོས་སུ་ལུའོ་ཧྲན་ཅིའི་དུས་ཚོད་དུ་གྱུར།

10.jpg

ཧའོ་ལའེ་ཝུ་ཡི་མི་སྣ་གྲགས་ཅན་ཐང་མུའུ་ཁེ་ལུའུ་སི། ཧྥ་ལན་སིའི་ལུས་རྩལ་ཐང་གི་ཡང་རྩེ་ནས། ཐག་པ་མྱུར་འབབ་ལ་བརྟེན་ནས་གར་སྟེགས་སུ་བུད། ཁོ་བརྟན་བརླིང་ངང་ལུས་རྩལ་ཐང་གི་དཀྱིལ་དུ་བབས་པ་དང་། གཟི་བརྗིད་མཚོན་བྱེད་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་དར་ཆ་བླངས། དེ་རྗེས་ཁོང་གི་སྣེ་ཁྲིད་འོག ཨ་ལོང་ལྔའི་དར་ཆ་ཕ་རི་སི་ནས་ལུའོ་ཧྲན་ཅི་རུ་ལྷབ་ལྷུབ་གཡོ།

ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་ནའང་། ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནམ་ཡང་རྟག་བརྟན་འགྱུར་བ་མེད། ལུས་རྩལ་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཨོ་ལིམ་ཕིག་འཚོགས་པའི་དབྱར་ཁ་འདི་བརྗེད་པར་དཀའ།

རྗེས་སུ་མཇལ་ཡོང་། ཕ་རི་སི།
རེ་སྒུག་བྱེད། ལུའོ་ཧྲན་ཅི།


མཉམ་སྤྱོད།