དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཧྥ་རན་སིའི་ཙུང་ཐུང་མཱ་ཁུ་ལུང་གིས་ཡོ་རོབ་གླིང་གིས་ངེས་པར་དུ་ཨ་མེ་རི་ཁར་བརྟེན་ཚད་ཇེ་ཉུང་དུ་གཏོང་དགོས་པར་བསྟན།

2023-04-12 09:03:22   |   1395

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཧྥ་རན་སིའི་ཙུང་ཐུང་མཱ་ཁུ་ལུང་གིས་ཡོ་རོབ་གླིང་གིས་ངེས་པར་དུ་ཨ་མེ་རི་ཁར་བརྟེན་ཚད་ཇེ་ཉུང་དུ་གཏོང་དགོས་པར་བསྟན།

ཧྥ་རན་སིའི《བྲག་ཆའི་ཚགས་པར》དང་ཨ་མེ་རི་ཁའི《ཆབ་སྲིད་ཚགས་པར》གྱི་དྲ་ཚིགས་སྟེང་ཚེས9ཉིན་བཀོད་པའི་གསར་འགྱུར་ལྟར་ན། མཱ་ཁུ་ལུང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྐབས་གོང་གི་གསར་འགྱུར་སྨྱན་བྱད་གཉིས་ཀྱིས་བཅར་འདྲི་གནང་སྐབས་དེ་ལྟར་བཤད་པ་རེད། 

མཱ་ཁུ་ལུང་གིས་བསྟན་དོན། ཡོ་རོབ་གླིང་གིས་མཚོན་ཆའི་ཐད་ཨ་མེ་རི་ཁར་བརྟེན་ཤུགས་འབུར་ཐོན་ཡོན་མོད། ད་སྐབས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་སྒོས་ཡོ་རོབ་གླིང་རང་ཉིད་ཀྱི་རྒྱལ་སྲུང་བཟོ་ལས་གོང་སྤེལ་དུ་གཏོང་དགོས་པ་མ་ཟད། ཁྱབ་ཁོངས་འདིའི་ཐད་ལ་ཡོ་རོབ་གླིང་ནས་ཐུན་མོང་གི་ཚད་ཐིག་ཞིག་གཏན་ཁེལ་བྱེད་དགོས། 

ཁོས་ད་དུང་བཤད་རྒྱུར། ཡོ་རོབ་གླིང་གིས་མིག་སྔར་ནུས་ཁུངས་འདོན་སྤྲོད་བྱེད་པར་ཨ་མེ་རི་ཁར་བརྟེན་བཞིན་ཡོད་སྟབས། ནུས་ཁུངས་འདོན་སྤྲོད་ཐད་ལ་སྔར་ལས་སྣ་མང་ཅན་དུ་གཏོང་དགོས་པ་མ་ཟད། ཉིང་རྡུལ་ནུས་ཁུངས་དང་སླར་སྐྱེས་ནུས་ཁུངས་ཐད་ལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས། 

མཱ་ཁུ་ལུང་གིས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་གིས་ངེས་པར་དུ་འཐབ་ཇུས་རང་བསྟེན་གྱི་ཆེད་དུ་འབད་བརྩོན་བྱས་ཏེ། “གནད་འགག་གི་སྐབས་གཞན་ལ་བརྟེན་མི་དགོས་པ་བྱེད་དགོས”། “ནུས་ཁུངས་དང་རང་སྲུང་རང་བདག མིས་བཟོས་རིག་སྟོབས་སོགས་ཀྱི་ཁྱབ་ཁོངས་ཁྲོད་ཁྱེད་ལ་ལྟོས་བཅོས་ཀྱི་རྨང་གཞི་བརྟན་པོ་མེད་ཚེ། ཁྱབ་ཁོངས་འདིའི་ནང་འདེམས་གསེབ་བྱེད་ཐབས་བྲལ་བས་ལོ་རྒྱུས་ཀྱིས་ཕྱིར་འབུད་གཏོང་ངེས་རེད”། 


མཉམ་སྤྱོད།