དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁྲོམ་ཕུ་དང་ཧ་ལི་སིའི་རྩོད་ཤགས་མགོ་བརྩམས།

2024-09-11 16:18:18   |   1022

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས10ཉིན་གྱི་ཆུ་ཚོད21སྟེང་། ཨ་རིའི་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མིའམ་ཙུང་ཐུང་ཟུར་པ་ཁྲོམ་ཕུ་དང་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའམ་ཙུང་ཐུང་གཞོན་པ་ཧ་ལི་སིས་པིན་ཞི་ཧྥ་ཉི་ཡ་ཀྲོའུ་རུ་ཨ་རིའི་ཙུང་ཐུང་འོས་མིའི་རྩོད་ཤགས་ཐེངས་དང་པོ་བྱས།

640.png

གནས་ཚུལ་སྤེལ་བར་གཞིགས་ན། རྩོད་ཤགས་རྒྱུན་མཐུད་སྐར་མ90ལ་བྱེད་དགོས་ཤིང་། འོས་མིར་གནད་དོན་རེ་རེར་ལན་འདེབས་པའི་དུས་ཚོད་སྐར་མ་གཉིས་ཡོད་པ་མ་ཟད། ད་དུང་དགག་ལན་སློག་པའི་དུས་ཚོད་སྐར་མ་གཉིས་ཡོད། དེ་མིན་སྐར་མ་གཅིག་ལ་དོགས་སེལ་དང་ཕྱིར་ལན་སློག་དགོས།

640.jpg

གནས་ཚུལ་སྤེལ་བར་གཞིགས་ན། འོས་མིས་ལག་ཆ་བེད་སྤྱོད་གཏོང་མི་ཆོག་ལ། སྔོན་ལ་ཟིན་བྲིས་ཀྱང་འབྲི་མི་ཆོག གཏན་འཁེལ་བྱས་པའི་གཏམ་བཤད་ཀྱི་དུས་ཚོད་ཕུད།  སྐད་སྦུག་ལ་སྒྲ་མེད།

《ཧྭ་ཨེར་ཁྲོམ་ཉིན་རེའི་ཚགས་པར》ཐོག་ད་རེས་ཀྱི་རྩོད་ཤགས་འདི་ནི་གཟའ་འཁོར་བདུན་སྔོན་པའེ་ཏན་འདེམས་བསྐོ་ལས་ཕྱིར་བུད་པ་དང་། ཧ་ལི་སིས་ཁོང་གི་ཚབ་བྱས་ནས་དམངས་གཙོ་ཏང་གི་ཙུང་ཐུང་འོས་མིར་གྱུར་པ་ནས་བཟུང་མི་རྣམས་ཀྱིས་དོ་སྣང་ཆེས་ཆེར་བྱེད་པའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་མོ་དེ་ཡིན་ཟེར།

640 (1).jpg

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྩོད་ཤགས་བྱ་ཡུལ་ཏེ་པིན་ཞི་ཧྥ་ཉི་ཡ་ཀྲོའུ་ནི“གཡུལ་སའི་ཀྲོའུ”ཞིག་ཡིན་པ་དང་། དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གིས་ངེས་པར་དུ་ལེན་དགོས་པའི་ཀྲོའུ་ཡི་གྲས་ཤིག་ཡིན་པས་འདེམས་བསྐོ་ཆེན་མོའི་འབྲས་བུར་འགག་རྩའི་ནུས་པ་ཐོན་སྲིད། དེ་བས་ཁྲོམ་ཕུ་དང་ཧ་ལི་སི་རྣམ་གཉིས་དེ་སྔོན་གནས་དེར་ཐེངས་མང་སོང་མྱོང་ཡོད།


མཉམ་སྤྱོད།