དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རི་དང་དེ་བཞིན་མནའ་འབྲེལ་རྒྱལ་ཁབ་ལ་ཐ་ཚིག་བསྒྲགས་འདུག

2024-09-13 10:23:35   |   1015

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟླ9པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན།    “དེང་གི་ཨུ་རུ་སུ”(RT)ཞེས་པའི་སྨྱན་སྦྱོར་ཐོག་སྤེལ་བའི་གནས་ཚུལ་གཞིགས་ན།    ས་གནས་དེ་གའི་དུས་ཚོད་ཚེས12ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཡུག་རེན་གྱིས་ནུབ་ཕྱོགས་ཀྱི་གོ་མཚོན་སྤྱོད་པའི་ཚོད་འཛིན་མེད་པ་བཟོས་ན་ཨ་རི་དང་དེ་བཞིན་དེའི་མནའ་གྲོགས་རྣམས་ཐད་ཀར་ཨུ་རུ་སུའི་གདོང་ཐུག་ཁྲོད་ཞུགས་པ་ཡིན་པས། ཨུ་རུ་སུ་ཕྱོགས་ཀྱིས་མདུན་དུ་ལྷགས་པའི་ཉེན་ཁ་གཞིར་བཟུང་ནས་གཏན་འབེབས་འོས་འཚམ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་ཡོད་པ་རེད།   

01.jpg  

གནས་ཚུལ་སྤེལ་བའི་ནང་ཕུའུ་ཅིང་གིས“ང་ཚོས་ཡུག་རེན་གྱིས་ཨུ་རུ་སུའི་མངའ་ཁོངས་སུ་འཇབ་རྒོལ་བྱེད་ཆོག་པའམ་ཡང་ན་བཀག་འགོག་བྱེད་པའི་སྐོར་གླེང་གི་མེད།    ཁོང་ཚོས་མི་མེད་གནམ་གྲུ་སྤྱོད་པ་དང་བྱེད་ཐབས་གཞན་དག་སྤྱད་དེ་དེ་ལྟར་བྱས་ཡོད”ཅེས་འཁོད་ཡོད་པ་རེད།     

ཕུའུ་ཅིང་གིས་ཡུག་རེན་ལ་ནུབ་ཕྱོགས་ཀྱི་རྒྱང་ཁྲིད་མ་ལག་སྤྱོད་པའི་ནུས་པ་མེད་ཅེས་བཤད་པ་མ་ཟད། ཁོ་ཚོས་འཇབ་རྒོལ་དེ་རིགས་བྱེད་པར་བྱང་ཆིངས་སྲུང་སྐར་གྱི་གསང་འཕྲིན་མཁོ་བ་ཡོད་ཅེས་བཤད་པ་རེད།     

ཕུའུ་ཅིང་གིས་ད་དུང“གཏན་འབེབས་དེ་བྱས་ཚེ་བྱང་ཆིངས་དང་ཨ་རི།    ཡོ་རོབ་རྒྱལ་ཁབ་བཅས་ཡུག་རེན་གྱི་ཉམས་ཉེན་ནང་ཐད་ཀར་ཞུགས་ཡོད་པ་མཚོན་ཡོད།    ཁོ་ཚོ་ཐད་ཀར་ཞུགས་པ་དེས་ཉམས་ཉེན་དེའི་ངོ་བོར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཐེབས་རྒྱུ་ནི་སྨོས་མེད་རེད”ཅེས་བཤད་པ་རེད།    

ཕུའུ་ཅིང་གིས་དེའི་ཐད་བསམ་གཞིག་བྱས་ནས་ཨུ་རུ་སུ་ཕྱོགས་ཀྱིས“འཕྲད་པའི་ཉེན་ཁར་གཞིགས་ནས་གཏན་འབེབས་འོས་འཚམ་བྱ་རྒྱུ་ཡིན”ཞེས་ཁ་གསབ་བྱས་པ་རེད།     

གནས་ཚུལ་སྤེལ་བའི་ནང་། ཕུའུ་ཅིང་གིས་ཟླ6པར་བྱང་ཆིངས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་ཐ་ཚིག་བསྒྲགས་པ་དང་འབྲེལ་ཨུ་རུ་སུ་ཕྱོགས་ཀྱིས་འབྲེལ་ཡོད་མཚོན་ཆ་གཏོར་ལྷུང་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ལན་སློག་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།     


མཉམ་སྤྱོད།