དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཀྲུང་གོའི་བོད་རིག་པའི་མཁས་ཅན་གྱི་སྤེལ་རེས་ཚོགས་པ་ནོར་ཝེར་འཚམས་འདྲིར་ཕྱིན་པ།

2024-09-27 09:52:00   |   631

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པའི་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཚེས23ནས25ཉིན་བར་ནོར་ཝེར་འཚམས་འདྲི་གནང་པ་དང་། ནོར་ཝེའི་རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གསར་འགོད་པ། འབྲེལ་ཡོད་མི་སྣ་བཅས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་སོགས་ཀྱི་སྐོར་སྤེལ་རེས་དང་བགྲོ་གླེང་གནང་། 

སྤེལ་རེས་ཚོགས་པའི་ཚོགས་གཙོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་བཀྲ་ལོ་ཡིན་པ་དང་། ཚོགས་མིའི་གྲས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་།   ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་།  ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ཀྱི་བོད་རིག་པའི་མཁས་ཅན་དང་མཁས་དབང་སོགས་ཡོད། 

འཚམས་འདྲིའི་སྐབས་སུ། སྤེལ་རེས་ཚོགས་པ་སྔ་རྗེས་སུ་ནོར་ཝེའི་ཨོ་སི་ལུའུ་ཞི་བདེ་ཞིབ་འཇུག་སུའོ་དང་། ཨོ་སི་ལུའུ་གཙུག་ལག་སློབ་ཆེན་སོགས་རིག་གཞུང་ཞིབ་འཇུག་ལས་ཁུངས་ལ་ཕྱིན་ཏེ་བཞུགས་མོལ་གནང་ལ། ནོར་ཝེའི་རླུང་འཕྲིན་སྤྱི་གཉེར་དང་།《ཉིན་རེའི་ཚགས་པར》སོགས་ནོར་ཝེའི་སྨྱན་སྦྱོར་གསར་འགོད་པ་དང་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་འབྲེལ་ཨོ་སི་ལུའུ་རུ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ།

 སྤེལ་རེས་བྱེད་སྒོའི་སྐབས་སུ་སྤེལ་རེས་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་བྱས་རྗེས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐུལ་འདེད་བཏང་བའི་ཐད་ཀྱི་ཞིབ་ཕྲའི་ལག་ལེན་ངོ་སྤྲོད་གནང་། སྤེལ་རེས་ཚོགས་པའི་ཚོགས་གཙོ་བཀྲ་ལོ་ཡིས་ཐུན་མོང་ཐོག་ཕྱུག་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། རྣམ་པ་གསར་པའི་ཤེས་དཔལ། ཕྱི་ཕྱོགས་དཔལ་འབྱོར་དང་རིག་གནས་སྤེལ་རེས་བཅས་ཕྱོགས་བཞིའི་ཐད་ནས་བོད་ལྗོངས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ངོ་སྤྲོད་གནང་། ཁོང་གིས་ངོ་སྤྲོད་གནང་དོན། ད་ལྟ་ནི་ལོ་རྒྱུས་ཐོག་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཆེས་འབྱོར་ཕྱུག་ལྡན་དུས་དང་འཚོ་བའི་ཆ་རྐྱེན་ཆེས་ཡག་ཤོས་ཀྱི་དུས་སྐབས་ཡིན། སྐྱེ་ཁམས་སྲུང་སྐྱོང་ལས་གཞི་ལག་ལེན་དུ་བསྟར་བ་བརྒྱུད་བོད་ལྗོངས་འདི་ཉིད་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་གྱུར་ཡོད། སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་བྱས་པ་དང་དུས་མཚུངས་སུ་དེང་རབས་སློབ་གསོ་ཁྱབ་གདལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་དང་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།  ཁོང་གིས་ནོར་ཝེའི་དམངས་ཚོགས་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་བོད་ལྗོངས་སུ་ཕེབས་ནས་ཉེ་བའི་ལོ་ཤས་རིང་གི་བོད་ལྗོངས་ཀྱི་འགྱུར་ལྡོག་ཆེན་པོ་དངོས་སུ་མྱོང་རོལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས། 

ནོར་ཝེར་འཚམས་འདྲིར་མ་ཕྱིན་པའི་གོང་སྤེལ་རེས་ཚོགས་པས་ཚེས20ནས་ཚེས22ཉིན་བར་ཧྥ་རན་སེར་འཚམས་འདྲི་གནང་པ་དང་། ཧྥ་རན་སེའི་ཇུས་འདོན་ཚོགས་པ་དང་རིགས་གཅིག་མཁས་ཅན་སོགས་དང་ཕན་ཚུན་དོ་ཁུར་བྱེད་པའི་གླེང་ཕྱོགས་མཐོ་བའི་གནད་དོན་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས། ཧྥ་རན་སེར་འཚམས་འདྲི་བྱེད་རིང་སྤེལ་རེས་ཚོགས་པས་ད་དུང་ཕ་རི་སི་དང་ཐུའུ་ལུའུ་ཙེ་ས་གནས་གཉིས་ཀྱི་ཧྥ་རན་སེའི་ཀྲུང་གོར་རྒྱུས་མངའ་ཡོད་མཁན་དང་ཀྲུང་གོའི་མཛའ་གྲོགས་མི་སྣ་མང་པོ་དང་བཞུགས་མོལ་གནང་།


མཉམ་སྤྱོད།