དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁྲའོ་ཞན་གྱིས་ཧན་གོ་དང་ས་མཚམས་འབྲེལ་བའི་ལྷོ་ཕྱོགས་ཀྱི་ལམ་དུས་གཏན་དུ་གཅོད་རྒྱུ་དང་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས།

2024-10-10 10:01:52   |   372

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁྲའོ་ཞན་མི་དམངས་དམག་གི་སྤྱི་ཁྱབ་བློ་འདོན་པུས་ཟླ10པའི་ཚེས9ཉིན་གསལ་བསྒྲགས་སྤེལ་ཏེ། ཉིན་དེ་ནས་བཟུང་ཧན་གོ་དང་འབྲེལ་བའི་ལྕགས་ལམ་དང་གཞུང་ལམ་རྦད་དེ་གཅོད་རྒྱུ་དང་འབྲེལ་འགོག་སྲུང་སྒྲིག་བཀོད་ཇེ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

གསལ་བསྒྲགས་ནང་ཁྲའོ་ཞན་ཕྱོགས་ཀྱི་ལྷོ་ཕྱོགས་རྒྱལ་མཚམས་དང་ས་འབྲེལ་ཡིན་པའི་ཧན་གོ་ས་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་བཙན་འཛུལ་དམག་སྦྱོང་བྱེད་ཀྱིན་ཡོད་ཅིང་། བཙན་འཛུལ་བྱེད་ཤུགས་རྦད་དེ་ཆེ་རུ་ཕྱིན་ཡོད། དེའི་ཐོག་ཨ་རིའི་ཉིང་རྡུལ་འཐབ་ཇུས་ཀྱི་མ་རྩ་ཁག་དུས་དང་རྣམ་པ་ཀུན་ཏུ་མངོན་ཡོང་གིན་ཡོད་ལ། ཕ་རོལ་ཕྱོགས་ཀྱིས་ཁྲའོ་ཞན་ལ“སྲིད་དབང་མཇུག་སྒྲིལ”རྒྱུ་ཡིན་ཞེས་ཟམ་མི་ཆད་པར་བཤད་ཀྱིན་ཡོད། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་ཆེ་བའི་དམག་དོན་དུས་བབ་ཀྱིས་ཁྲའོ་ཞན་དམག་ཕྱོགས་ཀྱིས་དེ་བས་དྲག་པོའི་འགོག་རྒོལ་གྱི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་འཁོད་ཡོད།

ཁྲའོ་ཞན་ལྷོ་རྒྱུད་ཀྱི་རྒྱལ་མཚམས་རྒྱུད་དུ་ཐོན་པའི་གནས་ཚུལ་ཚབས་ཆེན་ལ་དམིགས་ཏེ་ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་བློ་འདོན་པུས་ངོ་བོའི་རང་བཞིན་གྱི་དམག་དོན་བྱེད་ཐབས་སྤྱད་དེ་ཁྲའོ་ཞན་གྱི་བདག་དབང་སྤྱོད་པའི་ཁྱབ་ཁོངས་དང་ཧན་གོའི་མངའ་ཁོངས་རྦད་དེ་ལོགས་སུ་འབྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། ཁྲའོ་ཞན་ཕྱོགས་ཀྱིས་ཚེས9ཉིན་ནས་བཟུང་ཧན་གོ་དང་འབྲེལ་བའི་ཁྲའོ་ཞན་ཕྱོགས་ཀྱི་གཞུང་ལམ་དང་ལྕགས་ལམ་རྦད་དེ་གཅོད་རྒྱུ་དང་འགོག་སྲུང་གི་སྒྲིག་བཀོད་ཇེ་བརྟན་དུ་གཏོང་བའི་ལས་གཞི་ལག་ལེན་བསྟར་བྱ་རྒྱུ་རེད།

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་བློ་འདོན་པུས་ཁྲའོ་ཞན་དམག་ཕྱོགས་ཀྱིས་ཧན་གོ་དང་འབྲེལ་མཚམས་ཀྱི་ལྷོ་རྒྱུད་རྒྱལ་མཚམས་དུས་གཏན་དུ་གཅོད་པ་དང་འབྲེལ་བཀག་སྡོམ་བྱ་རྒྱུ་དེ་ནི་དམག་འཁྲུག་བཀག་འགོག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རང་སྲུང་བྱ་ཐབས་ཤིག་ཡིན་ཞེས་བཤད།

ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་བློ་འདོན་པུས་ད་དུང་ལྷོ་ཕྱོགས་རྒྱལ་མཚམས་ཀྱི་རྩོད་གླེང་ས་ཁུལ་རྒྱུད་དུ་བཙན་རྫོང་བརྟན་དུ་གཏོང་བའི་ལས་གཞི་སྤེལ་བར་དམིགས་ནས་ཁྲའོ་ཞན་དམག་ཕྱོགས་ཀྱིས་གོ་འཛོལ་མི་ཡོང་བ་དང་མེ་མདའ་འཕེན་རེས་བྱེད་པ་སྔོན་འགོག་བྱ་ཆེད་ས་གནས་དེ་གའི་ཚེས9ཉིན་གྱི་ཆུ་ཚོད9དང་སྐར་མ45ཡི་ཐོག་ཨ་རིའི་དམག་ཕྱོགས་ལ་ཁ་པར་ཐོག་ནས་བརྡ་ཐོ་བཏང་ཡོད་ཅེས་བཤད།


མཉམ་སྤྱོད།