དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅ་ཧྲའི་དབུས་རྒྱུད་ཀྱི་སློབ་གྲྭ་ཞིག་ལ་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་འདུག

2024-10-14 14:58:23   |   1059

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།     བཤེར་འབེབས།  རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཅ་ཧྲ་ནས་ཟླ10པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན། ཚེས13ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་ནུའུ་སའེ་ལའེ་ཐེའི་ཡུལ་གྱར་བ་སྡོད་པའི་སློབ་གྲྭ་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། འཇབ་རྒོལ་ཐེབས་པའི་སློབ་གྲྭའི་ནང་དུ་ཡུལ་གྱར་བ་མི་ཉུང་བ་ཞིག་ཡོད་པ་རེད། དེ་མ་ཟད། ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ད་དུང་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཧྲ་ཐི་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ནས་བྱིས་པ5རྐྱེན་ལམ་དུ་ཤོར་བ་རེད།

དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་ལ་གནས་སྐབས་ཨ་ལན་སློག་མེད་ལ། ཚེས13ཉིན་གྱི་སྔ་དྲོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་བའི་ནང་འདས་ཟིན་པའི་ཉིན་གཅིག་ནང་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ཧྲིལ་པོར་མུ་མཐུད་དུ་བྱ་སྤྱོད་སྤེལ་ནས་དམིགས་ཚད40ཙམ་ལ་རྡུང་རྡེག་བཏང་བ་དང་དྲག་ཆས་མི་སྣ་བཅུ་གྲངས་བསད་ཡོད་ཅེས་འཁོད་ཡོད་པ་རེད།

ཚེས13ཉིན། ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ན་ནིང་གི་ཟླ་བ་བཅུ་པར་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་པ་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་པ་མི་ཁྲི4.2ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི9.8ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།


མཉམ་སྤྱོད།