དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨུ་རུ་སུས་གླིང་བརྒལ་འཕུར་མདེལ3འཕངས།

2024-10-30 15:13:25   |   1032

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཨུ་རུ་སུའི་རྒྱལ་སྲུང་པུས་ས་གནས་དེ་གའི་ཟླ10ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུའི་འཐབ་ཇུས་ཉིང་རྡུལ་སྟོབས་ཤུགས་ཀྱི་དམག་སྦྱོང་བྱེད་རིང་ཨུ་རུ་སུའི་དམག་དཔུང་གིས་ཕུའུ་ལེ་སི་ཚེ་ཁེ་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ས་ནས་ཁན་ཁྲ་ཅ་ཕྱེད་གླིང་དུ་གནས་པའི་ཁུའུ་ལ་འབེན་ར་ལ“ཨར་སི”གླིང་བརྒལ་འཕུར་མདེལ་འཕངས།   

789.jpg 

ཨེ་ཧོ་ཚི་ཁེ་རྒྱ་མཚོར་གནས་པའི་ཨུ་རུ་སུའི“ཨོ་ལེ་ཀེ་ཏ་ཀུང་”རྟགས་ཅན་གྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུ་དང་པ་ལུན་ཀྲི་ཧའེ་རྒྱ་མཚོར་གནས་པའི་ཨུ་རུ་སུའི“མོ་སི་ཁོ་གསར་པའི་སི་ཁེ”རྟགས་ཅན་གྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུས་ཆུ་འོག་ནས“ཆིང་པན”དང“པུའུ་ལ་ཝ”རྟགས་ཅན་གྱི་གླིང་བརྒལ་མདེལ་ལམ་འཕུར་མདེལ་འཕངས།

གཞན་ཡང་ཨུ་རུ་སུའི་-95MSཡི་རྒྱང་ཁྲིད་འཐབ་ཇུས་མདེལ་དབྱུག་གནམ་གྲུས་དམག་སྦྱོང་བྱེད་རིང་མཁའ་འཕེན་སྐོར་ཞིབ་འཕུར་མདེལ་འཕེན་གཏོང་ལས་འགན་ལེགས་འགྲུབ་བྱས།


མཉམ་སྤྱོད།