དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཁྲའོ་ཞན་གྱིས་གླིང་སྐྱོད་འཕུར་མདའ་ཚོད་འཕེན་བྱས།

2024-10-31 16:24:07   |   547

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ཧྲོ་ཨར་ནས་ཟླ10ཚེས31ཉིན་འབྱོར་བའི་གློག་འཕྲིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་ཟླ10ཚེས31ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་རྒྱལ་སྲུང་ཞིང་ཆེན་གྱི་མགྲིན་ཚབ་པས་གནས་ཚུལ་སྤེལ་ནས་ཉིན་དེའི་ཞོགས་པར་ཁྲའོ་ཞན་གྱིས་གླིང་སྐྱོད་མདའ་ལམ་འཕུར་མདེལ་ཚོད་འཕེན་བྱས་པ་རེད། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཚོད་འཕེན་ཡུལ་དངོས་ནས་འཕེན་གཏོང་ལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་ཚོད་ལྟ་བྱས་པ་དེས་དགྲར་འཛིན་ཕྱོགས་གཏོགས་ལ་ཁྲའོ་ཞན་གྱི་ཁ་གཏད་གཅོག་སེམས་གསལ་པོ་མཚོན་ཡོད་ཅེས་བཤད། 

011.jpg

གནས་ཚུལ་སྤེལ་བར་ལྟར་ན། ཁྲའོ་ཞན་གྱིས“ཧ་ཅང་གལ་ཆེན”གྱི་ཚོད་ལྟ་བྱས་པ་དང་། ད་ཐེངས་ཀྱི་ཚོད་ལྟ་བྱས་པ་དེས་ཁྲའོ་ཞན་གྱི་འཐབ་ཇུས་འཕུར་མདེལ་ཐད་ཀྱི་ཟིན་ཐོ་གསར་པ་བཏོད་པ་མ་ཟད། ཁྲའོ་ཞན་གྱི་འཐབ་ཇུས་ཀྱི་ཚོད་འཛིན་ནུས་པའི“དེང་རབས་རང་བཞིན་དང་བློས་འགེལ་ཆོག་པ”མངོན་པར་བྱས་ཡོད་པ་རེད། 

ཅིན་ཀྲེང་ཨེན་གྱིས་ཚོད་ལྟ་བྱ་ཡུལ་དུ་ཉེ་དུས་ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་ཕྱིན་ཡོད། ད་ཐེངས་ཀྱི་ཚོད་ལྟ་བྱས་པ་དེ་ནི་དགྲར་འཛིན་སྟོབས་ཤུགས་ལ“ང་ཚོས་ཁ་གཏད་གཅོག་པའི་འདོད་འདུན་གསལ་པོ་མཚོན་པའི་འོས་འཚམ་གྱི་དམག་དོན་བྱ་སྤྱོད”ཅིག་ཡིན་ལ། “ཁྲའོ་ཞན་གྱི་འཐབ་ཇུས་ཕར་རྒོལ་སྟོབས་ཤུགས་མུ་མཐུད་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཀྱང་རེད”ཅེས་བཤད་པ་རེད།


མཉམ་སྤྱོད།