སྒྲིག་སྒྱུར། སངས་དོན། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ12པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན། ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས12ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་ཨ་རིས་ཡུག་རེན་ལ་རིན་ཐང་ཨ་སྒོར་དུང་ཕྱུར5ཡི་རེས་སྐོར་གསར་པའི་དམག་དོན་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། རོགས་སྐྱོར་དེའི་ནང“ཧའེ་མ་སི”ཞེས་པའི་འཕྲུལ་སྒུལ་མཐོ་བའི་མེ་ཤུགས་འཕུར་སྒྱོགས་མ་ལག(HIMARS)རྫས་མདེལ་དང་། མི་མེད་གནམ་གྲུ ལྕགས་ཁྲབ་འཁོར་རིགས་སོགས་ཚུད་ཡོད་པ་རེད།
དེ་སྔོན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་རྒྱལ་སྲུང་དཔོན་ཨའོ་སི་ཐིང་གིས་ཟླ12པའི་ཚེས7ཉིན་ཡུག་རེན་ལ་རེས་སྐོར་གསར་པའི་རིན་ཐང་ཨ་སྒོར་དུང་ཕྱུར9.88ཟིན་པའི་དམག་དོན་བདེ་འཇགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།