སྒྲིག་སྒྱུར། སངས་དོན། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12པའི་ཚེས16ཉིན་འབྱོར་བའི་གློག་འཕྲིན། ཚེས16ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོའི་དབར་ཐུན་མོང་གི་ངོས་འཛིན་བྱུང་བ་གཞིར་བཟུང་ནས། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་དམིགས་བསལ་འཐུས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱིས་ཟླ12པའི་ཚེས18ཉིན་པེ་ཅིང་དུ་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི། རྒྱ་གར་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་བ་ཏུའོ་ཝར་དང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས23པ་འཚོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག