དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་འཇར་པན་སྲིད་སྐྱོང་ཏང་གི་བརྗེ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དགུ་པ་པེ་ཅིང་དུ་འཚོགས།

2025-01-15 09:44:56   |   3908

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པའི་ཚེས14ཉིན་འབྱོར་བའི་གློག་འཕྲིན། ཟླ1པའི་ཚེས14ཉིན། ཀྲུང་གོ་གུང་ཁྲན་ཏང་དང་འཇར་པན་རང་དབང་དམངས་གཙོ་ཏང་། ཀུང་མིང་ཏང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་ཀྲུང་གོ་དང་འཇར་པན་སྲིད་སྐྱོང་ཏང་གི་བརྗེ་རེས་ལམ་སྲོལ་ཚོགས་འདུ་ཐེངས་དགུ་པ་པེ་ཅིང་དུ་འཚོགས། ཕྱོགས་གཉིས་པོས“འགྱུར་ལྡོག་ཆེན་པོའི་འོག་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སྟེ། སྲིད་སྐྱོང་ཏང་གི་འགན་འཁྲི”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ལྷག་བསམ་ཟོལ་མེད་ངང་བསམ་ཚུལ་བརྗེ་རེས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱི་པུ་ཨུ་དང་ས་གནས་སྲིད་གཞུང་། འཇར་པན་གྱི་སྲིད་སྐྱོང་ཏང་བཅས་ཀྱི་འཐུས་མི60ལྷག་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཞི་བདེ་མཉམ་གནས་དང་ཞི་མཐུན་མཉམ་འཕེལ། འཆམ་མཐུན་སོར་གནས་བཅས་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་ཞིང་བརྟན་ལྷིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གིས་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་ཐང་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཡོད་ཅེས་གསུངས།

འཇར་པན་རང་དབང་དམངས་གཙོ་ཏང་གི་ལས་དཔོན་སེན་ཧྲན་ཡུས་དང་ཀུང་མིང་ཏང་གི་ལས་དཔོན་ཞི་ཐེན་ཧྲི་རེན་གྱིས་འཇར་པན་དང་ཀྲུང་གོ་སྲིད་སྐྱོང་ཏང་གི་བརྗེ་རེས་ལམ་སྲོལ་ཚོགས་འདུ་བསྐྱར་དུ་མགོ་བརྩམས་པ་དེས་ཕྱོགས་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པས་ཀྲུང་གོའི་དབར་གྱི་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་དམངས་ཀྱི་མཛའ་གྲོགས་བརྩེ་དུང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས། 



མཉམ་སྤྱོད།