དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པར་ཙིར་གྱིས2025ལོའི་གསེར་སྦྲམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད།

2025-01-03 10:05:46   |   2961

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ1པའི་ཚེས1ཉིན་གློག་འཕྲིན་འབྱོར་གསལ། པར་ཙིར་གྱི་ཙུང་ཐུང་ཤག་གིས་ཟླ1པའི་ཚེས1ཉིན་སྤྱི་བསྒྲགས་སྤེལ་ཏེ། པར་ཙིར་གྱིས2025ལོའི་གསེར་སྦྲམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་སྐབས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཆེན་པོ་གཉིས་ལ་དམིགས་ནས་ལས་དོན་སྤེལ་རྒྱུ་ཡིན་ཞེས་བཤད།

པར་ཙིར་གྱིས་ཟླ1པའི་ཚེས1ཉིན་ནས་བཟུང2025ལོའི་གསེར་སྦྲམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། པར་ཙིར་ཙུང་ཐུང་ཤག་གི་སྤྱི་བསྒྲགས་ལ་གཞིགས་ན། པར་ཙིར་གྱིས་གསེར་སྦྲམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། སྔོན་ལ་གྲོས་མགོ་འདོན་པའི་ནང་དོན་ལ། དེ་བས་ནུས་ཆེའི་གཏོང་སྤྲོད་མ་ལག་འཕེལ་རྒྱས་བཏང་ནས་གསེར་སྦྲམ་རྒྱལ་ཁབ་ཀྱི་ཉོ་ཚོང་དང་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་། བསྟུན་མཁས་རང་བཞིན་དང་འགན་འཁུར་བའི་མིས་བཟོས་རིག་ནུས་ཀྱིས་བཅོས་སྐྱོང་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་བ། པར་ཙིར་དུ་གཉེར་རྒྱུ་ཡིན་པའི2025ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་འབྲེལ་ཡོད་ཕྱོགས་དང་མཉམ་ལས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མ་དངུལ་བསྡུ་སྒྲིལ་གྲུབ་ཆ་ལེགས་སུ་གཏོང་བ།  ཁོངས་མིའི་རྒྱལ་ཁབ་དབར་གྱི་མཉམ་ལས་རྣམ་གྲངས་ལ་ཤུགས་བསྣན་ཏེ་སྤྱི་པའི་འཕྲོད་བསྟེན་མ་ལག་གཙོ་གནད་ཐོག་ལེགས་སུ་གཏོང་བ་སོགས་ཚུད་ཡོད།

པར་ཙིར་གསེར་སྦྲམ་མཉམ་ལས་ལམ་སྲོལ་མཐུན་སྦྱོར་པའམ། པར་ཙིར་ཕྱི་འབྲེལ་པུའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་འགན་འཁུར་བ་ཨེ་ཏི་ཧྭ་ཏུའོ·ས་པོ་ཡས་པར་ཙིར་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། “དེ་བས་ལེགས་པ་དང་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཞིག་འཛུགས་དགོས་ན་གསེར་སྦྲམ་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་མེད་དུ་མི་རུང་”ཞེས་བཤད།


མཉམ་སྤྱོད།