དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

2025-01-02 11:22:16   |   3092

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  ཀྲུང་དབྱང་རྒྱང་སྒྲོག་བརྙིན་འཕྲིན་སྤྱི་ཁྱབ་ཁང་།     བཤེར་འབེབས།   རིན་ཆེན་ཚེ་རིང་།


258.jpg

1.ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱིས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་གྱི་དུས་རབས་ཀྱི་འཕེལ་ཕྱོགས་ལ་སྣེ་ཁྲིད་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་བྱས་པ། 

01.png

2.ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་དེ་ཕྱི་ཕྱོགས་སུ་ཁྱབ་ནས་ས་ཁུལ་གྱི་ཟིང་ཆ་ཛ་དྲག་ཏུ་ཕྱིན་པ་དང་། སི་རི་ཡར་སྲིད་དབང་བརྗེ་རེས་བྱུང་བ། 

02.png

3.ཨུ་རུ་སུ་དང་ཡུག་རེན་གཉིས་ཉིན་སྟོང་ལྷག་ཙམ་ལ་གདོང་ཐུག་བྱས་པ་དང་། ནུབ་ཕྱོགས་ཀྱིས་ཡུག་རེན་ལ་རོགས་སྐྱོར“ཚད་བརྒལ”བྱས་པས་གདོང་ཐུག་ཆེ་རུ་འགྲོ་བའི་ཉེན་ཁ་ཆེ་རུ་ཕྱིན་པ། 

03.png

4.ཆབ་སྲིད་ཐལ་དྲགས་སུ་འགྱུར་བ་དང་འགྲོ་གྲོན་ཆེན་པོ་གཏོང་བ། ཨ་རིའི་ཙུང་ཐུང་འདེམས་བསྐོས“ཨ་རི་གཉིས”ཀྱི་འགྲན་རྩོད་ཕྱི་རུ་མངོན་པ། 

04.png

5.ཡོ་རོབ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ་དང་། ཆབ་སྲིད་ཀྱི་གནས་སྟངས་སྔར་བས་“ཧྲུག་ཧྲུག་ཅན་”དུ་འགྱུར་བཞིན་ཡོད་པ། 

05.png

6.འཛམ་གླིང་དཔལ་འབྱོར་འཕར་ཚུལ་བརྟན་བརླིང་ཡིན་མོད། འགྲན་སློང་སྔར་བཞིན་གནས་ཡོད་པ་དང་། ཀྲུང་གོས་མུ་མཐུད་དུ་སྒུལ་ཤུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་པ། 

06.png

7.མིས་བཟོས་རིག་ནུས་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་ལ་དོ་ཁུར་བྱེད་ཀྱིན་ཡོད་པ། 

07.png

8.ཧན་གོར་ཆུ་ཚོད་དྲུག་གི“ཉེན་ཟོན་བཀའ་བརྡ་བརྒྱུད”དབྱིན་ཞི་ཡུའེ་ཧན་གོའི་ལོ་རྒྱུས་ཐོག་རྒྱལ་ཚོགས་ཀྱིས་ཉེས་བགྲང་ཞུ་གཏུག་ཕོག་པའི་ཙུང་ཐུང་གསུམ་པར་གྱུར་བ། 

08.png

9.2024ལོ། ཟིན་ཐོ་བཀོད་ཚུན་གྱི“ཚ་བ་ཆེ་བའི་ལོ”རུ་གྱུར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱིས་གནམ་གཤིས་མ་དངུལ་གྱི་ཐུན་མོང་ཚད་འབེབས་དམིགས་ཚད་གསར་པ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ། 

09.png

10.དབྱར་དུས་ཨོ་རྩལ་འགྲན་ཚོགས་སྐབས33པ་པ་ལི་ནས་འཚོགས། ཀྲུང་གོའི་ལུས་རྩལ་པ་རྣམས་ལ་རྒྱལ་ཕྱིའི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་པ།

10.png


མཉམ་སྤྱོད།