དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧན་གོའི་ཁྲིམས་ཁང་གིས་དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ལ་ཆོག་མཆན་སྤྲད་པ།

2024-12-31 09:12:49   |   2764

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་དེ་རིང(ཚེས31ཉིན)ཤེས་རྟོགས་བྱུང་བ་ལྟར་ན།    ཉིན་དེར་ཧན་གོའི་ཁྲིམས་ཁང་གིས་ནང་ཟིང་དང་འབྲེལ་བ་ཡོད་པའི་རྒྱུ་ལ་བརྟེན་ནས་དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ལ་ཆོག་མཆན་སྤྲད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཧན་གོའི་རྩ་ཁྲིམས་དང་ཆབ་སྲིད་ལོ་རྒྱུས་ཐོག་ལས་ཐོག་ཙུང་ཐུང་ལ་དམིགས་ནས་འཛིན་བཟུང་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་ཐེངས་དང་པོ་ཡིན། 

1.jpg

ཚེས30ཉིན། ཧན་གོའི་མཐོ་རིམ་གཞུང་ཞབས་མི་སྣའི་ཉེས་གསོག་བརྟག་དཔྱད་ཁྲུའུ་དང་། ཉེན་རྟོག རྒྱལ་སྲུང་པུའི་བརྟག་དཔྱད་པུ་བཅས་ལས་གྲུབ་པའི“ཐུན་མོང་བརྟག་དཔྱད་པུ”ཡིས་ཧྲོའར་ཡི་ནུབ་རྒྱུད་ས་གནས་ཁྲིམས་ཁང་ལ་ཙུང་ཐུང་དབྱིན་ཞི་ཡུའེ་བཀག་ཉར་བྱ་རྒྱུའི་རེ་འདུན་ཞུས།     

ཧན་གོའི་མཐོ་རིམ་གཞུང་ཞབས་མི་སྣའི་ཉེས་གསོག་བརྟག་དཔྱད་ཁྲུའུ་ཡིས་སྔ་རྗེས་སུ་“ནང་ཟིང་གི་སྣེ་ཁྲིད་པ”དང“འགན་དབང་གང་བྱུང་དུ་སྤྱད་ནས་དབང་ཆ་སྤྱོད་རྒྱུར་འགོག་རྐྱེན་བཟོས་པའི”དོགས་པ་ཡོད་ཅེས་པར་བརྟེན་ནས་དབྱིན་ཞི་ཡུའེ་ལ་བརྟག་དཔྱད་ཀྱི་རེ་འདུན་ཡི་གེ་ཐེངས་གསུམ་བསྐུར་མོད། འོན་ཀྱང་དབྱིན་ཞི་ཡུའེ་ཡིས་ལན་མ་བཏབ་པ་རེད། ཧན་གོའི《ཉེས་དོན་གཏུག་བཤེར་ཁྲིམས》ལྟར་ན། གལ་ཏེ་དོགས་ཡོད་མི་སྣས་བརྟག་དཔྱད་ཀྱི་རེ་བ་དང་ལེན་མི་བྱེད་པའམ་ཡང་ན་བརྟག་དཔྱད་ཀྱི་རེ་བ་དང་ལེན་མི་བྱེད་པའི་སྲིད་ཕྱོད་ཡོད་ཚེ། བརྟག་དཔྱད་ལས་ཁུངས་ཀྱིས་ཁྲིམས་ཁང་ལ་འཛིན་བཟུང་བཀའ་རྒྱ་རེ་ཞུ་བྱས་ནས་འབྲེལ་ཡོད་མི་སྣར་བཙན་ཤེད་ཀྱིས་བརྟག་དཔྱད་བྱས་ཆོག


མཉམ་སྤྱོད།