དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི181གི་ཁྲོད་མི2མ་གཏོགས་ཚང་མ་རྐྱེན་ལམ་དུ་ཤོར་བ།

2024-12-30 09:36:55   |   2731

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས29ཉིན། ལྷོ་ཁོ་རེ་ཡའི་ཆོན་ལུའོ་ནན་ཏའོ་མེ་གསོད་ཐིང་གིས་ཝུའུ་ཨན་གནམ་ཐང་དུ་ཅི་ཀྲོའུ་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ7C2216གི་འགྲུལ་པའི་ཁྱིམ་མིར། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་མི2སྲོག་ཉེན་ལས་ཐར་བ་ཕུད་དེ་བྱིངས་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན་པ་རེད།

1.jpg

ཉིན་དེར། འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷོ་ཁོ་རེ་ཡའི་ཆོན་ལུའོ་ནན་ཏའོ་རུ་གནས་པའི་ཝུའུ་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབབ་སྐབས་རྒྱུག་ལམ་ནས་ཤོར་ཏེ་གནམ་གྲུ་ཐང་གི་ར་སྐོར་དང་རྡུང་ག་བརྒྱབ། དོན་རྐྱེན་བྱུང་བའི་གནམ་གྲུ་ནི་ཐེ་ལན་གྱི་པང་ཁོག་ནས་འཕུར་ཡོང་བའི་ཅི་ཀྲོའུ་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ7C2216ཡིན་པ་དང་། གནམ་གྲུའི་ཐོག་འགྲུལ་པ175དང་གནམ་གྲུའི་ལས་སྒྲུབ་མི་སྣ6བཅས་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་ཀོང་ཀྲོའུ་ཡིཀྲུང་གོའི་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་དོན་རྐྱེན་འདིའི་ཁྲོད་ཀྲུང་གོའི་སྤྱི་དམངས་ཤི་རྨས་བྱུང་མེད་པ་ར་སྤྲོད་བྱས་འདུག


མཉམ་སྤྱོད།