དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་ཟེར་བྷེ་ཇན་གྱི་མཁའ་འགྲུལ་གནམ་གྲུ་སར་ལྷུང་སྟེ་མི38རྐྱེན་ལམ་དུ་ཤོར།

2024-12-26 10:22:17   |   2316

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཚེས25ཉིན། ཨ་ཟེར་བྷེ་ཇན་མཁའ་འགྲུལ་སྤྱི་གཉེར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧ་སག་སི་ཐན་ནུབ་རྒྱུད་ཀྱི་ཨ་ཁེ་ཐའོ་གྲོང་ཁྱེར་ཉེ་འགྲམ་དུ་སར་ལྷུང་།  ཉིན་དེར། ཧ་སག་སི་ཐན་གྱི་ཛ་དྲག་གནས་ཚུལ་པུ་ཡིས་གནམ་གྲུ་ལྷུང་བའི་དོན་རྐྱེན་ཁྲོད་མི29གསོན་ཡོད་པ་དང་མི38རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས།     

མིག་སྔར་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་ཟིན་ཐོ་རྙེད་ཟིན་པ་དང་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད།  



མཉམ་སྤྱོད།