དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེས23ཉིན་སོ་ཏི་ཨ་རབ་ནས་ཨུ་རུ་སུ་དང་ཡུག་རེན་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་རེད།

2025-03-19 11:34:30   |   1973

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ3པའི་ཚེས19ཉིན་གྱི་གློག་འཕྲིན།    ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།    ས་གནས་དེ་གའི་དུས་ཚོད་ཚེས18ཉིན་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཝེ་ཐེ་ཁོ་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སུ་དང་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་མོལ་ཚེས23ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏ་རུ་འཚོག་རྒྱུ་ཡིན་ཞེས་བཤད་པ་རེད།     

ཚེས16ཉིན་ཝེ་ཐེ་ཁོ་ཕུའུ་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང“ཧུར་ཐག་གིས”གྲོས་མོལ་བྱས་རྗེས།    ཁོང་གིས་ཨ་རིའི་ཙུང་ཐུང་ཐེ་ལིང་ཕུ་ལ་གྲོས་མོལ་གྱི་ནང་དོན་སྙན་ཞུ་ཞིབ་ཕྲ་བྱས་ཡོད་ཅེས་བཤད་པ་རེད།     ཝེ་ཐེ་ཁོ་ཕུའུ་ཡིས་ད་དུང་ཨ་རིས་ཀྱང་ཡུག་རེན་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།


མཉམ་སྤྱོད།