དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་ཕྱོགས་ཀྱིས་ཉིན30རིང་གནས་སྐབས་སུ་དམག་མཚམས་འཇོག་རྒྱུ་དང་ལེན་བྱས། ཨ་རིས་ཡུག་རེན་ལ་བདེ་འཇགས་རོགས་སྐྱོར་བྱེད་པ་སླར་གསོ་བྱས།

2025-03-12 10:07:46   |   1277

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཚེས11ཉིན། ཨ་རི་དང་ཡུག་རེན་གྱི་རིམ་པ་མཐོ་བའི་འཐུས་མི་ཚོགས་པས་སོ་ཏི་ཨ་རབ་ཏུ་གྲོས་མོལ་བྱས། ཚོགས་འདུ་གྲོལ་རྗེས། ཨ་རི་དང་ཡུག་རེན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།

1.jpg

ཡུག་རེན་ཕྱོགས་ཀྱིས་ཉིན30རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་དང་ལེན་བྱས།

གསལ་བསྒྲགས་ནང་ཡུག་རེན་གྱིས་ཨ་རིས་བཏོན་པའི་ཉིན30རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་དང་ལེན་བྱས་ཞེས་བཀོད་ཡོད། ཡུག་རེན་གྱིས་ཨ་རིའི་གྲོས་མགོ་དང་ལེན་བྱས་ནས་དུས་ཡུན་ཉིན30ཡི་རིང་གནས་སྐབས་སུ་དམག་མཚམས་འཇོག་འདོད་ཡོད། ཕྱོགས་གཉིས་པོས་མོས་མཐུན་བྱས་པ་བརྒྱུད་དམག་མཚམས་འཇོག་རྒྱུའི་དུས་ཡུན་རིང་དུ་གཏོང་ཆོག་མོད། འོན་ཀྱང་ངེས་པར་དུ་ཨུ་རུ་སུས་དང་ལེན་བྱེད་དགོས་པ་དང་དུས་མཚུངས་སུ་ལག་བསྟར་བྱེད་དགོས་ཞེས་བཤད།

ཨ་རིས་ཡུག་རེན་ལ་བདེ་འཇགས་རོགས་སྐྱོར་བྱེད་པ་སླར་གསོ་བྱས་པ།

ཨ་རི་ཕྱོགས་ཀྱིས་གསང་འཕྲིན་མཉམ་སྤྱོད་གནས་སྐབས་སུ་མཚམས་བཞག་པའི་རྣམ་པ་འཕྲལ་དུ་སླར་གསོ་བྱས་ཏེ་ཡུག་རེན་ཕྱོགས་ལ་བདེ་འཇགས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།

ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ།

ཨ་རི་དང་ཡུག་རེན་གྱི་འཐུས་མི་ཚོགས་པས་ད་དུང་མི་ཆོས་རིང་ལུགས་ཀྱི་འབད་བརྩོན་དེ་ཞི་བདེའི་འཕེལ་རིམ་གྱི་ཆ་ཤས་ཤིག་ཡིན་པའི་གལ་ཆེའི་རང་བཞིན་ལ་གྲོས་བསྡུར་བྱས་པ་དང་ལྷག་པར་དུ་དམག་མཚམས་འཇོག་རིང་དམག་འཁྲུག་གི་བཟུང་དམག་བརྗེ་རེས་དང་བཀག་ཉར་བྱས་པའི་མི་སེར་གློད་གྲོལ་གཏོང་བ། དེ་བཞིན་ཐུ་མེད་དུ་ཡུལ་གྱར་དུ་གྱུར་པའི་ཡུག་རེན་གྱི་བྱིས་པ་ཕྱིར་ལོག་རྒྱུར་རོགས་རམ་བྱེད་པ་སོགས་ཚུད་ཡོད།

ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་པས་གྲོས་མོལ་ཚོགས་པ་འཛུགས་པ་དང་འབྲེལ་འཕྲལ་མར་གྲོས་མོལ་བྱེད་མགོ་བརྩམས་ནས་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དང་འབྲེལ་ཡུག་རེན་གྱི་ཡུན་རིང་བདེ་འཇགས་འགན་ལེན་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ཨ་རིས་ཨུ་རུ་སུའི་འཐུས་མི་དང་ཞིབ་ཕྲའི་གྲོས་མགོ་དེ་དག་ལ་གྲོས་བསྡུར་བྱ་རྒྱུའི་ཁས་ལེན་བྱས།

ཡུག་རེན་འཐུས་མི་ཚོགས་པས་ཡོ་རོབ་གླིང་གི་རོགས་ཟླ་རྣམས་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་ཞེས་སླར་ཡང་ནན་བཤད་གནང་།

ཨ་རི་དང་ཡུག་རེན་གྱི་གཏེར་ཁའི་གྲོས་མཐུན་གང་མགྱོགས་འཇོག་རྒྱུར་མོས་མཐུན་བྱུང་།

རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གིས་ཡུག་རེན་གྱི་འགག་རྩའི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ཐད་ཁྱོན་ཡོངས་ཀྱི་གྲོས་མཐུན་གང་མགྱོགས་འཇོག་རྒྱུའི་མོས་མཐུན་བྱུང་ཞིང་། ཡུག་རེན་གྱི་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་འབྲེལ་ཡུག་རེན་གྱི་ཡུན་རིང་དར་རྒྱས་དང་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།

ཙེ་ལན་སི་ཅི་ཡིས་ཡུག་རེན་གྱིས་ཉིན30རིང་དམག་མཚམས་འཇོག་རྩིས་ཡོད། ཨ་རིས་ངེས་པར་དུ་ཨུ་རུ་སུར་གོ་སྐོན་བློ་འགུག་བྱེད་དགོས་ཞེས་བཤད།

ས་གནས་དེ་གའི་ཚེས11ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་འཆར་ཅན་གྱི་བརྙན་ལམ་གསུང་བཤད་ཁྱབ་བསྒྲགས་བྱས་ནས་ཡུག་རེན་གྱིས་གཡུལ་སར་ཉིན30རིང་དམག་མཚམས་འཇོག་རྩིས་ཡོད་ཅེས་བཤད།

ཙེ་ལན་སི་ཅི་ཡིས་ཉིན་དེའི་གྲོས་མོལ་ཁྲོད་སྨྲས་དོན། ཨ་རི་ཕྱོགས་ཀྱིས་འཕྲལ་མར་གོམ་པ་དང་པོ་སྤོས་ནས་ཉིན30རིང་ཕྱོགས་ཡོངས་ནས་དམག་མཚམས་འཇོག་རྒྱུའི་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན་པ་དེ་ནི་འཕུར་མདེལ་དང་། མི་མེད་གནམ་གྲུ། འབར་མདེལ་བཅས་ཀྱི་སྐོར་ཡིན་པ་མ་ཟད། མཚོ་ནག་མ་ཟད་ད་དུང་གཡུལ་ས་ཧྲིལ་པོ་ཡང་ཚུད་ཡོད། ཡུག་རེན་གྱིས་གྲོས་མགོ་དེ་དང་ལེན་བྱས། དེ་ནི་དགེ་མཚན་ལྡན་པ་ཞིག་ཡིན་པར་འདོད་པ་མ་ཟད་གོ་རིམ་དེ་འདྲ་དང་ལེན་བྱས། འོན་ཀྱང་ཨ་རིས་ངེས་པར་དུ་ཨུ་རུ་སུར་དེ་ལྟར་བྱེད་དགོས་པའི་གོ་སྐོན་བློ་འགུག་བྱེད་དགོས། གལ་ཏེ་ཨུ་རུ་སུས་མོས་མཐུན་བྱས་ཚེ་དམག་མཚམས་འཇོག་རྒྱུའི་བྱེད་ཐབས་ལ་ནུས་པ་ཐོན་ངེས་རེད།

ཁྲོམ་ཕུས་ཙེ་ལན་སི་ཅི་ཕོ་བྲང་དཀར་པོར་ཡང་བསྐྱར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་སྨྲས།

ས་གནས་དེ་གའི་ཚེས11ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་སྨྱན་སྦྱོར་སྟེང་སྤེལ་དོན། ཁོང་གིས་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཕོ་བྲང་དཀར་པོར་བསྐྱར་དུ་གདན་ཞུ་བྱ་རྒྱུ་ཡིན་ཞེས་བཤད།

ཁྲོམ་ཕུ་ཡིས་ད་དུང་ཨུ་རུ་སུས་ཨ་རི་དང་ཡུག་རེན་དཔོན་རིགས་ཀྱིས་བཟོས་པའི་དམག་མཚམས་འཇོག་རྒྱུའི་འཆར་གཞིར་མོས་མཐུན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་དང་འབྲེལ་ཨ་རིས་ཚེས11ཉིན་གྱི་ཕྱི་དྲོའམ་ཡང་ན་ཚེས12ཉིན་ཨུ་རུ་སུ་ཕྱོགས་དང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད། ཁྲོམ་ཕུས་གཟའ་འཁོར་འདིར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།

ཨུ་རུ་སུས་ཉེ་བའི་ཉིན་འགའི་ནང་ཨ་རིའི་འཐུས་མི་དང་འབྲེལ་གཏུག་བྱེད་སྲིད་ཅེས་བཤད།

ས་གནས་དེ་གའི་ཚེས11ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུའི་ཕྱོགས་ཀྱིས་ཉེ་བའི་ཉིན་འགའི་ནང་ཨ་རིའི་འཐུས་མི་དང་འབྲེལ་གཏུག་བྱེད་སྲིད་་ཅེས་བཤད།


མཉམ་སྤྱོད།