དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱེད་མཚམས་བཞག

2025-03-04 10:25:42   |   892

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཚེས3ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱེད་པ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་རྒྱུའི་བཀའ་བཏང་།

ཤེས་གསལ་ལྟར་ན། ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱེད་པ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་བྱས་ཡོད། ཁྲོམ་ཕུས་ཡུག་རེན་གྱི་མགོ་ཁྲིད་ལ“ཨུ་རུ་སུ་དང་ཡུག་རེན་བར་ཞི་བདེའི་གྲོས་མཐུན་འཇོག་འདོད་ཀྱི་ལྷག་བསམ”ཡོད་པ་གསལ་པོར་མཐོང་བའི་བར་དུ་དམག་དོན་རོགས་སྐྱོར་ཡོད་ཚད་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།