དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁའོ་ཝུན་ཁྲུའེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིར་བདམས་པ་རེད།

2025-03-21 10:16:10   |   890

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ3པའི་ཚེས21ཉིན་གྱི་གློག་འཕྲིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན(IOC)གྱི་ཚང་འཛོམས་གྲོས་ཚོགས་ཐེངས144པ་ཀེ་རི་སེར་འཚོགས་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གསར་པ་པེ་ཅིང་གི་དུས་ཚོད་ཚེས20ཉིན་གྱི་དགོང་མོ་ཐོན་ཡོད། ཙམ་པབ་ཝེ་ནས་ཡོང་བའི་འོས་མི་ཁའོ་ཝུན་ཁྲུའེ་བདམས་ཐོན་བྱུང་ནས་སྐབས་བཅུ་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིར་གྱུར།  

21508e4c05f946169acd93ffc5693d2c.jpg   

སྒྲིག་སྲོལ་ལྟར་ན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིའི་འོས་མི་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཨུ་ཡོན་གྱིས་འདེམས་ཤོག་འཕངས་ནས་ཐག་གཅོད་བྱེད་པ་དང་། འདེམས་ཤོག་འཕེན་པར་རེས་སྐོར་རེ་རེ་བཞིན་ཕུད་པའི་ལམ་ལུགས་སྤྱོད་ཀྱི་ཡོད། གལ་ཏེ་འདེམ་མིའི་འདེམས་ཤོག་ཕྱེད་ཀ་ཡན་ཐོབ་ན་བདམས་ཐོན་བྱུང་བ་ཡིན། འདེམས་བསྐོ་ནི་པེ་ཅིང་གི་དུས་ཚོད་ཚེས20ཉིན་གྱི་དགོང་མོའི་ཆུ་ཚོད22ནས་མགོ་བརྩམས་པ་དང་འདེམས་ཤོག་འཕེན་པའི་བརྒྱུད་རིམ་ཧྲིལ་པོ་སྒོ་བརྒྱབ་ནས་སྤེལ་བ་རེད།     

མཐར་ལོ41ལ་སླེབས་པའི་ཁའོ་ཝུན་ཁྲུའེ་ལ་རྒྱལ་ཁ་ཐོབ་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལོ་རྒྱུས་ཐོག་གི་བུད་མེད་ཀྲུའུ་ཞི་དང་པོར་གྱུར།    


མཉམ་སྤྱོད།