དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དམག་འཁྲུག་ལས་མི་ཁྲི5ལྷག་ཙམ་རྐྱེན་ལམ་དུ་ཤོར་འདུག

2025-03-24 10:08:16   |   676

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ3པའི་ཚེས19ཉིན། ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ཅ་ཧྲ་མཁར་གྱི་སྡེ་ཁུལ་ཞིག་ཏུ་མི་རྣམས་ཀྱིས་དབྱི་སི་རལ་དམག་དཔུང་གི་འཇབ་རྒོལ་རྗེས་ཀྱི་ཞིག་རོའི་ཁྲོད་ནས་འཚོལ་བཤེར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།(ལི་ཙེ་ཁེ·ཨ་པུའུ་ཏུའུ་ལེ་ཅ་ཝ་ཏེས་པར་བླངས )

དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་ཀྱིས་ཅ་ཧྲ་ས་ཁུལ་གྱི་མི་ཁྲི5ལྷག་རྐྱེན་ལམ་དུ་ཤོར་དུ་བཅུག

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཚེས23ཉིན་གསལ་བསྒྲགས་སྤེལ་དོན། 2023ལོའི་ཟླ10པར་ཕ་དབྱི་བར་གྱི་གདོང་ཐུག་གསར་པ་ཐོན་པ་ནས་བཟུང་། དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་ཀྱིས་ཅ་ཧྲ་ས་ཁུལ་གྱི་མི50021ལྷག་རྐྱེན་ལམ་དུ་ཤོར་དུ་བཅུག་པ་དང་། མི113274ལ་རྨས་སྐྱོན་ཕོག་ཏུ་བཅུག་ཟེར།

གསལ་བསྒྲགས་ནང་བསྟན་དོན། འདས་པའི་ཆུ་ཚོད24ནང་ཅ་ཧྲ་ས་ཁུལ་གྱི་སྨན་ཁང་ཁག་གིས་རྐྱེན་ལམ་དུ་ཤོར་བའི་མི41གི་བེམ་པོ་དང་རྨས་སྐྱོན་ཕོག་མཁན་མི61བསྡུ་ལེན་བྱས་ཡོད།

གཞན་ཡང་ཕ་ལེ་སི་ཐན་གྱི་འཕྲིན་སྐྱེལ་ཁང་གིས་ཚེས23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིའུ་ཉི་སི་དང་ཧྥ་ལ་ས་ཁུལ་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི30རྐྱེན་ལམ་དུ་ཤོར་དུ་བཅུག མི་བཅུ་ཕྲག་ལ་རྨས་སྐྱོན་ཕོག  དབྱི་སི་རལ་དམག་གིས་ད་དུང་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་དང་པེ་ཐེ་ཧ་ནེན་ས་ཁུལ་ལ་འབར་མདེལ་འཕངས།

2.jpg

ཟླ3པའི་ཚེས18ཉིན། ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་པེ་ཐེ་ཧ་ནེན་ནས་འུ་ཐུག་ནས་བྲོས་བྱོལ་དུ་འགྲོ་བཞིན་པའི་ཕ་ལེ་སི་ཐན་གྱི་དམངས་ཚོགས་ཅ་ཧྲ་མཁར་བརྒྱུད་ནས་འགྲོ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ།(མ་ཧ་མོ་ཏེ་ཀྲ་ཅིས་པར་བླངས)

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས23ཉིན་གསལ་བསྒྲགས་སྤེལ་དོན། དབྱི་སི་རལ་དམག་གིས22ཉིན་ནས་བཟུང་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་པེ་ཐེ་ཧ་ནེན་ས་ཁུལ་གྱི་ས་ངོས་སུ་བྱ་སྤྱོད་སྤེལ་མགོ་ཚུགས་པ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་འགུལ་སྐྱོད    (ཧ་མ་སི)་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་རྡུང་རྡེག་བྱས་ཤིང་། ཅ་ཧྲའི་བྱང་རྒྱུད་ཀྱི“བདེ་འཇགས་ཁུལ”    སྔར་བས་རྒྱ་སྐྱེད་བཏང་ཡོད་ཟེར།

དབྱི་སི་རལ་དམག་གིས་ཚེས23ཉིན་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ལ་ཧྥ་ས་ཁུལ་གྱི་ཐེ་ལེ་སུའུ་ཏན་ཉེ་འགྲམ་གྱི་ཕ་ལེ་སི་ཐན་གྱི་གྲོང་མི་འཕྲལ་མར་བྲོས་གྲམ་བྱེད་དགོས་པའི་ཛ་དྲག་བརྡ་སྦྱོར་བཏང་།


མཉམ་སྤྱོད།