དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤར་རྒྱུད་དམག་ཁུལ་གྱིས་ཝེ་ཐའེ་གླིང་ཕྲན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཤར་རྒྱ་མཚོའི་ཁོངས་སུ་ཚན་བྱང་མང་པོར་འཁྲབ་སྦྱོང་བྱས་པ།

2025-04-01 17:22:27   |   665

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་། 


 ཟླ4པའི་ཚེས1ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་དམག་འཁྲུག་ཁུལ་གྱིས་དམག་གྲུ་དང་དམག་འཐབ་གནམ་གྲུ་སྒྲིག་འཛུགས་བྱས་ཏེ། རྒྱུན་ཁྲིད་དང་རྒྱང་སྒམ་མེ་གཏོང་སོགས་དང་མཐུན་སྦྱོར་བྱས་ནས། ཝེ་ཐའེ་གླིང་ཕྲན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཤར་རྒྱ་མཚོའི་ཁོངས་སུ་བར་སྣང་ནས་འགོག་རྒོལ་དང་། རྒྱ་མཚོ་རུ་འཕྲལ་རྒོལ་བྱེད་པ། སྐམ་སར་རྡུང་རྡེག་བྱེད་པ། མཉམ་འབྲེལ་བཀག་སྡོམ་སོགས་ཚན་བྱང་འཁྲབ་སྦྱོང་བྱས་པ་དང་། དམག་དཔུང་གི་མཐུན་སྦྱོར་དམག་འཐབ་དང་ཚོད་འཛིན་བྱེད་དབང་། ཕྱོགས་མང་པོར་གནད་རྒྱག་སོགས་ཀྱི་ནུས་པར་ཞིབ་བཤེར་བྱས།  


མཉམ་སྤྱོད།