དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་མུའུ་ཨེར་མུའུ་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

2025-04-02 10:09:34   |   505

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་མུའུ་ཨེར་མུའུ་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཟླ4ཚེས1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ཐུང་མུའུ་ཨེར་མུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ནི་ཤེས་རིག་གི་གནའ་བོའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་གལ་ཆེན་བཅས་ཡིན་པས། གཉིས་ཀ་རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས་ཕན་ཚུན་གྱི་གྲུབ་འབྲས་ལེན་པའི་རོགས་ཟླ་བྱེད་པ་དང“འབྲུག་དང་གླང་ཆེན་མཉམ་དུ་ཞབས་བྲོ་འཁྲབ་པ”མངོན་འགྱུར་བྱ་རྒྱུ་ནི་ཕྱོགས་གཉིས་ཀྱི་ཡང་དག་པའི་གདམ་ག་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྦད་དེ་མཐུན་པ་གསལ་སྟོན་བྱས་ཡོད། ཕྱོགས་གཉིས་གྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་ཞི་བདེ་མཉམ་གནས་དང་ཕན་ཚུན་ཡིད་ཆེས་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མཉམ་གནས་ཀྱི་ཐབས་ལམ་མཉམ་ཇུས་བྱས་ཏེ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ངས་སྐུ་ལྕམ་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་། མངའ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་ལས་དོན་གལ་ཆེན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་ཞི་བདེ་དང་ལྷིང་འཇགས་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་བགྲོད་ལམ་བརྒྱུད་དེ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཕུལ་འདོད་ཡོད་ཅེས་ནན་གྱིས་བསྟན།

མུའུ་ཨེར་མུའུ་ཡིས་རྒྱ་གར་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། གོ་ལ་ཧྲིལ་པོའི་མི་འབོར་གྱི་སུམ་ཆའི་གཅིག་ཟིན་ཡོད། བརྟན་ལྷིང་དང་། སྔོན་དཔག་ཐུབ་པ། མཛའ་གྲོགས་བཅས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་ཐུབ། ང་ཚོས་རྒྱ་གར་དང་ཀྲུང་གོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་རྒྱ་གར་གྱི་ཙུང་ལི་མོ་ཏི་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱས། ལི་ཆང་གིས་ཀྲུང་གོའི་ཕྱོགས་གྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ནས། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མངའ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འོས་འཚམ་གང་ལེགས་ཀྱི་མཐའ་མཚམས་གནད་དོན་ཐག་གཅོད་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་ལས་མང་བའི་བདེ་སྐྱིད་བསྩོལ་འདོད་ཡོད་ཅེས་བསྟན།

མོ་ཏིས་རྒྱ་གར་དང་ཀྲུང་གོ་ནི་ཤེས་རིག་གི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། མིའི་རིགས་ཀྱི་ལོ་རྒྱུས་གཏོད་པའི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། མིག་སྔར་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད། རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བྱུང་བ་དེས་འཛམ་གླིང་དར་རྒྱས་བརྟན་ལྷིང་ཡོང་བར་ཕན་པ་ཡོད་པ་མ་ཟད། འཛམ་གླིང་སྣེ་མང་ཅན་མངོན་འགྱུར་ཡོང་བར་ཡང་ཕན་ཐོགས་ཡོད། རྒྱ་གར་དང་ཀྲུང་གོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་འདིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་འཕེལ་རྒྱས་ཀྱི་དུས་མཚམས་སུ་ཁྲིད་རྒྱུ་རེད་ཅེས་བསྟན།


མཉམ་སྤྱོད།